དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

བོད་ལྗོངས་མཁའ་འགྲུལ་གྱིས་ཅི་ནན་ནས་གཞིས་ཀ་རྩེ་བར་གྱི་ཐད་འཕུར་དུས་གཏན་གནམ་གྲུ་ཐོག་མ་གཏོང་འགོ་ཚུགས་པ།

སྤེལ་དུས 2021-04-02 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། པད་མ་རྒྱལ་གྱིས་བསྒྱུར།
           ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། བོད་རང་སྐྱོང་ལྗོངས་ཀྱིས་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་ནས་ལོ62ལོན་པར་རྟེན་འབྲེལ་ཞུ་བའི་དུས་འདིར། བོད་ལྗོངས་མཁའ་འགྲུལ་གྱིས་ཧྲན་ཏུང་བོད་སྐྱོར་ལས་བྱེད་ལྟེ་གནས་ཀྱི་དོ་དམ་ཚོ་ཆུང་དང་མཉམ་འབྲེལ་བྱས་ཏེ་ཧྲན་ཏུང་དང་བོད་ལྗོངས་མི་དམངས་ལ་ལེགས་སྐྱེས་ཆེན་པོ་ཞིག་ཕུལ་བ་སྟེ། ཟླ3པའི་ཚེས29ཉིན་གྱི་ཕྱི་དྲོའི་ཆུ་ཚོད2པར། བོད་ལྗོངས་མཁའ་འགྲུལ་གྱི་འགྲུལ་སྐྱེལ་གནམ་གྲུA319ཞིག་གཞིས་ཀ་རྩེ་ཞི་བདེ་གནམ་ཐང་དུ་དལ་མོར་བབས་ཤིང་། ཅི་ནན་ནས་ཞི་ཨན་བརྒྱུད་དེ་གཞིས་ཀ་རྩེའི་བར་འཕུར་བའི་ཐད་འཕུར་དུས་གཏན་གནམ་གྲུ་ཐོག་མ་བདེ་ལེགས་ངང་འཕུར་སྐྱོད་བྱུང་བ་རེད།

གནམ་གྲུ་གཏོང་བའི་མཛད་སྒོའི་ཡུལ་དངོས།
         “ཐོག་དང་པོར་ཅི་ནན་ནས་གཞིས་ཀ་རྩེ་བར་གྱི་ཐད་འཕུར་གནམ་གྲུར་བསྡད་པ་ཡིན། ངོ་མས་ཧ་ཅང་མགྱོགས་ཤིང་སྟབས་བདེ་རེད། རྗེས་ཕྱོགས་གནམ་གྲུའི་སྤ་སེ་མངག་ཉོ་བྱ་བར་སེམས་ཁྲལ་གཏན་ནས་བྱེད་མི་དགོས། འདི་ང་ཚོ་རྟག་ཏུ་ཧྲན་ཏུང་དང་གཞིས་ཀ་རྩེའི་བར་འགྲོ་འོང་བྱེད་པའི་འགྲུལ་པར་མཚོན་ན། དངོས་གནས་གཏམ་བཟང་ཞིག་རེད”ཅེས་གནམ་གྲུར་ཐོག་མར་འདུག་མཁན་གྱི་འགྲུལ་པ་རྣམས་ཀྱིས་དེ་ལྟར་བཤད།
       གཞིས་ཀ་རྩེ་གྲོང་ཁྱེར་གྱི་འབྲེལ་ཡོད་འགན་ཁུར་མི་སྣས་བཤད་རྒྱུར། ཅི་ནན་དང་གཞིས་ཀ་རྩེའི་བར་ཐད་འཕུར་གནམ་གྲུ་མངོན་འགྱུར་བྱུང་བ་ནི་ཀྲུང་དབྱང་གི་བོད་ལྗོངས་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན་ཁྱོན་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱེད་པའི་གལ་ཆེའི་བྱེད་ཐབས་ཤིག་ཡིན་ཞིང་། དེ་ནི་ཧྲན་ཏུང་བོད་སྐྱོར་ལས་དོན་གྱི་དོན་ཆེན་ཞིག་ཡིན། “ཅི་ནན-ཞི་ཨན-གཞིས་ཀ་རྩེའི་ཐད་འཕུར་གནམ་གྲུའི་མཁའ་ལམ་བདེ་ལེགས་ངང་ཤར་གཏོང་ཐུབ་པ་དེས་ཧྲན་ཏུང་དང་གཞིས་ཀ་རྩེའི་བར་གྱི་འབྲེལ་བ་དེ་བས་དམ་ཟབ་ཏུ་བཏང་སྟེ། ཧྲན་ཏུང་དང་བོད་ལྗོངས་བར་གྱི་དཔལ་འབྱོར་ཉོ་ཚོང་གི་འགྲོ་འོང་དང་རིག་གནས་བརྗེ་རེས་བྱ་བར་སྐུལ་འདེད་ཤུགས་ཆེན་གཏོང་རྒྱུ་རེད”ཅེས་བཤད།

གནམ་གྲུར་བསྡད་ནས་གཞིས་ཀ་རྩེར་སླེབས་པའི་འགྲུལ་བ། 
            ཐོག་མར་འཕུར་བའི་དུས་གཏན་གནམ་གྲུའི་ལས་དོན་མི་སྣས་མཚམས་སྦྱོར་བྱས་དོན། སྔོན་ཆད་ཅི་ནན་ནས་གཞིས་ཀ་རྩེའི་བར་དུས་གཏན་གནམ་གྲུ་ཉུང་བར་མ་ཟད། ལམ་བར་ནས་གནམ་གྲུ་བརྗེ་དགོས་ཤིང་། ཐེངས་འདིར་ཅི་ནན-ཞི་ཨན-གཞིས་ཀ་རྩེའི་ཐད་འཕུར་གནམ་གྲུའི་མཁའ་ལམ་ཤར་གཏོང་ཐུབ་པ་འདིས་གཅིག་ནས་འཕུར་སྐྱོད་ཀྱི་དུས་ཡུན་ཆུ་ཚོད་གཅིག་ལྷག་ཇེ་ཐུང་དུ་བཏང་བ་དང་། གཉིས་ནས་དུས་གཏན་གནམ་གྲུའི་འཕུར་ཐེངས་ཉིན་གཅིག་ལ་ཐེངས་རེ་འཕུར་སྐྱོད་བྱེད་པར་རྒྱུན་སྲུང་བྱས་པ་སྟེ། སྔ་དྲོའི་ཆུ་ཚོད7:50སྟེང་ཅི་ནན་ཡའོ་ཆང་རྒྱལ་སྤྱིའི་གནམ་ཐང་ནས་འཕུར་འགོ་ཚུགས་པ་དང་། ཞི་ཨན་བརྒྱུད་རྗེས་ཕྱི་དྲོའི་ཆུ་ཚོད2:00པར་གཞིས་ཀ་རྩེར་སླེབས་པ་རེད།  ཕྱི་དྲོའི་ཆུ་ཚོད2:40སྟེང་ཕྱིར་འཕུར་འགོ་བརྩམས་པ་དང་།  དགོང་མོའི་ཆུ་ཚོད9:25སྟེང་ཅི་ནན་དུ་སླེབས་ཐུབ།

དུས་གཏན་གནམ་གྲུ་ཕྱིར་ལོག་པའི་རྣམ་པ།
         རྒྱུས་ལོན་བྱུང་བ་ལྟར་ན། ཅི་ནན་ནས་གཞིས་ཀ་རྩེའི་བར་གྱི་ཐད་འཕུར་མཁའ་ལམ་ཤར་གཏོང་ཐུབ་པ་དེ་ནི་ད་ལོའི་ཟླ་དང་པོར་རེ་འདུན་ཞུས་པ་ནས་མཁའ་ལམ་ཐོག་མར་གཏོང་འགོ་ཚུགས་པའི་བར་ཟླ་གཉིས་མ་གཏོགས་མ་འགོར་པ་རེད།
རྩོམ་སྒྲིག་པ། བདེ་སྒྲོལ།