ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

ཤར་རྒྱ་མཚོར་ཉ་གྲུ་ཞིག་ལ་ཆགས་སྒོ་ཆེན་པོ་བྱུང་འདུག

སྤེལ་དུས 2021-10-19 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ།
        ལྷགས་རླུང་གི་ཤུགས་རྐྱེན་ཐེབས་པར་བརྟེན།  ཉེ་བའི་ཉིན་གཉིས་ཀྱི་རིང་ལ་རང་རྒྱལ་གྱི་ཤར་རྒྱ་མཚོའི་མཚོ་ཁོངས་སུ་ལྷགས་པ་ལྡང་ཞིང་མཚོ་རླབས་འཕྱུར། ཚེས16ཉིན་གྱི་མཚན་མོར་ཉ་པའི་མཚོ་གྲུ་ཞིག་མཚོ་ནང་དུ་ནུབ་ནས་མི13ལ་འབྲེལ་བ་ཆད། འགྲིམ་འགྲུལ་སྐྱེལ་འདྲེན་པུའུ་ཡི་ཤར་རྒྱ་མཚོའི་རོགས་སྐྱོབ་ཅུས་ལ་ཉེན་བརྡ་འབྱོར་རྗེས་ཆེད་ལས་རོགས་སྐྱོབ་མི་སྣ་རོགས་སྐྱོབ་བྱེད་པར་མངགས་པ་དང་། མིག་སྔར་མི2བསྐྱབས་ཟིན་ཡང་ད་དུང་མི11ལ་འབྲེལ་བ་ཆད་ཡོད་ལ། འཚོལ་སྐྱོབ་ཀྱི་ལས་དོན་མུ་མཐུད་དུ་སྤེལ་བཞིན་པའི་སྒང་ཡིན།
        ཟླ10པའི་ཚེས16ཉིན་གྱི་མཚན་མོར། རླུང་རླབས་ཀྱི་ཤུགས་རྐྱེན་འོག་ཏུ་འབྲི་ཆུའི་ཁའི་བྱང་ཤར་དང་བར་ཐག་སྤྱི་ལེ120ཙམ་གྱི་སར་ཉ་པའི་མཚོ་གྲུ་ཞིག་མཚོ་ནང་དུ་ནུབ་ནས་མི13ལ་འབྲེལ་བ་ཆད་པ་རེད། འགྲིམ་འགྲུལ་སྐྱེལ་འདྲེན་པུའུ་ཡི་ཤར་རྒྱ་མཚོའི་རོགས་སྐྱོབ་ཅུས་ཀྱིས་འཕྲལ་དུ་རོགས་སྐྱོབ་གྲུ་གཟིངས་མངགས་ནས་དོན་རྐྱེན་བྱུང་སའི་མཚོ་ཁོངས་སུ་འཚོལ་སྐྱོབ་བྱེད་པའི་ལས་དོན་སྤེལ་བ་དང་། ཚེས17ཉིན་གྱི་ཞོགས་པར་རོགས་སྐྱོབ་ཐད་འཕུར་གནམ་གྲུ་འཚོལ་སྐྱོབ་ནང་ཞུགས། ཚེས17ཉིན་གྱི་ཆུ་ཚོད7དང་སྐར་མ40ཡི་སྟེང་དུ། ཤར་རྒྱ་མཚོའི་རོགས་སྐྱོབ་ཅུས་ཀྱི་རོགས་སྐྱོབ་ཐད་འཕུར་གནམ་གྲུB-7356ཡུལ་དངོས་སུ་འབྱོར་བ་དང་། གནམ་གྲུའི་ནང་གི་ལས་དོན་མི་སྣས་ཉ་པའི་མཚོ་གྲུ་རྦད་དེ་ནུབ་ཟིན་པ་ཤེས་རྟོགས་བྱུང་བ་དང་། ཉེ་འགྲམ་མཚོ་ཁོངས་སུ་གྲུ་པ་གཉིས་མཚོ་ཁར་གཡེང་ཡོད་པ་མཐོང་རྗེས། མཚོ་ནང་དུ་ལྷུང་པའི་གྲུ་པ་གཉིས་ཀྱི་གནས་ཡུལ་ཉེ་འགྲམ་དུ་འཚོལ་སྐྱོབ་བྱེད་བཞིན་པའི“ཤར་རྒྱ་མཚོའི་རོགས་སྐྱོབ101”གྲུ་གཟིངས་ལ་བཤད། བཀའ་བརྡ་འབྱོར་རྗེས་སུ“ཤར་རྒྱ་མཚོའི་རོགས་སྐྱོབ101”གྲུ་གཟིངས་འཕྲལ་མར་ཉེན་ཁར་འཕྲད་པའི་མི་དེ་གཉིས་ཀྱི་ཕྱོགས་སུ་སོང་བ་དང་། བྲེལ་བ་ཆེ་བའི་མྱུར་སྐྱོབ་ལས་ཀའི་གོ་རིམ་སྣ་ཚོགས་བརྒྱུད་དེ་རོགས་སྐྱོབ་མི་སྣས་མཚོ་ནང་དུ་ལྷུང་པའི་གྲུ་པ་གཉིས་བསྐྱབས། མིག་སྔར་ད་དུང་མི11ལ་འབྲེལ་བ་ཆད་པ་དང་འཚོལ་སྐྱོབ་ཀྱི་ལས་དོན་བྲེལ་འཚུབ་ཆེ་བའི་སྒོ་ནས་སྤེལ་བཞིན་ཡོད།
རྩོམ་སྒྲིག་པ། སྣང་རྡོར།