ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

བོད་ལྗོངས་ཀྱི་འགོ་ཁྲིད་ལས་བྱེད་པའི་ཚོགས་འདུ་འཚོགས་པ།

སྤེལ་དུས 2021-10-21 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ།
         ཀྲུང་དབྱང་གིས་བློ་མཐུན་ཝང་ཅུན་ཀྲེང་བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཨུ་ཡོན་དང་། རྒྱུན་ཨུ། ཧྲུའུ་ཅི་བཅས་ལ་བསྐོ་གཞག་བྱ་རྒྱུ་དང་། བློ་མཐུན་ཝུའུ་དབྱིང་ཅེས་བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་དང་། རྒྱུན་ཨུ། ཨུ་ཡོན་བཅས་ཀྱི་གོ་གནས་འཁུར་རྒྱུ་མིན་པའི་གཏན་འབེབས་གནང་བ།
         ཟླ་10ཚེས་19ཉིན་གྱི་སྔ་དྲོ། ལྗོངས་ཡོངས་ཀྱི་འགོ་ཁྲིད་ལས་བྱེད་པའི་ཚོགས་འདུ་འཚོགས་ནས་ཀྲུང་དབྱང་གི་གཏན་འབེབས་ཏེ། བློ་མཐུན་ཝང་ཅུན་ཀྲེང་བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཨུ་ཡོན་དང་། རྒྱུན་ཨུ། ཧྲུའུ་ཅི་བཅས་ལ་བསྐོ་གཞག་བྱ་རྒྱུ་དང་། བློ་མཐུན་ཝུའུ་དབྱིང་ཅེས་བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་དང་། རྒྱུན་ཨུ། ཨུ་ཡོན་བཅས་ཀྱི་གོ་གནས་འཁུར་རྒྱུ་མིན་པའི་ཁྱབ་བསྒྲགས་གནང་ཞིང་། འདི་ནི་ཝང་ཅུན་ཀྲེང་དང་ཝུའུ་དབྱིང་ཅེ་བྱམས་བརྩེའི་ངང་ཕྱག་གཏོང་བཞིན་པ། 
         ཟླ་10ཚེས་19ཉིན་གྱི་སྔ་དྲོ། ལྗོངས་ཡོངས་ཀྱི་འགོ་ཁྲིད་ལས་བྱེད་པའི་ཚོགས་འདུ་འཚོགས་ནས་ཀྲུང་དབྱང་གི་གཏན་འབེབས་ཏེ། བློ་མཐུན་ཝང་ཅུན་ཀྲེང་བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཨུ་ཡོན་དང་། རྒྱུན་ཨུ། ཧྲུའུ་ཅི་བཅས་ལ་བསྐོ་གཞག་བྱ་རྒྱུ་དང་། བློ་མཐུན་ཝུའུ་དབྱིང་ཅེས་བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་དང་། རྒྱུན་ཨུ། ཨུ་ཡོན་བཅས་ཀྱི་གོ་གནས་འཁུར་རྒྱུ་མིན་པའི་ཁྱབ་བསྒྲགས་གནང་ཞིང་། འདི་ནི་ཚོགས་ཆེན་གྱི་ཀྲུའུ་ཞི་སྡིངས་ཆ་ཡིན་པ། 
         ཚེས་19ཉིན་གྱི་སྔ་དྲོ། ལྗོངས་ཡོངས་ཀྱི་འགོ་ཁྲིད་ལས་བྱེད་པའི་ཚོགས་འདུ་འཚོགས་ཤིང་། ཀྲུང་དབྱང་རྩ་འཛུགས་པུའུ་ཡི་པུའུ་ཀྲང་གཞོན་པ་ཙེང་དབྱི་ཁྲུན་ཚོགས་འདུར་ཞུགས་ནས་ཀྲུང་དབྱང་གི་གཏན་འབེབས་ཏེ། བློ་མཐུན་ཝང་ཅུན་ཀྲེང་བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཨུ་ཡོན་དང་། རྒྱུན་ཨུ། ཧྲུའུ་ཅི་བཅས་ལ་བསྐོ་གཞག་བྱ་རྒྱུ་དང་། བློ་མཐུན་ཝུའུ་དབྱིང་ཅེས་བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་དང་། རྒྱུན་ཨུ། ཨུ་ཡོན་བཅས་ཀྱི་གོ་གནས་འཁུར་རྒྱུ་མིན་པའི་ཁྱབ་བསྒྲགས་གནང་བ་རེད།
         ཝུའུ་དབྱིང་ཅེས་ཚོགས་འདུ་གཙོ་སྐྱོང་གནང་ནས་གསུང་བཤད་གནང་བ་དང་། ཝང་ཅུན་ཀྲེང་གིས་གསུང་བཤད་གནང་བ་རེད།
         འཕགས་པ་ལྷ་དགེ་ལེགས་རྣམ་རྒྱལ་དང་། བློ་བཟང་རྒྱལ་མཚན། ཡན་ཅིན་ཧའེ། ཀྲོང་ཡན། ཁྲེན་ཡུང་ཆི་བཅས་ཚོགས་འདུར་ཞུགས་པ་རེད།
         ཝུའུ་དབྱིང་ཅེས་གསུང་བཤད་གནང་སྐབས། ད་ཐེངས་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་འགན་འཁུར་བློ་མཐུན་གཙོ་བོའི་གོ་གནས་ལེགས་སྒྲིག་བྱས་པ་དེ་ཐོག་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གིས་བོད་ཀྱི་ལས་དོན་དང་བོད་ཀྱི་འགོ་ཁྲིད་ཚན་ཁག་འཛུགས་སྐྱོང་ལ་ཚད་མཐོའི་མཐོང་ཆེན་གནང་ལུགས་དང་བོད་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ལ་བྱམས་བརྩེའི་ཐུགས་ཁུར་གནང་ལུགས་གང་ལེགས་མཚོན་ཡོད་ལ། བོད་ཀྱི་ལས་དོན་ལ་ཁས་ལེན་གང་ལེགས་གནང་བ་དང་། ལྗོངས་ཡོངས་ཀྱི་རིམ་ཁག་ཏང་རྩ་འཛུགས་དང་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ལ་ཁས་ལེན་གང་ལེགས་གནང་བ་ཞིག་ཀྱང་རེད། ངས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གི་གཏན་འབེབས་ལ་བརྩི་སྲུང་མཐའ་གཅིག་ཏུ་ཞུ་རྒྱུ་ཡིན་ཞེས་གསུངས་པ་རེད།
         ཝུའུ་དབྱིང་ཅེས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གི་ཐུགས་ཁུར་བྱམས་སྐྱོང་དང་། གསོ་སྐྱོང་དང་སློབ་གསོ། ཚད་མཐོའི་ཡིད་ཆེས་བཅས་ཀྱི་འོག ངས་2016ལོའི་ཟླ་8པར་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅིའི་འགན་ཁུར་ཏེ། ཐོག་མཐའ་བར་གསུམ་དུ་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་བཀའ་དྲིན་བློ་ལ་འཆང་བ་དང་། སྤྱི་ཁྱབ་ཧྲུའུ་ཅིའི་བཀའ་མངགས་ཟབ་མོ་བློ་ལ་བརྟན་པོར་ངེས་ཏེ། “འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱེད་པ་དང་། ཆབ་སྲིད་ཀྱི་བརྡར་ཤ་གཅོད་ནུས་དང་། ཆབ་སྲིད་ཀྱི་གོ་རྟོགས་སད་ནུས། ཆབ་སྲིད་ཀྱི་ལག་བསྟར་བྱེད་ནུས་བཅས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ། བྱ་བ་གང་ཞིག་ཡིན་རུང་ཆབ་སྲིད་ནས་བསམ་བློ་གཏོང་བ་དང་། སྤྱི་ཡོངས་ལ་གཞི་ཚུགས་པ། ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བ། འགན་འཁུར་ཕོད་པ་དང་དཀའ་སྤྱད་འབད་བརྩོན་གྱིས་གཞུང་དོན་སྒྲུབ་པ། ཤུགས་སྣོན་ཆད་མེད་དང་སྙིང་རུས་གཏན་འཁྱོངས་བྱེད་པ། རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་དང་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་དང་དཀའ་སྤྱད་འབད་བརྩོན་བྱེད་པ། ཏང་གི་བཀའ་དྲིན་ཚོར་བ་དང་བོད་ཀྱི་མི་རིགས་ཁག་གི་མི་དམངས་ལ་བཅངས་པའི་བརྩེ་བ་ཟབ་མོ་དེ་ཏང་གི་སེམས་ཁྲལ་སེལ་བ་དང་། རྒྱལ་ཁབ་ཀྱི་དོན་དུ་རང་འགན་གཙང་སྒྲུབ་བྱེད་པ། མི་དམངས་ལ་ལེགས་སྐྱེས་འབུལ་བ་བཅས་ཀྱི་འཛད་མཐའ་མེད་པའི་སྒུལ་ཤུགས་སུ་གྱུར་བར་བྱས་ཏེ་བྱ་སྤྱོད་དངོས་ལ་བརྟེན་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་ལ་ལྷག་བསམ་རྣམ་དག་མཐའ་གཅིག་ཏུ་བྱེད་པ་ལག་ལེན་ཐོག་འཁྱོལ་བ་བྱས་ཡོད་ཅེས་གསུངས་པ་རེད།
         ཝུའུ་དབྱིང་ཅེས། ང་རང་མཚོ་བོད་ས་མཐོར་འཚོ་བ་བསྐྱལ་ནས་ལོ་60ལྷག་ཙམ་སོང་བ་དང་ལས་ཀ་བྱས་ནས་ལོ་47འགྲོ་གི་འདུག དེའི་རིང་བོད་ཀྱི་ས་ཕྱོགས་གང་སར་བསྐྱོད་མྱོང་ཡོད་ལ། ཏང་གི་འགོ་ཁྲིད་འོག་བོད་ལ་དུས་ཐུང་ལོ་བཅུ་ཕྲག་ནང་ལོ་ངོ་སྟོང་གི་མཆོང་སྐྱོད་བྱུང་བའི་མི་ཡུལ་གྱི་ངོ་མཚར་རང་ངོ་མས་མིག་མཐོང་ལག་ཟིན་བྱུང་། བོད་ཀྱི་ས་རྒྱུ་གཤིན་པོས་ང་རང་བསྐྱངས་པ་དང་གསོ་སྐྱོང་བྱས་བྱུང་། བོད་ནི་ནམ་ཡང་ངའི་ཁྱིམ་ཡིན་ལ་བོད་ཀྱི་མི་དམངས་ནི་ནམ་ཡང་ངའི་གཉེན་ཉེ་ཡིན། ང་འདི་གར་འཚོ་བ་སྐྱེལ་བ་དང་། ལས་ཀ་བྱེད་པ། འཚར་ལོངས་བྱུང་བ་དེ་བདེ་སྐྱིད་ཡིན་སྙམ་གྱི་འདུག མི་ཚེའི་ཆེས་རྩ་ཆེའི་ལང་ཚོ་འདི་གར་ལེགས་སྐྱེས་འབུལ་རྒྱུ་བྱུང་བར་སྤོབས་པ་ཚད་མེད་སྐྱེ་གི་འདུག བློ་མཐུན་ཚོ་དང་མཉམ་དུ་འདི་གར་ལས་སྒྲུབ་དང་། མཉམ་དུ་འབད་འཐབ། མཉམ་དུ་གྲུབ་འབྲས་ཐོབ་པ་དེ་གཟི་བརྗིད་ཡིན་སྙམ་གྱི་འདུག བོད་དུ་ལས་ཀ་བྱེད་པ་དང་འཚོ་བ་སྐྱེལ་བའི་གནས་ཚུལ་དང་། ཚང་མ་དང་མཉམ་དུ་བཀའ་མངགས་བློ་ལ་བརྟན་པོར་ངེས་པ་དང་དྲིན་ཚོར་འབད་འབུངས་བྱེད་པའི་བརྗེད་པར་དཀའ་བའི་ལོ་ཟླར་ཕྱིར་མིག་ལྟ་སྐབས་གནས་ཚུལ་མང་པོ་ཞིག་མིག་ལམ་དུ་མངོན་སུམ་ལྟར་འཆར་བ་དང་འདས་དོན་མང་པོ་ཞིག་ཡིད་ལ་ཝ་ལེར་འཆར་བས་སེམས་འགུལ་ཚད་མེད་ཐེབས་ཀྱི་འདུག་ལ། ཞེན་ཆགས་ཀྱང་ཚད་མེད་སྐྱེ་ཡི་འདུག ངས་ཚན་ཁག་ཁག་གི་ཁོངས་མི་དང་། འགོ་ཁྲིད་རྒན་གྲས། བློ་མཐུན་རྒན་གྲས་བཅས་ཀྱིས་རྒྱབ་སྐྱོར་དང་རོགས་རམ་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ངས་ལྗོངས་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་དང་། རྒྱ་ཆེའི་ཏང་ཡོན་ལས་བྱེད་པ། བོད་སྡོད་དཔུང་སྡེའི་དཔོན་དམག་བཅས་ཀྱིས་འགན་འཁྲི་འཁུར་བ་དང་བྱས་རྗེས་བཞག་པར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ངས་མི་རིགས་ཁག་གི་མང་ཚོགས་ཀྱི་ལས་ལ་བརྩོན་ཞིང་སེམས་པ་བཟང་བའི་གཤིས་རྒྱུད་དེ་དག་སེམས་དབུས་སུ་ཉར་ཡོད་ཅེས་གསུངས་པ་རེད།
         ཝུའུ་དབྱིང་ཅེས། ད་ཆའི་བོད་འདི་ཉིད་དཔའ་ངར་ཆེར་བསྐྱེད་ཀྱིས་ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་འཛུགས་སྐྲུན་བྱེད་པའི་རྒྱང་སྐྱོད་ཀྱི་ལམ་བུ་གསར་པར་སྐྱོད་བཞིན་ཡོད། བློ་མཐུན་ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅིའི་འགན་བཞེས་པར་ངས་སྙིང་དབུས་ནས་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་བློ་མཐུན་ཝང་ཅུན་ཀྲེང་གིས་པན་ཀྲང་གནང་བའི་རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ལ་མཐུན་སྒྲིལ་སྣེ་ཁྲིད་ཀྱིས་འགན་འཁྲི་འཁུར་ཕོད་པ་དང་རང་འགུལ་ངང་བྱས་རྗེས་བཞག་ནས་དུས་རབས་གསར་པའི་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་རྒྱུན་ཆད་མེད་པར་གཏོད་ཐུབ་ངེས་ཡིན་པ་དང་། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་དང་བློ་མཐུན་ཝང་ཅུན་ཀྲེང་གིས་པན་ཀྲང་གནང་བའི་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་སྣེ་ཁྲིད་འོག་བོད་ཀྱི་འབྱུང་འགྱུར་དེ་བས་མཛེས་སྡུག་ལྡན་པ་ཞིག་དང་བོད་ཀྱི་མི་དམངས་དེ་བས་བདེ་སྐྱིད་ལྡན་པ་ཞིག་ཡོང་ངེས་ཡིན་པ་ང་ལ་ཡིད་ཆེས་བརྟན་པོ་ཡོད་ཅེས་གསུངས་པ་རེད།
         ཝང་ཅུན་ཀྲེང་གིས་གསུང་བཤད་གནང་སྐབས། ཀྲུང་དབྱང་གིས་ང་རང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅིའི་འགན་འཁུར་རྒྱུའི་གཏན་འབེབས་གནང་བ་དང་ངས་ཀྲུང་དབྱང་གི་གཏན་འབེབས་ལ་མཐའ་གཅིག་ཏུ་བརྩི་བཀུར་དང་རྦད་དེ་གོང་བཀུར་ཞུ་རྒྱུ་ཡིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གིས་ཡིད་ཆེས་དང་གཅེས་སྐྱོང་ཟབ་མོ་གནང་བར་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་དང་བོད་མི་དམངས་ལ་ཞབས་འདེགས་ཞུ་བའི་གོ་སྐབས་བྱུང་བར་ཧ་ཅང་དགའ་པོ་བྱུང་། ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་100འཁོར་བ་དང་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70འཁོར་བར་རྟེན་འབྲེལ་ཞུ་བའི་སྐབས་དང་། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་རྒྱང་སྐྱོད་ཀྱི་ལམ་བུ་གསར་པར་སྐྱོད་པའི་དུས་སྐབས་གལ་ཆེན་འདིར་ཀྲུང་དབྱང་གིས་ང་རང་བོད་དུ་ལས་ཀ་བྱེད་པར་བཀོད་སྒྲིག་གནང་བས་ངའི་ལས་འགན་གཟི་བརྗིད་ལྡན་པ་དང་འགན་འཁྲི་ལྕི་པོ་ཡིན་པ་གཏིང་ཟབ་ཚོར་བྱུང་། དེས་ན་ངས་རང་འགན་གཙང་སྒྲུབ་དང་དཀའ་སྤྱད་སྙིང་རུས་བྱས་ཚེ་གཞི་ནས་འགན་འཁྲིར་ངོ་གནོང་མི་དགོས་པ་དང་། མངགས་བཅོལ་ཟབ་མོ་ཆུད་ཟོས་སུ་མི་གཏོང་བ། མི་དམངས་ཀྱི་རེ་བ་སྟོང་ཟད་དུ་མི་གཏོང་བ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གི་ཡིད་ཆེས་ཆུད་ཟོས་སུ་མི་གཏོང་བ་བཅས་བྱེད་ཐུབ་ཅེས་གསུངས་པ་རེད།
         ཝང་ཅུན་ཀྲེང་གིས། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་དང་རྒྱལ་ཡོངས་མི་དམངས་ཀྱི་ཤུགས་ཆེའི་རྒྱབ་སྐྱོར་འོག་བློ་མཐུན་ཝུའུ་དབྱིང་ཅེས་པན་ཀྲང་གནང་བའི་རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་ཀྱིས་བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་དང་བོད་དུ་གཟིགས་ཞིབ་གནང་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ལ་མཐུན་སྒྲིལ་སྣེ་ཁྲིད་བྱས་ནས་བརྟན་ལྷིང་དང་། འཕེལ་རྒྱས། སྐྱེ་ཁམས། མཐའ་སྟོབས་བཅས“དོན་ཆེན་བཞི”ལ་དམིགས་ཏེ་དུས་ཡུན་རིང་པོར་ཐག་གཅོད་བྱེད་དགོས་བསམས་ཀྱང་བྱེད་མ་ཐུབ་པའི་དཀའ་གནད་མང་པོ་ཐག་གཅོད་བྱས་པ་དང་དེ་སྔ་སྒྲུབ་དགོས་བསམས་ཀྱང་སྒྲུབ་མ་ཐུབ་པའི་དོན་ཆེན་མང་པོ་བསྒྲུབས་པས་བྱ་གཞག་ཁག་ཕྱོགས་ཡོངས་ནས་ཡར་རྒྱས་བྱུང་བ་དང་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་ཡོད་ཅེས་གསུངས་པ་རེད།
         ཝང་ཅུན་ཀྲེང་གིས། བོད་ནི་རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་ཡོལ་དང་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་གལ་ཆེན་ཞིག་རེད། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་ཐོག་མཐའ་བར་གསུམ་དུ་བོད་ཀྱི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་དང་བོད་ཀྱི་མི་རིགས་ཁག་གི་མི་དམངས་ལ་བྱམས་བརྩེའི་ཐུགས་ཁུར་གནང་བ་དང་། ལྷག་པར་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སྐུ་ངོ་མས་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70འཁོར་བའི་སྐབས་སུ་རང་ལྗོངས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཁ་བསྒྱུར་ཕྱོགས་སྟོན་དང་ཁ་ཕྱོགས་གསལ་སྟོན་གནང་བས་ལྗོངས་ཡོངས་ཀྱི་གོང་འོག་ཚང་མའི་ཡིད་ཆེས་དང་ཆོད་སེམས་སྔར་བས་བརྟན་དུ་སོང་ཡོད། ང་ཚོས་ཐོག་མཐའ་བར་གསུམ་དུ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་རླབས་ཆེན་དར་ཆ་མཐོར་པོར་སྒྲེང་བ་དང་། བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་དེ་ལས་དོན་གྱི“རྩ་འཛིན”དང“བླ་སྲོག”ཏུ་བརྩི་བ་དང་བོད་ཀྱི་ལས་དོན་ཡག་པོ་སྒྲུབ་པའི་རྩ་བའི་གཞི་འཛིན་སར་བརྩིས་ཏེ་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པ་དང་བདུན་པ་དང་ཀྲུང་དབྱང་གི་མི་རིགས་ལས་དོན་ཚོགས་འདུའི་དགོངས་དོན་དང་ལྷག་པར་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་སྤྱི་ཁྱབ་ཧྲུའུ་ཅིས་གསལ་སྟོན་གནང་བའི་མདུན་སྐྱོད་ཀྱི་ཁ་ཕྱོགས་སུ་བསྐྱོད་དེ་འགན་འཁྲི་ཤེས་པ་དང་། རང་འགན་འཁུར་བ། འགན་འཁྲི་ལག་བསྟར་བཅས་བྱེད་པ་དང་། “དོན་ཆེན་བཞི”ལ་དམ་འཛིན་ལྷོད་མེད་བྱེད་པ། “ལས་འགན་ཆེན་པོ་བརྒྱད”ལེགས་སྒྲུབ་བྱེད་པ། “འགན་ལེན་བཞི”མངོན་འགྱུར་ཡོང་བ་བྱེད་པ། དུས་རབས་གསར་པའི་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་མཐུད་རྒྱུག་འགྲན་བསྡུར་ཡག་པོ་བྱེད་པ་བཅས་བྱས་ཏེ་མུ་མཐུད་མཛེས་སྡུག་དང་བདེ་སྐྱིད་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་དང་བསྐྱར་དར་རླབས་པོ་ཆེའི་ཕུགས་འདུན་མཉམ་དུ་མངོན་འགྱུར་བྱེད་པའི་ལེའུ་གསར་པ་ཡག་པོ་རྩོམ་དགོས་ཞེས་གསུངས་པ་སྟེ།
         གཅིག་ནས་དར་ཆ་གསལ་སྟོན་གྱིས་ཆབ་སྲིད་ལ་སྣང་ཆེན་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ་བློ་བརྟན་འགྱུར་མེད་ངང“སྲུང་སྐྱོང་གཉིས”ཐུབ་པ་བྱེད་དགོས་ཤིང་། “སྲུང་སྐྱོང་གཉིས”ཐུབ་པ་མཐའ་འཁྱོངས་བྱ་རྒྱུ་དེ་ཆེས་མཐོའི་ཆབ་སྲིད་ཀྱི་རྩ་དོན་དང་རྩ་བའི་ཆབ་སྲིད་ཀྱི་སྒྲིག་ལམ་ལ་བརྩིས་ནས“འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱས་ཏེ་ཐོག་མཐའ་བར་གསུམ་དུ་བསམ་བློ་དང་། ཆབ་སྲིད། བྱ་སྤྱོད་བཅས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་ཡོང་བ་བྱེད་དགོས། ཏང་གི་འགོ་ཁྲིད་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་རྒྱག་པ་དང་། “སྤྱི་ཡོངས་གཉིས”བློ་ལ་བརྟན་པོར་ངེས་པ། “རྒྱལ་ཁབ་ཀྱི་དོན་ཆེན”བློ་ལ་བརྟན་པོར་བཅངས་ཏེ་བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་བློ་བརྟན་འགྱུར་མེད་ངང་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱེད་དགོས།
         གཉིས་ནས་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཕྱོགས་ཡོངས་ནས་ལག་བསྟར་བྱ་རྒྱུ་མཐའ་འཁྱོངས་དང་། བློ་བརྟན་འགྱུར་མེད་ངང་སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་། མི་རིགས་མཐུན་སྒྲིལ་སྲ་བརྟན་དང་འཕེལ་རྒྱས་གཏོང་བ། ཆོས་ལུགས་ལས་དོན་དོ་དམ་ལ་ཁྲིམས་ལྟར་ཤུགས་སྣོན་རྒྱག་པ་བཅས་བྱེད་དགོས་ཤིང་། ཏང་དང་རྒྱལ་ཁབ་ཀྱི་ལས་དོན་སྤྱི་ཡོངས་ཁྲོད་ཀྱི་བོད་ཀྱི་ལས་དོན་གྱི་དམིགས་བསལ་དང་གལ་ཆེའི་རང་བཞིན་ཁོང་དུ་ཡང་དག་ཆུད་པ་དང་། སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ལྟ་བ་བརྟན་པོ་འཛུགས་པ། སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་སྲུང་སྐྱོང་བྱ་རྒྱུ་དེ་ལྡོག་མེད་ཀྱི་ལས་འགན་དང་འགན་འཁྲི་གཙོ་བོར་བརྩི་བ། ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་གཏིང་ཟབ་སྤེལ་བ། ཉེན་ཁ་སྣ་ཚོགས་སྔོན་འགོག་དང་སེལ་ཐབས་ཧུར་ཐག་བྱེད་པ། མཐའ་མཚམས་ས་ཁུལ་འཛུགས་སྐྲུན་ལ་མུ་མཐུད་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ་རྒྱལ་ཁབ་བདེ་འཇགས་དང་ཡུན་རིང་བདེ་འཁོད་འགན་ལེན་དང་མཐའ་སྲུང་སྲ་བརྟན་དང་མཐའ་མཚམས་བདེ་འཇགས་འགན་ལེན་བྱེད་དགོས། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་དུ་གཏོང་བ་གཙོ་རྐང་དུ་བྱ་རྒྱུ་མཐའ་འཁྱོངས་ཀྱིས་ཏང་གི་མི་རིགས་སྲིད་ཇུས་བློ་བརྟན་འགྱུར་མེད་ངང་ལག་བསྟར་དོན་འཁྱོལ་བྱས་ཏེ་མི་རིགས་ཁག་འགྲོ་འོང་རྒྱ་ཁྱབ་དང་། ཁྱོན་ཡོངས་སྤེལ་རེས། མཉམ་འདྲེས་གཏིང་ཟབ་བཅས་ལ་སྐུལ་འདེད་གཏོང་དགོས། ཏང་གི་ཆོས་ལུགས་ལས་དོན་གྱི་གཞི་རྩའི་མཛད་ཕྱོགས་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ་དང་། ཆོས་ལུགས་ལས་དོན་དོ་དམ་ལ་ཁྲིམས་ལྟར་ཤུགས་སྣོན་རྒྱག་པ། བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་ལ་བློ་བརྟན་འགྱུར་མེད་ངང་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་བོད་བརྒྱུད་ནང་བསྟན་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་མཐུན་ཡོང་བར་ཁྲིད་སྟོན་བྱེད་དགོས།
         གསུམ་ནས་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་བྱས་ཏེ་བློ་བརྟན་འགྱུར་མེད་ངང་དམངས་འཚོ་འགན་ལེན་དང་ལེགས་སུ་གཏོང་དགོས་ཤིང་། བློ་གཅིག་སེམས་གཅིག་གིས་མི་དམངས་ལ་ཞབས་འདེགས་ཞུ་བའི་རྩ་བའི་དམིགས་ཡུལ་མཐའ་འཁྱོངས་བྱེད་པ་དང་། ཏང་གི་མང་ཚོགས་ལམ་ཕྱོགས་རང་རྟོགས་ངང་ལག་བསྟར་བྱེད་པ། དུས་དང་རྣམ་པ་ཀུན་ཏུ་མི་དམངས་སེམས་ལ་འཇོག་པ། མང་ཚོགས་ཉེ་འགྲམ་གྱི་དོན་ཆུང་དེ་ཏང་ཨུད་དང་སྲིད་གཞུང་གི་དོན་ཆེན་ལ་བརྩིས་ནས་དམ་འཛིན་བྱེད་པ། དམངས་ཀྱི་ཁེ་ཕན་མང་ཙམ་སྒྲུབ་པ་དང་དམངས་ཀྱི་སེམས་ཁྲལ་མང་ཙམ་སེལ་བ་བཅས་བྱས་ནས་མི་རྣམས་ཀྱི་འཚོ་བའི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་འགྲོ་བའི་འགན་ལེན་བྱེད་དགོས། མི་དམངས་ཀྱི་ཁེ་ཕན་ཐམས་ཅད་ལས་ལྷག་པ་མཐའ་འཁྱོངས་བྱས་ཏེ་ཐབས་བརྒྱ་ཇུས་སྟོང་གིས་མི་རིགས་ཁག་གི་མང་ཚོགས་ཀྱིས་དོ་སྣང་ཆེ་ཤོས་བྱེད་པ་དང་། མང་ཚོགས་དང་ཐད་ཀར་འབྲེལ་བ་ཆེ་ཤོས་ཡོད་པ། མང་ཚོགས་ལ་འཕྲལ་མཁོ་ཆེ་ཤོས་ཡིན་པ་བཅས་ཀྱི་དམངས་འཚོའི་གནད་དོན་ཐག་གཅོད་ཡག་པོ་བྱས་ནས་མི་རིགས་ཁག་གི་མང་ཚོགས་ཀྱི་འཚོ་བ་ཇི་ཙམ་བསྐྱལ་བ་དེ་ཙམ་གྱིས་ལེགས་སུ་འགྲོ་བ་དང་། ཇི་ཙམ་བསྐྱལ་བ་དེ་ཙམ་གྱིས་མཛེས་སྡུག་ལྡན་པ། ཇི་ཙམ་བསྐྱལ་བ་དེ་ཙམ་གྱིས་ཡར་རྒྱས་འགྲོ་བ། ཇི་ཙམ་བསྐྱལ་བ་དེ་ཙམ་གྱིས་སྤྲོ་སྣང་ལྡན་པ་བཅས་ཡོང་བ་བྱེད་དགོས།
         བཞི་ནས“ཚང་དགོས་པ་བཞི་དང་ཕན་འདོགས་པ་གཅིག”གི་བླང་བྱ་དོན་འཁྱོལ་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་བློ་བརྟན་འགྱུར་མེད་ངང་སྐུལ་འདེད་གཏོང་དགོས་ཤིང་། དུས་བབ་གསར་པ་དང་ལས་འགན་གསར་པར་སྟངས་འཛིན་གཏིང་ཟབ་བྱེད་པ་དང་། འཕེལ་རྒྱས་ཀྱི་དུས་མཚམས་གསར་པར་གཞི་ཚུགས་པ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་བ་དང་། གནད་ལ་འཁེལ་བ། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་ལག་བསྟར་བྱེད་པ། འཕེལ་རྒྱས་ཀྱི་བཀོད་པ་གསར་པར་ཞབས་འདེགས་ཞུ་བ་དང་དེའི་ནང་མཉམ་འདྲེས་བྱེད་པ། བརྟན་ཐོག་ཡར་འཕེལ་གྱི་ལས་ཀའི་རྩ་བའི་དགོངས་གཞི་མཐའ་འཁྱོངས་བྱེད་པ། བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དོན་དངོས་ནས་འགོ་འཛུགས་པ། རང་འགན་གཙང་སྒྲུབ་བྱེད་པ། ལས་དོན་ཧུར་ཐག་དང་རང་འགུལ་ངང་ཡག་པོ་སྒྲུབ་པ་བཅས་བྱས་ཏེ་བོད་ཀྱི་དོན་དངོས་དང་འཚམ་པའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་ཧུར་ཐག་སྐྱོད་དགོས། “རི་སྔོན་ཆུ་དྭངས་གསེར་དངུལ་རི་ལས་ལྷག གངས་རི་འཁྱགས་ཀླུང་ཡིན་ཡང་གསེར་དངུལ་རིའི”འདུ་ཤེས་བརྟན་པོ་བཙུགས་ཏེ་སྐྱེ་ཁམས་སྔོན་ལ་འཇོག་པ་དང་ལྗང་མདོག་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་བློ་བརྟན་འགྱུར་མེད་ངང་བསྐྱོད་ནས་སྐྱེ་ཁམས་ཁོར་ཡུག་བཟང་པོ་ཡོང་བའི་འགན་ལེན་བྱེད་པ་དང་མཚོ་བོད་ས་མཐོ་འདི་ཉིད་རྒྱལ་ཡོངས་དང་ཐ་ན་རྒྱལ་སྤྱིའི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་ཞིག་ལ་ཧུར་ཐག་གཏོད་དགོས།
         ལྔ་ནས་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུ་མཐའ་འཁྱོངས་བྱས་ཏེ་བློ་བརྟན་འགྱུར་མེད་ངང་ལྷག་བསམ་རྣམ་དག་དང་། སྤྱོད་གཙང་། འགན་འཁུར་ཐུབ་མཁན་བཅས་བྱེད་དགོས་ཤིང་། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་འགན་འཁྲི་མཐའ་གཅིག་ཏུ་འཁུར་བ་དང་། ཏང་འཛུགས་སྐྱོང་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་རྒྱག་པ། ཆབ་སྲིད་ཀྱི་སྒྲིག་ཁྲིམས་དང་ཆབ་སྲིད་ཀྱི་སྒྲིག་ལམ་ནན་པོ་སྲུང་བ། ཏང་གཤིས་ཀྱི་རྩ་དོན་ལ་ནན་པོར་གཞིགས་ནས་ལས་དོན་སྒྲུབ་པ། དམངས་གཙོ་གཅིག་སྡུད་ལམ་ལུགས་ཀྱི་རྩ་དོན་ལག་བསྟར་ནན་པོ་བྱེད་པ་བཅས་བྱས་ཏེ་ལྷག་བསམ་རྣམ་དག་དང་། སྤྱོད་གཙང་། འགན་འཁུར་ཐུབ་མཁན་བཅས་ཀྱི་ལས་བྱེད་པའི་དཔུང་ཁག་ཅིག་ཧུར་ཐག་གཏོད་དགོས། རང་དཔེ་གཞན་སྟོན་དང་མིག་དཔེ་བཟང་པོ་སྟོན་པ་དང་། སྣེ་འཁྲིད་དེ་སྤྱོད་གཙང་རང་གཅུན་དང་ཁྲིམས་ལྟར་ལས་དོན་སྒྲུབ་དགོས།
         ཝང་ཅུན་ཀྲེང་གིས། དེ་རིང་ནས་བཟུང་ང་རང་བོད་ཀྱི་མི་ཞིག་ཡིན། ངས་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་འགོ་ཁྲིད་ཚན་ཁག་དང་རང་སྐྱོང་ལྗོངས་ཀྱི་རིམ་ཁག་འགོ་ཁྲིད་ཚན་ཁག་གི་ཁོངས་མི་དང་མཉམ་དུ་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་སྐབས་རིམ་བྱུང་གི་ལྗོངས་ཏང་ཨུད་ཀྱི་སྲོལ་རྒྱུན་བཟང་པོ་རྒྱུན་འཛིན་དང་དར་སྤེལ་གཏོང་བ་དང་།“བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས”དང་། “ལམ་གཉིས”ཀྱི་སྙིང་སྟོབས། ཁུང་ཧྥན་སེན་གྱི་སྙིང་སྟོབས། མཚོ་བོད་ལྕགས་ལམ་གྱི་སྙིང་སྟོབས། བོད་སྐྱོར་གྱི་སྙིང་སྟོབས་བཅས་དར་སྤེལ་ཤུགས་ཆེན་གཏོང་བ། ལྗོངས་ཡོངས་ཀྱི་རྒྱ་ཆེའི་ལས་བྱེད་པ་དང་མི་རིགས་ཁག་གི་མི་དམངས་ལ་དམ་པོར་བརྟེན་པ། དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་བློ་བརྟན་འགྱུར་མེད་ངང་ལག་བསྟར་དོན་འཁྱོལ་ཡག་པོ་བྱེད་པ་བཅས་བྱས་ནས། བོད་འདི་ཉིད་དེ་བས་མཛེས་སྡུག་ལྡན་པ་ཞིག་ལ་འཛུགས་སྐྲུན་ཧུར་ཐག་བྱ་རྒྱུ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གིས་ང་ཚོར་སྤྲད་གནང་བའི་གཟི་བརྗིད་ལྡན་པའི་ལས་འགན་གྲུབ་འབྲས་ཐོབ་པའི་ངང་ལེགས་སྒྲུབ་བྱ་རྒྱུ་ཡིན། ལྗོངས་ཡོངས་ཀྱི་རིམ་ཁག་ཏང་རྩ་འཛུགས་དང་འགོ་ཁྲིད་ལས་བྱེད་པས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་དེ་བས་མཐུན་སྒྲིལ་དམ་ཟབ་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་ཀྱི་ལས་དོན་ཐད་གནང་བའི་མཛུབ་སྟོན་དང་བླང་བྱ་བློ་ལ་བརྟན་པོར་ངེས་པ། བྱ་སྤྱོད་དངོས་ལ་བརྟེན་ནས་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་དོན་འཁྱོལ་ཡག་པོ་བྱེད་པ་བཅས་ཀྱི་ཐོག་ནས་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་བྱེད་པ་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱ་ཆེད་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་དགོས་ཞེས་གསུངས་པ་རེད།
རྩོམ་སྒྲིག་པ། སངས་སྐྱབས།