ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

བོད་ལྗོངས་མཁའ་འགྲུལ་གྱི་གནམ་གྲུ་ཞིག་ལ་མེ་སྐྱོན་བྱུང་འདུག

སྤེལ་དུས 2022-05-12 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ།

          ཟླ5པའི་ཚེས12ཉིན་གྱི་ཆུ་ཚོད8དང་སྐར་མ9ཡི་སྟེང་། བོད་ལྗོངས་མཁའ་འགྲུལ་གྱི་གནམ་གྲུTV9833ཁྲུང་ཆིང་ཅང་པེ་རྒྱལ་སྤྱིའི་གནམ་ཐང་ནས་ཉིང་ཁྲིར་འཕུར་སྐབས། གནམ་ཐང་གི་རྒྱུག་ལམ་ནས་ཕྱིར་ཤོར་ཏེ་མེ་སྐྱོན་བྱུང་འདུག བོད་ལྗོངས་མཁའ་འགྲུལ་གྱིས་གནས་ཚུལ་སྤེལ་བར་གཞིགས་ན། གནམ་གྲུའི་ནང་གི་འགྲུལ་པ་དང་ལས་དོན་མི་སྣ་ཚང་མ་བདེ་འཇགས་ངང་ཕྱིར་འཐེན་བྱས་ཟིན་པ་དང་། རྨས་སྐྱོན་བྱུང་པའི་འགྲུལ་པ་ཚང་མ་རྨས་སྐྱོན་ཆུང་རིགས་ཡིན་ཞིང་སྨན་ཁང་དུ་བསྐྱལ་ནས་སྨན་བཅོས་བྱེད་བཞིན་ཡོད།
          ཁྲུང་ཆིང་གནམ་ཐང་ཚོགས་པའི་འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་བྱས་པར་གཞིགས་ན། དོན་རྐྱེན་བྱུང་རྗེས་གནམ་ཐང་གི་བདེ་འཇགས་དང་མེ་གསོད་སོགས་སྡེ་ཁག་གིས་དུས་ཐོག་ཏུ་མཁོ་བསྟུན་བྱེད་ཐབས་ལག་བསྟར་བྱས་ཤིང་། གནས་ཚུལ་མུ་མཐུད་ཐག་གཅོད་བྱེད་བཞིན་ཡོད།
རྩོམ་སྒྲིག་པ། བདེ་སྒྲོན།