ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

ཝང་ཅུན་ཀྲེང་གིས་བོད་ལྗོངས་ཀྱི་གཞོན་ནུར་བླང་བྱ་འདི་ལྟར་བཏོན་འདུག

སྤེལ་དུས 2022-05-17 ཡོང་ཁུངས། བོད་ལྗོངས་ཉིན་རེའི་ཚགས་པར། རྩོམ་པ་པོ།
    ཚེས12ཉིན་གྱི་ཕྱི་དྲོར། བོད་རང་སྐྱོང་ལྗོངས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གོ་གུང་ཁྲན་རིང་ལུགས་གཞོན་ནུ་སྡེ་ཚོགས་བཙུགས་ནས་ལོ་ངོ་100འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ལག་བསྟར་བྱེད་པའི་བཞུགས་མོལ་ཚོགས་འདུ་ལྷ་སར་འཚོགས་པ་རེད། བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་ཚོགས་འདུར་ཕེབས་པ་དང་འབྲེལ་གསུང་བཤད་ཀྱང་གནང་ཞིང་། ཁོང་གིས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ནན་ཏན་བྱས་ནས། ལྗོངས་ཡོངས་ཀྱི་རིམ་ཁག་གུང་གཞོན་སྡེ་ཚོགས་རྩ་འཛུགས་དང་རྒྱ་ཆེའི་སྡེ་ཚོགས་དང་གཞོན་ནུས་ལྔ་བཞིའི་བརྗིད་ཆེའི་སྙིང་སྟོབས་རྒྱུན་འཛིན་དང་དར་སྤེལ་གཏོང་བར་ལྕག་སྐུལ་དང་། ལང་ཚོའི་འགན་འཁྲི་བློ་ལ་བརྟན་པོར་འཆང་བ། འབད་འབུངས་ཡར་བརྩོན་དང་དོན་གཉེར་བཅས་བྱས་ཏེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱེད་ཆེད་འབད་འཐབ་ལྷོད་མེད་བྱེད་དགོས་པའི་ནན་བཤད་གནང་བ་རེད།
 ཝང་ཅུན་ཀྲེང་སོགས་བོད་རང་སྐྱོང་ལྗོངས་འགོ་ཁྲིད་ཀྱིས་བྱ་དགའ་འཐོབ་མཁན་གྱི་འཐུས་མི་དང་མི་རིགས་ཁག་དང་ལས་རིགས་ཁག་གི་ཕུལ་བྱུང་གཞོན་ནུར་མཇལ་འཕྲད་གནང་བཞིན་པ། 
    ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་གཞོན་ནུས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བཏོན་གནང་བའི“དཔེ་བཟང་ལྔའི”བླང་བྱ་ལྟར་འབད་འཐབ་ཧུར་ཐག་དང་དཔའ་ངར་ཆེན་པོས་མདུན་དུ་སྐྱོད་དགོས། ཕུགས་བསམ་དང་དད་སེམས་བརྟན་དུ་གཏོང་བ་དང་ཏང་དང་རྒྱལ་ཁབ་ལ་དགའ་ཞེན་བྱེད་པའི་དམ་བཅའ་བཞག་སྟེ། “གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ་དང་། རྒྱུན་སྲིང་ལྷོད་མེད་ངང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་བསམ་བློར་དྲག་ཆས་སྤྲས་ཏེ། “འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱས་ནས། ཐོག་མཐའ་བར་གསུམ་དུ་བསམ་བློ་དང་། ཆབ་སྲིད། བྱ་སྤྱོད་བཅས་ཀྱི་ཐད་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་ཡོང་བར་བྱེད་དགོས། བླ་ན་མེད་པའི་གཤིས་སྤྱོད་སྐྱེད་སྲིང་དང་དུས་རབས་ཀྱི་དར་སྲོལ་ལ་སྣེ་ཁྲིད་བྱས་ཏེ། རང་རྟོགས་ངང་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་འཛུགས་པ་དང་ལག་ལེན་བསྟར་བ་དང་། སྲོལ་གསར་ཀྱི་སྤྱོད་བཟང་དང་འཐབ་རྩོད་ཀྱི་སྙིང་སྟོབས་དར་སྤེལ་ཤུགས་ཆེན་གཏོང་བ། ལང་ཚོའི་དྲང་ནུས་བརྒྱུད་སྤེལ་ཧུར་ཐག་བཅས་བྱས་ཏེ། སྔོན་ཐོན་གྱི་བསམ་བློ་དང་དཔེ་བཟང་གི་བྱ་སྤྱོད་ལ་བརྟེན་ནས་དུས་རབས་ཀྱི་དར་སྲོལ་ལ་སྣེ་ཁྲིད་དང་སྤྱི་ཚོགས་ཡར་ཐོན་ལ་སྐུལ་འདེད་གཏོང་དགོས། འཇོན་ཐང་ཆེ་རུ་གཏོང་བ་དང་བྱང་ཚད་མཐོ་རུ་གཏོང་བ། འབད་འབུངས་ཡར་བརྩོན་དང་འགན་འཁྲི་འཁུར་ཕོད་པ། ཕུགས་འདུན་སློབ་སྦྱོང་ནས་འགོ་འཛུགས་པ་དང་བྱ་གཞག་འཇོན་ཐང་ལ་བརྟེན་ནས་སྒྲུབ་པའི་འདུ་ཤེས་འཇགས་པ། ཤེས་བྱའི་གྲུབ་ཆ་སྔར་བས་ལེགས་སུ་གཏོང་བ། ཤེས་རྒྱ་ཡངས་སུ་གཏོང་བ་བཅས་བྱས་ནས། ལག་ལེན་བསྟར་རིང་ཤེས་བྱ་ཡང་དག་སློབ་སྦྱོང་དང་བདེན་པ་རྟོགས་གང་ཐུབ་བྱས་ཏེ། གཞི་རིམ་གྱི་འཐབ་ས་དང་པོར་བསྐྱོད་ནས་དཀའ་སྡུག་མྱོང་བ་དང་མཐོང་རྒྱ་ཆེ་རུ་གཏོང་དགོས། གསར་གཏོད་གསར་སྐྲུན་ཧུར་ཐག་དང་གསར་གཏོད་ལས་གཏོད་ཕོད་པར་བྱས་ཏེ། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་དང་བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ལས་དོན་བཀོད་སྒྲིག་རང་འཁྲིའི་ལས་གནས་དང་ཟུང་འབྲེལ་གྱིས་རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་ཁུལ་དང་། ས་མཐོའི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྔོན་སྐྱོད་ཁུལ། རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས། རྒྱལ་ཁབ་ཀྱི་མཐའ་བརྟན་དང་། མཐའ་དར། དམངས་ཕྱུག་བཅས་བྱ་སྤྱོད་ཀྱི་དཔེ་སྟོན་ཁུལ་བཅས་འཛུགས་གཏོད་བྱེད་རིང་འགན་འཁྲི་འཁུར་བ་དང་འཇོན་ཐང་ངོམ་དགོས། དཀའ་སྤྱད་འབད་འཐབ་ལྷོད་མེད་བྱེད་པ་དང་། སྒེར་སེམས་མེད་པར་ལེགས་སྐྱེས་འབུལ་བ། བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས་དང་། “ལམ་གཉིས”ཀྱི་སྙིང་སྟོབས། ཁུང་ཧྥན་སེན་གྱི་སྙིང་སྟོབས་བཅས་རྒྱུན་འཛིན་དང་དར་སྤེལ་གཏོང་བ། དོ་དོ་ཏན་ཏན་དང་དམ་པ་དོན་གཉེར་བཅས་བྱས་ཏེ། གངས་ལྗོངས་ས་མཐོའི་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྟོབས་གསར་དམག་དང་འཕྲལ་སྒྲུབ་རུ་ཁག་གི་ནུས་པ་འདོན་དགོས།
ཚོགས་ར།
    ཚོགས་འདུ་མ་འཚོགས་གོང་། བོད་རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ཀྱིས་རྒྱལ་ཡོངས་དང་བོད་རང་སྐྱོང་ལྗོངས་ཀྱི“གཞོན་ནུའི་ལྔ་བཞིའི་གཟེངས་རྟགས”དང“དམར་པོ་གཉིས་དང་ཕུལ་བྱུང་གཉིས”ཀྱི་བྱ་དགའ་འཐོབ་མཁན་འཐུས་མི་དང་དེ་བཞིན་མི་རིགས་ཁག་དང་ལས་རིགས་ཁག་གི་ཕུལ་བྱུང་གཞོན་ནུ་དང་མཇལ་འཕྲད་གནང་བ་མ་ཟད། ཚང་མ་དང་ལྷན་བཞུགས་དྲན་རྟེན་སྐུ་པར་ཡང་བསྐྱོན་པ་རེད། ཚོགས་འདུའི་ཐོག་སྡེ་ཚོགས་བོད་རང་སྐྱོང་ལྗོངས་ཨུ་ལྷན་གྱི་འགན་འཁུར་བློ་མཐུན་དང་གཞོན་ནུའི་འཐུས་མི་5ཡིས་སྤེལ་རེས་གཏམ་བཤད་བྱས་པ་རེད།
རྩོམ་སྒྲིག་པ། བདེ་སྒྲོན།