ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

དྭངས་གསལ་དུས་ཚིགས་སུ་དཔའ་བོར་དྲན་གསོ་ཞུ།

སྤེལ་དུས 2021-04-04 ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར། རྩོམ་པ་པོ།

           འདི་ནི་ཟླ་4ཚེས་2ཉིན་དྭངས་གསལ་དུས་ཚིགས་ཀྱི་སྔ་ནུབ་ཏུ། ཅང་སུའུ་ཞིང་ཆེན་སི་ཧུང་རྫོང་ཧུའེ་པེ་སློབ་འབྲིང་གི་དྲན་གསོའི་ཐང་ཆེན་དུ། ཧྲང་ཧའེ་ཧྥུའུ་ཤའོ་ཟློས་གར་ཚོགས་པའི་འཁྲབ་སྟོན་པ་ཞིག་གིས་ཧུའེ་པེ་སློབ་འབྲིང་གི་སྔོན་གཤེགས་དཔའ་བོའི་མིང་བརྐོས་པའི་རྡོ་རིང་ལ་འཕུར་འཕུར་བཏང་སྟེ། སྐྱེད་མར་དྲན་གསོ་ཞུས་པ་དང་ཆབས་ཅིག་སློབ་གྲོགས་ཚོར་དཔའ་བོའི་བྱས་རྗེས་ངོ་སྤྲོད་བྱེད་པ།
           དྭངས་གསལ་དུས་ཚིགས་ཀྱི་སྔ་ནུབ་ཏུ་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་100འཁོར་བར་བསུ་བ་ཞུ་ཆེད། ཅང་སུའུ་ཞིང་ཆེན་སི་ཧུང་རྫོང་ཧུའེ་པེ་སློབ་འབྲིང་གི་དྲན་གསོའི་ཐང་ཆེན་དུ། ཤིན་སི་ཅུན་གྱི་དཔའ་བོའི་མི་རབས་རྗེས་མ་ལས་གྲུབ་པའི་ཧྲང་ཧའེ་ཧྥུའུ་ཤའོ་ཟློས་གར་ཚོགས་པ་གསར་བརྗེའི་རྟེན་གཞི་ཁུལ་རྙིང་པ་སི་ཧུང་དུ་བསྐྱོད་དེ་འཚམས་འདྲིའི་འཁྲབ་སྟོན་བྱས་པ་མ་ཟད། སློབ་མ་ཚོ་དང་ཕན་ཚུལ་སྤེལ་རེས་དང་། རི་འགོག་དམག་འཁྲུག་གི་ལོ་ཟླར་དྲན་གསོ། གསར་བརྗེའི་རིག་གནས་རྒྱུན་འཛིན་བཅས་བྱས་པ་རེད།
རྩོམ་སྒྲིག་པ། བདེ་སྒྲོན།