ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

བརྩེ་སེམས་དྲོན་མོས་རོགས་སྐྱོར་བྱེད།། བློ་སེམས་གཅིག་གིས་མི་དམངས་ཆེད།།

སྤེལ་དུས 2021-04-14 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། པད་མ་རྒྱལ་གྱིས་བསྒྱུར།
—བོད་ལྗོངས་འཕེལ་རྒྱས་རོགས་སྐྱོར་ཐེབས་རྩ་ཚོགས་པའི་གྲོང་ཚོའི་བཅའ་སྡོད་ལས་དོན་རུ་ཁག་སྐབས་དགུ་པའི་བྱ་བའི་དངོས་བྲིས།
          ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། འདས་ཟིན་པའི2020ལོ་ནི་ཆེས་སྤྱིར་བཏང་མ་ཡིན་པའི་ལོ་ཞིག་ཡིན་ཞིང་། བོད་རང་སྐྱོང་ལྗོངས་གཞིས་ཀ་རྩེ་གྲོང་ཁྱེར་རྣམ་གླིང་རྫོང་མདོ་བརྗོད་ཤང་གྲམ་ཕུ་གྲོང་ཚོར་བཅའ་སྡོད་བྱས་པའི་བོད་ལྗོངས་འཕེལ་རྒྱས་རོགས་སྐྱོར་ཐེབས་རྩ་ཚོགས་པའི་གྲོང་ཚོའི་བཅའ་སྡོད་ལས་དོན་རུ་ཁག་སྐབས་དགུ་པས(གཤམ་དུ་ལས་དོན་རུ་ཁག་ཅེས་བསྡུ་རྒྱུ)མང་ཚོགས་ལ་དམ་པོར་བརྟེན་ནས་སྟོབས་ཤུགས་གཅིག་སྒྲིལ་གྱིས་ནུས་པ་ཆེན་པོས་སྤྱི་ཚོགས་ཀྱི་ལས་རིགས་སོ་སོའི་ཐོན་ཁུངས་བརྩོན་ལེན་བྱས་ཏེ། ནད་ཡམས་ཀྱིས་འཁྱེར་ཡོང་བའི་ཤུགས་རྐྱེན་ཆེས་ཆུང་བར་བཏང་སྟེ་གྲོང་ཚོའི་བཅའ་སྡོད་ལྟེ་གནས་ཀྱི་དབུལ་བྲལ་འགག་སྒྲོལ་གྱི་གྲུབ་འབྲས་བརྟན་པོར་བཏང་བ་རེད།
          ཚོང་རའི་རྒྱ་ཇེ་ཆེར་གཏོང་བ་དང་། ཁྱད་ལྡན་སྤུས་རྟགས་གསར་སྐྲུན་བྱ་ཆེད། ལས་དོན་རུ་ཁག་གིས་གྲམ་ཕུ་གྲོང་ཚོའི་དངོས་ཡོད་ཀྱི་གནས་ཚུལ་དང་ཟུང་འབྲེལ་བྱས་ཏེ།  གྲོང་ཚོའི་ནང་དུ་འཐུང་ཆུའི་མཉམ་ལས་ཁང་གྲབས་གཉེར་བྱས་ཤིང་། ཐེངས་མང་པོར་རྣམ་གླིང་རྫོང་གི་འབྲེལ་ཡོད་སྡེ་ཁག་ཏུ་ཡོང་ནས་འདྲི་རྩད་དང་མཐུན་སྦྱོར་བྱས་པར་མ་ཟད། པེ་ཅིང་ནས་ཆེད་མཁས་པའི་ཚོགས་པ་གྲམ་ཕུ་གྲོང་ཚོའི་འཐུང་ཆུའི་རྣམ་གྲངས་ལ་ཡུལ་དངོས་རྟོག་ཞིབ་ཏུ་ཕེབས་པར་གདན་འདྲེན་ཞུས་ཤིང་། མིག་སྔར་སྔ་དུས་ཀྱི་བྱ་བ་ཁག་གཅིག་ལེགས་འགྲུབ་ཡོང་བར་རོགས་རམ་བྱས་ཟིན་པ་རེད། ལས་དོན་རུ་ཁག་གིས་འབྲེལ་བ་བྱས་པ་བརྒྱུད། པེ་ཅིང་གི་ཁེ་ལས་ཤིག་དང་རྣམ་གླིང་རྫོང་བར་ས་ཆ་ལེགས་བཅོས་དང་ཨེ་མ་ཞོག་ཁོག་འདེབས་འཛུགས་ཀྱི་སྤྱི་ཕན་ཁྱབ་གདལ་གཏོང་བའི་རྣམ་གྲངས་ཀྱི་གྲོས་མཐུན་ཡི་གེ་འཇོག་པར་མོས་མཐུན་བྱུང་ཞིང་། མིག་སྔར་རྣམ་གྲངས་ཀྱིས་ས་བསློག་ནས་ལས་འགོ་ཚུགས་པ་རེད།

བརྡ་རྟགས4Gརིམ་པ་གྲོང་ཚོ་ཡོངས་སུ་ཁེབས་པ།
          གྲོང་ཚོར་བཅའ་སྡོད་བྱས་རིང་ལས་དོན་རུ་ཁག་གིས་རང་འགུལ་གྱིས་འབད་པ་ཆེན་པོས་གྲམ་ཕུ་གྲོང་ཚོའི་འཕེལ་རྒྱས་ཀྱི་མི་འདང་ས་དང་ཞན་ཆ་འཚོལ་ཞིབ་བྱས་ཤིང་། མཚམས་མི་ཆད་པར་འཕེལ་རྒྱས་ཀྱི་རྨང་གཞི་བརྟན་པོར་བཏང་བ་དང་། ཕྱོགས་སོ་སོའི་མཐུན་སྦྱོར་བྱས་པ་བརྒྱུད་བསྟུད་མར་བརྡ་རྟགས4Gགྲོང་ཚོ་ཡོངས་སུ་ཁེབས་པ་དང་། ཆུས་བསྣུབས་པའི་ཆུ་རགས་ཞིག་གསོ་དང་། གཞུང་ལམ་ཞིག་གསོ་སོགས་ཀྱི་རྨང་གཞིའི་སྒྲིག་བཀོད་ཀྱི་འཛུགས་སྐྲུན་ལེགས་གྲུབ་བྱུང་ཡོད་པ་རེད།

གྲོང་ཚོར་བཅའ་སྡོད་བྱས་པའི་ལས་དོན་རུ་ཁག་དང་མང་ཚོགས་ཀྱིས་མཉམ་གཅིག་ཏུ་ངལ་རྩོལ་བྱེད་བཞིན་པ།
གྲོང་ཚོར་བཅའ་སྡོད་བྱེད་གནས་ཀྱི་ཞིང་ཁྱིམ་དཔེ་ཁང་ཡིན་ཞིང་། གྲོང་ཚོར་བཅའ་སྡོད་བྱས་པའི་ལས་དོན་རུ་ཁག་གིས་ཐབས་ལམ་སྣ་ཚོགས་བརྒྱུད་དེ་དཔེ་ཆ་སྣ་མང་ཕུན་ཚོགས་སུ་བཏང་ནས་ “དབུལ་སྐྱོར་རིག་སྐྱོར་དང་། དབུལ་སྐྱོར་སྤོབས་སྐྱོར”ལ་རོགས་འདེད་བྱས་པ།
          2020ལོར། བོད་ལྗོངས་འཕེལ་རྒྱས་རོགས་སྐྱོར་ཐེབས་རྩ་ཚོགས་པའི་གྲོང་ཚོའི་བཅའ་སྡོད་ལས་དོན་རུ་ཁག་སྐབས་དགུ་པས་གྲམ་ཕུ་གྲོང་ཚོའི་མང་ཚོགས་ཀྱི་དཀའ་གནད་ཀྱི་གནད་དོན་ཐག་གཅོད་བྱ་རྒྱུ་དམིགས་སུ་བཟུང་སྟེ། བསྡོམས་པས་མ་དངུལ་སྒོར་ཁྲི722.15བརྩོན་ལེན་བྱས་ཏེ་བོད་རང་སྐྱོང་ལྗོངས་ཀྱི “སྔོན་ཐོན་གྲོང་ཚོའི་བཅའ་སྡོད་ལས་དོན་རུ་ཁག”ཅེས་པར་བདམས་ཤིང་། ཁྲང་མུའུ་ཕུའུ་གྲོང་ཚོའི་ཨུ་ལྷན་ལ་བོད་རང་སྐྱོང་ལྗོངས་ཀྱི་དབུལ་བྲལ་འགག་སྒྲོལ་གྱི་ལས་དོན་སྤེལ་བའི་གཟེངས་ཐོན་ཐུན་མོང་གི་བྱ་དགའ་འཐོབ་པ་རེད།