ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

མེ་ཏོག་རྫོང་ལ་འགྲོ་མཁན་ཚོས་གནས་ཚུལ་འདིར་དོ་སྣང་བྱེད་རོགས།

སྤེལ་དུས 2021-04-15 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། པདྨ་ཚེ་རིང་གིས་བསྒྱུར།
        གསར་འགོད་པས་མེ་ཏོག་རྫོང་འཕྲལ་སྡོམ་དོ་དམ་ཅུས་ནས་རྒྱུས་ལོན་བྱུང་བ་ལྟར་ན།
        བསྟུད་མར་ཆར་བ་བབས་པའི་རྐྱེན་གྱིས།
        ཟླ4པའི་ཚེས12ཉིན་གྱི་ཆུ་ཚོད09དང་སྐར་མ20ཙམ་ལ།
        ཁྲབ་རྨོག་ནས་མེ་ཏོག་བར་གྱི་གཞུང་ལམ་གྱི་ལམ་དུམK78སར་རི་ཉིལ་བས།
        འགྲོ་ལམ་ཆད་པ་རེད།

གཞུང་ལམ་མྱུར་བཟོ་བྱེད་མཁན་གྱིས་འབད་བརྩོན་ལྷོད་མེད་བྱས་པ་བརྒྱུད།
ཟླ4པའི་ཚེས12ཉིན་གྱི་ཆུ་ཚོད17དང་སྐར་མ3ཙམ་ལ།
ཁྲབ་རྨོག་ནས་མེ་ཏོག་བར་གྱི་གཞུང་ལམ་གྱི་ལམ་དུམK78སར་སླར་གསོ་རགས་ཙམ་བྱུང་ནས་ཤར་གཏོང་བྱེད་ཐུབ།
ཡིན་ནའང་ལམ་ངོས་སུ་སྔར་བཞིན་རི་ཉིལ་བའི་མངོན་མེད་ཉེན་ཁ་ཡོད།

        གཞན་ཡང་། གསར་འགོད་པས་རྒྱུས་ལོན་བྱུང་བ་ལྟར་ན། ཡུལ་སྐོར་བའི་བདེ་འཇགས་འགན་ལེན་བྱ་ཆེད། ཟླ4པར་ཁྲབ་རྨོག་ནས་མེ་ཏོག་བར་གྱི་གཞུང་ལམ་ཐོག་འགྲོ་སྐྱོད་མུ་མཐུད་དུ་ཚོད་འཛིན་བྱས་ནས་ཆ་འཛུལ་ཡ་འབུད(ཚེས་གྲངས་ཆ་ཅན་ལ་སྤོ་བོ་ནས་མེ་ཏོག་བར་གྱི་རླངས་འཁོར་མ་གཏོགས་མི་གཏོང་བ་དང་ཚེས་གྲངས་ཡ་ཅན་ལ་མེ་ཏོག་ནས་སྤོ་བོའི་བར་གྱི་རླངས་འཁོར་མ་གཏོགས་མི་གཏོང་བ)བྱས་ཡོད། དེའི་ཕྱིར་མེ་ཏོག་རྫོང་དུ་ཡུལ་སྐོར་དུ་སྐྱོད་མཁན་ཚོས་དུས་ཚོད་ཚད་དང་མཐུན་པའི་སྒོ་ནས་བཀོད་སྒྲིག་བྱས་ཏེ་རང་ཉིད་འགོར་འགྱངས་མི་ཡོང་བ་བྱ་དགོས། 
རྩོམ་སྒྲིག་པ། སྣང་རྡོར།