ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

ཡུན་ནན་རུའེ་ལི་ཡི་ཁག་དང་པོའི་ཏོག་གསར་ནད་པ8དྲག་སྐྱེད་བྱུང་བ།

སྤེལ་དུས 2021-04-15 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། པདྨ་ཚེ་རིང་གིས་བསྒྱུར།
        ཟླ4པའི་ཚེས13ཉིན་གྱི་སྔ་དྲོའི་ཆུ་ཚོད11ཙམ་ལ། རུའེ་ལི་གྲོང་ཁྱེར་གྱི་ཀྲུང་ལུགས་གསོ་རིག་ཏའེ་སྨན་སྨན་ཁང་གི་ཁག་དང་པོའི་ཏོག་གསར་གློ་ཚད་ཀྱི་ནད་པ8དྲག་སྐྱེད་བྱུང་ནས་སྨན་ཁང་ནས་བུད་པ་དེ་ནི་རུའེ་ལིའི་རིམས་ནད་ཁྲོད་སྨན་ཁང་ནས་བུད་པའི་ནད་པ་ཁག་དང་པོ་ཡིན། རྒྱུས་ལོན་བྱུང་བ་ལྟར་ན། ནད་པ་བརྒྱད་པོར་ཉིན14རིང་གཅིག་བསྡུས་ཀྱིས་གསོ་རིག་ལྟ་ཞིབ་བྱ་རྒྱུ་ཡིན་པ་མ་ཟད། ད་དུང་སྨན་དོན་མི་སྣས་ལྟ་ཞིབ་དང་རྗེས་འདེད་དམ་ཟབ་བྱ་རྒྱུ་རེད།
        “དྲག་སྐྱེད་བྱུང་སྟེ་སྨན་ཁང་ནས་བུད་པའི་ནད་པ་བརྒྱད་པོ་རྒྱལ་ཁབ་ཀྱི་ཏོག་གསར་གློ་ཚད་ལ་ནད་བརྟག་སྨན་བཅོས་བྱེད་པའི་ཇུས་གཞི(ཚོད་ལྟའི་ལག་ལེན་གྱི་པར་གཞི་བརྒྱད་པ)ནང་གཏན་འབེབས་བྱས་པའི་ཕྱིར་འབུད་ཚད་གཞི་དང་མཐུན་ཞིང་། ཆེད་མཁས་སྨན་པའི་ཚོ་ཆུང་གིས་ཞིབ་བཤེར་གཏན་འབེབས་བྱས་རྗེས་སྨན་ཁང་ནས་བུད་པ་རེད།” ཀྲུང་ལུགས་གསོ་རིག་ཏའེ་སྨན་སྨན་ཁང་གི་ཡོན་ཀྲང་གཞོན་པ་པའོ་ཡིང་ཧྲེང་གིས་ད་ཐེངས་ཀྱི་ནད་པར་སྨན་བཅོས་བྱེད་སྐབས“མི་གཅིག་ལ་ཇུས་གཞི་གཅིག”གི་བླང་བྱ་ལྟར་གནད་སྨིན་སྨན་བཅོས་ཀྱི་ཇུས་གཞི་བཟོས་ནས་ནད་དཔེ་ཚང་མར་ཀྲུང་ལུགས་དང་ཕྱི་ལུགས་གསོ་རིག་ཟུང་འབྲེལ་གྱིས་སྨན་བཅོས་བྱས་པ་ཡིན་ཟེར།
རྩོམ་སྒྲིག་པ། སྣང་རྡོར།