ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

བོད་ལྗོངས་ཀྱི་ཡར་ལངས་ཞིང་བྲན་གྱི་བརྙན་པར་ཡིག་ཚགས།

—— སྡུག་བསྔལ་དང་འཚོ་བ་གསར་པ་བརྒྱུད་མྱོང་བའི་ངག་དབང་ཉི་མ།

སྤེལ་དུས 2021-04-16 ཡོང་ཁུངས། བོད་ལྗོངས་ཉིན་ཚགས། རྩོམ་པ་པོ།

འདི་ནི་ངག་དབང་ཉི་མ(དཀྱིལ)དང་ནང་མིའི་མཉམ་པར་ཡིན་པ།
ངག་དབང་ཉི་མའི་འདྲ་པར།
          འདི་ལོ་ལོ་84ལ་སླེབས་པའི་བགྲེས་སོང་ངག་དབང་ཉི་མ་ནི་བོད་ལྗོངས་ཆབ་མདོ་གྲོང་ཁྱེར་སྨར་ཁམས་རྫོང་འཇང་མི་རིགས་ཤང་འཇང་མི་རིགས་གྲོང་ཚོ་ནས་ཡིན།
          བོད་རྙིང་པར། ངག་དབང་ཉི་མ་ནི་ས་གནས་དེ་གའི་སྐུ་དྲག་གི“ཁྲལ་པ”(མངའ་བདག་གི་ས་ཞིང་བོགས་མར་བླངས་ནས་ཞིང་བྲན་བདག་པོར་ཁྲལ་འུ་ལག་རྒྱུག་མཁན)ཞིག་ཡིན་ཞིང་། ཁྲལ་ལྕི་པོ་འཇལ་ཆེད་ཁོང་གིས་ལོ་བདུན་བརྒྱད་ཙམ་ནས་སྐུ་དྲག་གི་ལུག་རྫི་བྱས་པ་མ་ཟད། ད་དུང་རྫ་ཆུའི་འདབས་ཀྱི་ཚྭ་ཞིང་ནས་ཚྭ་ཆུ་དབོར་བར་འགྲོ་དགོས་ཀྱི་ཡོད། ཚྭ་ཞིང་དུ་སྐྱོད་སའི་ལམ་གུ་དོག་ལ་གཡང་གཟར་བས་གཟབ་གཟབ་མ་བྱས་ཚེ་གཡང་ལ་ལྷུང་ནས་རྫ་ཆུས་འཁྱེར་བའི་ཉེན་ཁ་ཧ་ཅང་ཆེན་པོ་ཡོད།
          1950ལོར་བོད་ལྗོངས་ཆབ་མདོར་བཅིངས་འགྲོལ་གཏོང་སྐབས་ངག་དབང་ཉི་མ་ས་བདག་གི་བཙན་དབང་འོག་བཀའ་ཤག་སྲིད་གཞུང་གི་དམག་དཔུང་ནང་མ་ཞུགས་ཀ་མེད་བྱུང་། གལ་སྲིད་གྱེན་ལོག་བྱས་ཚེ་སྐྱེས་པ་རྣམས་ཐོ་བས་བརྡུངས་ཏེ་གསོད་པ་དང་བུད་མེད་རྣམས་འབྲི་ཆུར་གཡུགས་ཀྱི་ཡོད། སྟབས་ལེགས་པ་ཞིག་ལ་དམག་རྒྱག་སྐབས་ངག་དབང་ཉི་མ་ཨ་ཕས་ཁང་པ་གོག་རུལ་ཞིག་ནང་སྦས་པས་དམག་འཁྲུག་ལས་གཡོལ་ཐུབ་ཡོད། བཅིངས་འགྲོལ་ཐོབ་རྗེས་ངག་དབང་ཉི་མས་གྲོང་ཚོའི་ཀྲུའུ་རེན་བྱས་ཏེ་གྲོང་མིའི་སྣེ་ཁྲིད་ནས་ཆུ་ཡུར་བཟོས་པ་དང་ཞིང་ཁ་སྒྱུར་བཀོད་བཏང་བས་དེ་སྔའི་ཐང་རྒོད་ཞིང་ས་གཤིན་པོར་གྱུར་ཡོད།
          སྤྱི་ཚོགས་རྙིང་པར་ངག་དབང་ཉི་མ་ཤིང་ཁང་ཐབས་ཆག་ཅིག་ཏུ་སྡོད་ཀྱི་ཡོད་པས། དབྱར་ཁ་ཆུ་མི་འཚོགས་པ་དང་དགུན་ཁ་ལྷགས་པ་ཆེན་པོ་རྒྱག་གི་ཡོད། ད་ཆ་ངག་དབང་ཉི་མ་བོད་བཟོའི་སྤྲོ་ཁང་ནང་མི་རབས་བཞི་མཉམ་འཛོམས་ངང་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་བཞིན་ཡོད།