ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

བོད་ལྗོངས་མངའ་རིས་ཀྱི་གནམ་གཤིས་སྡེ་ཚན་གྱིས“ཏང་ལ་བསྟོད་གླུ་ཕུལ”ཞེས་པའི་བརྗོད་དོན་གཙོ་བོའི་རིག་རྩལ་འཁྲབ་སྟོན་བྱས་པ།

སྤེལ་དུས 2021-06-16 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། བཀྲ་ཤིས་རྒྱལ་གྱིས་བསྒྱུར།
           ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། ཟླ6པའི་ཚེས11ཉིན། བོད་རང་སྐྱོང་ལྗོངས་མངའ་རིས་ས་ཁུལ་གནམ་གཤིས་ཅུས་ཀྱིས་ཀྲུང་གོའི་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ100འཁོར་བར་རྟེན་འབྲེལ་ཞུ་བ་དང་བོད་ལྗོངས་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ70འཁོར་བར་རྟེན་འབྲེལ་ཞུ་བའི་ས་ཁུལ་ཡོངས་ཀྱི་གནམ་གཤིས་སྡེ་ཚན་གྱིས“ཏང་ལ་བསྟོད་གླུ་ཕུལ”ཞེས་པའི་བརྗོད་དོན་གཙོ་བོའི་རིག་རྩལ་འཁྲབ་སྟོན་བྱས་ཤིང་།  མངའ་རིས་ས་ཁུལ་གནམ་གཤིས་ལས་ཁུངས་ཀྱིལས་བཟོ་བ་ཡོངས་དང་ལས་འཁྱུར་ངལ་གསོ་བྱས་ཡོད་པའི་འཐུས་མི་དག་ད་ཐེངས་ཀྱི་བྱེད་སྒོར་ཞུགས་ཡོད་པ་རེད།
  
           མངའ་རིས་ས་ཁུལ་གནམ་གཤིས་ལས་ཁུངས་ཀྱི་ལས་བཟོ་ཡོངས་དང་ལས་འཁྱུར་ངལ་གསོ་བྱས་ཡོད་པའི་འཐུས་མིས་མཉམ་པར་བསྐྱོན་བཞིན་པ།
           རིག་རྩལ་འཁྲབ་སྟོན་དེ་གསར་བརྗེའི་གླུ་གཞས་དང་གཏམ་བཤད་གཉིས་སུ་ཕྱེ་བ་དང་།  གླུ་གཞས་གྲགས་ཅན་གཏོང་བའི་རྣམ་པའི་ཐོག་ནས་རླབས་ཆེན་མེས་རྒྱལ་ལ་བཅངས་པའི་དགའ་ཞེན་ཚད་མེད་དང་སྨོན་འདུན་བཟང་པོ་མཚོན་པར་བྱས་ཤིང་། གཏམ་བཤད་ཀྱི་རྣམ་པའི་ཐོག་ནས་ཀྲུང་གོའི་གུང་ཁྲན་ཏང་གི་གཏམ་རྒྱུད་ཡག་པོ་འཆད་པ་དང་ཀྲུང་གོའི་གུང་ཁྲན་ཏང་གི་བྱས་རྗེས་རླབས་ཆེན་ལ་བསྔགས་བརྗོད་བྱས་པ་རེད།  

           མངའ་རིས་ས་ཁུལ་གནམ་གཤིས་སྡེ་ཚན་གྱི་ཏང་ཙུའུ་ཡི་ཁོངས་མིས《ཆིན་ཡོན་གྱི་དཔྱིད•ཁ་བ》ཞེས་པ་གྱེར་འདོན་བྱེད་བཞིན་པ།

           སྤུ་ཧྲེང་རྫོང་གནམ་གཤིས་ཅུས་ཀྱི་ལས་བཟོ་བ་བཀྲ་ཤིས་སྒྲོལ་མས《ཏང་ལགས།  ཏང་ལགས།  སྙིང་ཉེ་བའི་མ་ཡུམ》ཞེས་པའི་གླུ་གཞས་གཏོང་བཞིན་པ།

           བྱ་གཞག་ཚན་པའི་འཐུས་མི་རུ་ཁག་གིས《ང་དང་ངའི་མེས་རྒྱལ》ཞེས་པའི་གླུ་གཞས་གཏོང་བཞིན་པ།

           མདོ་འཛིན་པས་བྱ་དགའ་ཐོབ་པའི་མིང་ཐོ་ཁྱབ་བསྒྲགས་གནང་བཞིན་པ།
           ཐེངས་འདིའི་བྱེད་སྒོར་ཁྱོན་བསྡོམས་འགྲན་ཞུགས་ལེ་ཚན20རྩ་འཛུགས་བྱས་ཡོད་ཅིང་།  དེའི་ནང་ལས་ཁུངས་དང་བྱ་གཞག་སྡེ་ཚན། རྫོང་ཁག་གི་ཅུས་བཅས་ལས་གྲུབ་པའི་མཉམ་ལེན་རུ་ཁག་གི་གྱོན་ཆས་གྲལ་དག་གྱོན་ཞིང་སྙིང་སྟོབས་ཀྱིས་ཁེངས་པ། གཞས་གཏོང་ཆེད་ལས་ཡིན་པ། བརྗིད་ཉམས་ལྡན་པ་བཅས་ཡོད་ལ།  སེམས་འགུལ་ཐེབས་པའི་ངང《གུང་ཁྲན་ཏང་མེད་ན་ཀྲུང་གོ་གསར་པ་མེད》ཅེས་པ་དང《ང་དང་ངའི་མེས་རྒྱལ》《སླར་ཡང་ཏང་ལ་གླུ་དབྱངས་ལེན》སོགས་གླུ་དབྱངས་གྲགས་ཅན4བླངས་པ་དང་། སྤུ་ཧྲེང་རྫོང་གནམ་གཤིས་ཅུས་ནས་ཡོང་བའི་བཀྲ་ཤིས་སྒྲོལ་མས《ཏང་ལགས།  ཏང་ལགས།  སྙིང་ཉེ་བའི་མ་ཡུམ》ཞེས་པ་སྤྱད་དེ་རླབས་ཆེན་མེས་རྒྱལ་ལ་བཅངས་པའི་ཆེས་མཛེས་སྡུག་ལྡན་པའི་སྨོན་འདུན་དང་།  ཀྲུང་གོའི་གུང་ཁྲན་ཏང་ལ་བཅངས་པའི་ཆེས་ལྷད་མེད་ཀྱི་བརྩེ་སེམས་མཚོན་པར་ཚོགས་ར་ཡོངས་ཀྱི་ལྟད་མོ་བས་དགའ་བསུ་ཚད་མེད་གནང་ཞིང་།  མངའ་རིས་ས་ཁུལ་གནམ་གཤིས་ལས་ཁུངས་ཀྱི་ཏང་ཙུའུ་ཡི་ཁོངས་མིས《ཆིན་ཡོན་གྱི་དཔྱིད• ཁ་བ》གྱེར་འདོན་བྱས་པ་བརྒྱུད་མེས་རྒྱལ་གྱི་བརྗིད་ཉམས་ཆེ་བའི་རི་ཀླུང་ལ་བཅངས་པའི་དགའ་ཞེན་དང་རླབས་ཆེན་གྱི་ཏང་ལ་བཅངས་པའི་སྨོན་འདུན་བཟང་པོ་མཚོན་པར་བྱས་ཡོད།   
           གར་སྟེགས་སྟེང་དུ་ངོ་མཚར་ཆེ་བའི་གླུ་གཞས་བཏང་བ་དང་སྟེགས་བུའི་འོག་དར་དམར་ལྷབ་ལྷུབ་ཏུ་གཡོ་བས་ཚོགས་ར་ཡོངས་ཀྱི་རྣམ་པར་སྒམ་བརླིང་ལྡན་ལ་འཁྲུག་ཆ་དོད།  མངའ་རིས་ས་ཁུལ་གནམ་གཤིས་ཅུས་ཏང་ཙུའུ་ཡི་ཧྲུའུ་ཅི་ཁྱུང་དམར་ཚེ་རིང་གིས་ད་ཐེངས་ཀྱི་བྱེད་སྒོར་རྒྱ་ཆེའི་ལས་བྱེད་ལས་བཟོ་བས་ཏང་ལ་དགའ་ཞེན་དང་ཏང་ལ་བརྩི་འཇོག  ཏང་གི་བཀའ་ལ་བརྩི་བཀུར།  ཏང་གི་རྗེས་སུ་འབྲང་བ་བཅས་ཀྱི་ཆོད་སེམས་འཕེལ་བ་མ་ཟད།   ཏང་རྩ་འཛུགས་ཀྱི་སྟོབས་ཤུགས་གཅིག་སྒྲིལ་དང་དམག་འཐབ་ནུས་པ། ཏང་ཡོན་ལས་བྱེད་པའི་འགན་འཁྲི་འཁུར་སེམས་དང་ལས་འགན་སྒྲུབ་སེམས་སྔར་བས་ཆེ་རུ་ཕྱིན་ཡོད་ཅེས་བཤད།
རྩོམ་སྒྲིག་པ། སྣང་རྡོར།