ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

རྒྱལ་ཁབ་རྐང་རྩེད་སྤོ་ལོ་རུ་ཁག་ཨང12ཡན་རྩོད་པའི་འགྲན་བསྡུར་ནང་ཚུད།

སྤེལ་དུས 2021-06-18 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། པདྨ་ཚེ་རིང་གིས་བསྒྱུར།

ཀྲང་ཞི་ཀྲི་ཡིས་རྒྱལ་ཁབ་རྐང་རྩེད་སྤོ་ལོ་རུ་ཁག་གི་སྤོ་ལོ་ཐོག་མ་འཛུལ་བ།
          ཁ་སང་ཞོགས་པར་ཨ་རབ་མཉམ་འབྲེལ་ཚོ་དཔོན་ཧྲ་ཅ་རུ་སྤེལ་བའི་འཛམ་གླིང་བུམ་པའི་རྐང་རྩེད་སྤོ་ལོའི་འགྲན་བསྡུར་ལས་ཨེ་ཤ་ཡའི་ཁུལ་གྱི་སྔོན་འདེམས་འགྲན་བསྡུར་ཨང40ཡན་རྩོད་པའི་ཚོ་སྐོརAཡི་རེས་སྐོར་མཐའ་མའི་འགྲན་བསྡུར་ཁྲོད་དུ་ཀྲུང་གོའི་སྐྱེས་པའི་རྐང་རྩེད་སྤོ་ལོ་རུ་ཁག་གིས3:1སྐར་འབྲས་ཐོག་སི་རི་ཡ་ལས་རྣམ་པར་རྒྱལ་ཞིང་། ཚོ་ཆུང་དེའི་ཨང2པའི་གྲུབ་འབྲས་ལེགས་པོས་ཨང12ཡན་རྩོད་པའི་འགྲན་བསྡུར་ནང་ཞུགས་ཐུབ་པ་བྱུང་། རྒྱལ་ཁབ་རྐང་རྩེད་སྤོ་ལོ་རུ་ཁག་གི་སྤོ་ལོ་འཛུལ་དུ་འཇུག་མཁན་ནི་ཀྲང་ཞི་ཀྲི་དང་ཝུའུ་ལེ། ཀྲང་ཡུས་ཉིང་བཅས་རེད།

འགྲན་བསྡུར་མཇུག་རྫོགས་རྗེས་རྒྱལ་ཁབ་རྐང་རྩེད་སྤོ་ལོ་རུ་ཁག་གིས་རྐང་རྩེད་སྤོ་ལོར་རྒྱབ་སྐྱོར་བྱེད་མཁན་རྣམས་ལ་ཡུལ་དངོས་ནས་ཐུགས་རྗེ་ཆེ་ཞུས།
རྩོམ་སྒྲིག་པ། བདེ་སྒྲོལ།