ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

ཟི་ལིང་བསྡུ་མཚོའི་འགྲམ་གྱི་གསའ།

སྤེལ་དུས 2021-06-18 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། པད་མ་རྒྱལ་གྱིས་བསྒྱུར།

          ཟླ6པའི་ཚེས9ཉིན། བོད་ལྗོངས་ནག་ཆུ་གྲོང་ཁྱེར་རྩྭ་ཐང་ས་ཚིགས་ཀྱི་ལས་དོན་མི་སྣས་བྱང་ཐང་རང་བྱུང་སྲུང་སྐྱོང་ཁུལ་ཟི་ལིང་བསྡུ་མཚོའི་ཉེ་འགྲམ་དུ་“ཆུར་རྐྱལ”བཞིན་པའི་གསའ་ཞིག་པར་ལེན་ཐུབ་པ་རེད།
          ལས་དོན་མི་སྣས་མཚམས་སྦྱོར་བྱས་དོན། གསའ་ཡིས་མཚོ་ནང་དུ་“ཆུར་རྐྱལ་”བ་ཧ་ཅང་མཐོང་དཀོན་ཞིང་། བོད་བྱང་ཐང་མཐོ་སྒང་གི་དཔྱིད་ཀའི་དུས་ཚིགས་སུ་ཁེལ་བས།  འདབ་ཆགས་རིགས་མང་པོས་ཟི་ལིང་བསྡུ་མཚོའི་ནང་དུ་ཕྲུ་གུ་བཙའ་བ་དང་། གནས་འདི་བརྒྱུད་པའི་གསའ་ཡིས་མཚོ་ནང་དུ་ཆུར་རྐྱལ་ནས་ཁ་ཟས་བཙལ་བཞིན་ཡོད་ཀྱང་སྲིད་ཅེས་བཤད།

          ཆ་སྙོམས་ཀྱི་རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི4700ཡིན་པའི་བྱང་ཐང་མཐོ་སྒང་ནི་རི་སྐྱེས་སྲོག་ཆགས་སྐྱེ་འཕེལ་འབྱུང་སའི་གནས་ཤིག་ཡིན་ཞིང་། དེས་མཐོ་གྲང་གི་སྐྱེ་ཁམས་མ་ལག་འཐུས་ཚང་དང་ཐུན་མོང་མ་ཡིན་པ་ཉར་ཚགས་བྱས་ཏེ་སྐྱེ་དངོས་སྣ་མང་རང་བཞིན་གྱི་བང་མཛོད་ཅིག་གསོ་སྐྱོང་བྱས་ཡོད་པ་རེད།

བྱང་ཐང་གི་གཙོད།
 བྱང་ཐང་ནི་བོད་ལྗོངས་བྱང་ཕྱོགས་སུ་གནས་ཤིང་། ས་ཁུལ་མང་ཆེ་བ་སྔར་བཞིན་གདོད་མའི་རྣམ་པར་གནས་པ་དང་། རི་སྐྱེས་སྲོག་ཆགས་ཀྱི་རིགས་ཧ་ཅང་མང་པོ་ཡོད་དེ། གཙོད་དང་། འབྲོང་། རྐྱང་ལས་གཞན། གནས་འདིར་ད་རུང་གསའ་དང་། ཁྲུང་ཁྲུང་སྐེ་ནག སྤྱང་ཀི།  གླག  དྲེད་མོང་སོགས་མང་པོ་ཡོད་པ་དང་། བསྡོམས་པས་རྒྱལ་ཁབ་ཀྱི་སྲུང་སྐྱོང་རིམ་པ་དང་པོའི་རི་སྐྱེས་སྲོག་ཆགས་སྣ་ཁ10དང་། རྒྱལ་ཁབ་ཀྱི་སྲུང་སྐྱོང་རིམ་པ་གཉིས་པའི་རི་སྐྱེས་སྲོག་ཆགས་སྣ་ཁ21ལྷག་ཡོད་པ་རེད།

བྱང་ཐང་གི་དྲེད་མོང་།
 རྩོམ་སྒྲིག་པ། བདེ་སྒྲོལ།