ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

དེང་རབས་སློབ་གསོས་མི་གསར་སྐྱོང་།

སྤེལ་དུས 2021-07-30 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ།

འདི་ནི་ལྷ་ས་མངའ་རིས་ས་ཁུལ་མཐོ་རིམ་སློབ་འབྲིང་གི་སློབ་མས་དགའ་མོས་སློབ་ཚན་འཚོག་བཞིན་པ།

འདི་ནི་ལྷ་ས་དགེ་འོས་མཐོ་རིམ་ཆེད་ཚན་སློབ་གྲྭའི་སློབ་མས་ལག་ཤེས་ཐོན་རྫས་བཟོ་བཞིན་པ། 

འདི་ནི་གཞིས་རྩེ་གྲོང་ཁྱེར་ཆི་ལུའུ་སློབ་ཆུང་སློབ་མས་མངོན་མིན་རིག་གནས་ཤུལ་བཞག་སློབ་ཚན་འཚོག་བཞིན་པ།
           ཏང་ཀྲུང་དབྱང་གི་དམིགས་བསལ་གཟིགས་སྐྱོང་འོག་བོད་ཀྱི་སློབ་གསོའི་བྱ་གཞག་སྤུས་ཚད་མཐོ་བའི་འཕེལ་རྒྱས་བྱུང་ནས་གངས་ལྗོངས་ས་མཐོར་ཤེས་ལྡན་པ་འབོར་ཆེན་གསོ་སྐྱོང་བྱས་པ་དང་། ས་མཐོའི་སློབ་མས་ཏང་གི་བཀའ་དྲིན་བློ་ལ་བརྟན་པོར་བཅངས་ནས་མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་ནང་ཧུར་ཐག་ཞུགས་ཡོད། “ལོ་ལྔ་ཚན་བཅུ་གསུམ་པའི”རིང་། བོད་ཀྱི་སློབ་གྲྭ་འབྲིང་ཆུང་དུ་སྐད་གཉིས་སློབ་གསོ་ཁྱབ་ཚད་དང་། སློབ་ཆུང་དུ་ཨང་རྩིས་སློབ་ཚན་འཚོགས་ཚད། སློབ་འབྲིང་དུ་རྩིས་རིག་དང་དངོས་ཁམས། རྫས་འགྱུར་གསུམ་གྱི་སློབ་ཚན་སློབ་ཁྲིད་ཀྱི་འཆར་གཞི་ལེགས་གྲུབ་བྱེད་ཚད། སློབ་འབྲིང་དུ་དངོས་ཁམས་དང་རྫས་འགྱུར་ཚོད་ལྟའི་སློབ་ཚན་འཚོགས་ཚད། ལས་རིགས་ལག་རྩལ་སློབ་གྲྭར་རྒྱལ་ཁབ་ཀྱི་དཀར་ཆག་ནང་གཏན་འཁེལ་བའི་སློབ་ཚན་འཚོགས་ཚད་བཅས“100%ཟིན་པ་ལྔ”ཕྱོགས་ཡོངས་ནས་མངོན་འགྱུར་བྱུང་བ་རེད། 
རྩོམ་སྒྲིག་པ། བདེ་སྒྲོལ།