ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

ཨོ་རྩལ་འགྲོན་ཚོགས་སྟེང་ཀྲུང་གོའི་རུ་ཁག་གིས་ཨེ་ཤ་ཡའི་ཟིན་ཐོ་བརྒལ།

སྤེལ་དུས 2021-07-30 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ།

ཀྲུང་གོའི་རུ་ཁག་ལུས་རྩལ་འགྲན་ཚོགས་སུ་ཞུགས་པ།
            པེ་ཅིང་གི་དུས་ཚོད་ཟླ7པའི་ཚེས25ཉིན་མཇུག་འགྲིལ་བའི2020ལོའི་ཏུང་ཅིང་ཨོ་རྩལ་འགྲན་ཚོགས་སྐྱེས་མའི་སྨི4×100ཡི་རང་མོས་ཆུ་རྐྱལ་མཐུད་རྒྱུག་གི་རྟིང་རྩོད་འགྲན་སྡུར་ནང་དུ་ཨོ་སི་ཁྲུ་ལི་ཡའི་རུ་ཁག་གིས་སྐར་མ3དང་སྐར་ཆ29ཡང་ཆ69ཡི་སྐར་འབྲས་བླངས་ནས་ཐེངས་འདིའི་འགྲན་སྡུར་ཁྲོད་ཨང་དང་པོ་བླངས་ཤིང་འཛམ་གླིང་གི་ཟིན་ཐོ་བརྒལ་བ། ཁ་ན་ཏ་དང་ཨ་རིའི་རུ་ཁག་སོ་སོས་དངུལ་གྱི་རྟགས་མ་དང་ཟངས་ཀྱི་རྟགས་མ་བླངས་ཤིང་། ཁྲེང་ཡུས་ཅེ་དང་། ཀྲུའུ་མེང་ཧུའེ། ཨའེ་ཡན་ཧན། ཝུའུ་ཆིན་ཧྥེང་བཅས་ཀྱིས་གྲུབ་པའི་ཀྲུང་གོའི་རུ་ཁག་གིས་སྐར་མ3དང་སྐར་ཆ34ཡང་ཆ76གི་སྐར་འབྲས་བླངས་ནས་ཐེངས་འདིའི་འགྲན་སྡུར་ཁྲོད་ཨང7པ་བླངས་པ་དང་།  ཨེ་ཤ་ཡའི་ཟིན་ཐོ་བརྒལ་བ་རེད།
རྩོམ་སྒྲིག་པ། བདེ་སྒྲོལ།