ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

ཟླ7པའི་ཚེས15ཉིན། ཀྲུང་གོའི་གུང་ཁྲན་ཏང་གི་ལོ་རྒྱུས་འགྲེམ་སྟོན་ཁང་སྤྱི་ཚོགས་ལ་ཁ་ཕྱོགས་ནས་སྒོ་ཕྱེ་འདུག

སྤེལ་དུས 2021-07-30 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ།
           རྒྱུས་ལོན་བྱུང་བ་ལྟར་ན། འགྲེམ་སྟོན་ཁང་དུ་འགྲེམ་སྟོན་བྱེད་བཞིན་པའི“ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་”ཞེས་པའི་ཀྲུང་གོའི་གུང་ཁྲན་ཏང་གི་ལོ་རྒྱུས་འགྲེམ་སྟོན་ནང་པར་རིས2600ལྷག་ཙམ་དང་རིག་དངོས་ཆ་ཚང3500ལྷག་ཚུད་པ་དེས་གསར་བརྗེ་དང་འཛུགས་སྐྲུན། བཅོས་བསྒྱུར་སྒོ་འབྱེད། དུས་རབས་གསར་པར་སླེབས་པ་ཞེས་ཆ་ཤས4ཡོད་པ་དེས་ཁྱོན་ཡོངས་དང་བརྒྱུད་རིམ་ཧྲིལ་པོ། ལྗོངས་རྣམ་ཆ་ཚང་། ལོ་རྒྱུས་སྙན་ངག་ཅིག་ལྟར་ཀྲུང་གོའི་གུང་ཁྲན་ཏང་གི་ཟིལ་རླབས་དགུང་དུ་འཕྱུར་བའི་ལོ་བརྒྱའི་ལམ་བུ་མངོན་པར་བྱས་ཡོད།

འགྲེམ་སྟོན་ཁང་གི་རྣམ་པ།

འགྲེམ་སྟོན་ཁང་གི་རྣམ་པ།

འགྲེམ་སྟོན་ཁང་གི་རྣམ་པ།

འགྲེམ་སྟོན་ཁང་གི་རྣམ་པ།
           སྔོན་མངག་ཕྱོགས་སྟོན།
           རྒྱུན་རྣམ་ཅན་གྱི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་བླང་བྱ་གཞིར་བཟུང་སྟེ། ཀྲུང་གོའི་གུང་ཁྲན་ཏང་གི་ལོ་རྒྱུས་འགྲེམ་སྟོན་ཁང་གིས་གནས་སྐབས་ཉིན་ལྟར་སྤྱི་ཚོགས་ཀྱི་སྤྱི་དམངས་ལ་ཁ་ཕྱོགས་ནས་ལྟ་སྐོར་བྱེད་མཁན་མི་གྲངས3000སྔོན་མངག་བྱ་རྒྱུ་གཏན་འཁེལ་བྱས་པ་དང་། འགྲེམ་སྟོན་ཁང་གིས་གནས་ཚུལ་ལ་གཞིགས་ནས་དུས་ཐོག་ཏུ་ལྟ་སྐོར་མི་གྲངས་འོས་མཚམ་ངང་ཇེ་མང་དུ་གཏོང་རྒྱུ་རེད།
           ཏང་གི་ལོ་རྒྱུས་འགྲེམ་སྟོན་ཁང་སྒོ་འབྱེད་པའི་དུས་ཚོད་ནི9:00-17:00བར་ཡིན་པ་དང་། འགྲེམ་སྟོན་ཁང་ནང་འཛུལ་མཚམས་འཇོག་པའི་དུས་ཚོད་ནི16:00བར་ཡིན། ལྟད་མོ་བ་རྣམས་ཚོགས་ར་ནས་ཕྱིར་འཐེན་པའི་དུས་ཚོད་ནི16:30བར་ཡིན། གཟའ་འཁོར་རེའི་གཟའ་ཟླ་བའི་ཉིན་སྒོ་འབྱེད་རྒྱུ་མིན།
           སྤྱི་དམངས་ཀྱིས་རང་ཉིད་ཀྱི་ཐོབ་ཐང་ལག་ཁྱེར་དང་། ཞང་ཀང་དང་ཨའོ་མོན་གྱི་ཡུལ་མི་ཡིན་ན་ནང་ལོག་ས་ཁུལ་གྱི་འགྲོ་འོང་ལམ་ཡིག་དང་། ཐའེ་ཝན་གྱི་ཡུལ་མི་ཡིན་ན་སྐམ་སའི་འགྲོ་འོང་ལམ་ཡིག་སོགས་གོ་ཆོད་ལག་ཁྱེར་ལ་བརྟེན་ནས་དྲ་ཐོག་ཏུ་མིང་ངོ་མ་འགོད་པའི་ལམ་ལུགས་ལྟར་རིན་མེད་སྔོན་མངག་བྱས་ཏེ་ལྟ་སྐོར་བྱས་ཆོག
           ཉིན་ཧྲིལ་བོར་ཆུ་ཚོད9:00-12:00བར་དང13:00-16:00བར་གྱི་དུས་མཚམས་གཉིས་སུ་དབྱེ་ནས་ཚང་མ་སྔོན་མངག་ལྟ་སྐོར་བྱས་ཆོག  ཡུལ་དངོས་སུ་སྔོན་མངག་བྱས་མི་ཆོག 
           ལྟད་མོ་བས་ངེས་པར་དུ་སྔོན་མངག་གི་དུས་ཚོད་ལྟར་རང་ཉིད་ཀྱི་ཐོབ་ཐང་ལག་ཁྱེར་སོགས་གོ་ཆོད་ལག་ཁྱེར་འཁྱེར་ནས་འགྲེམ་སྟོན་ཁང་དུ་ལྟ་སྐོར་བྱེད་པར་བསྐྱོད་དགོས།
           རིམས་ནད་སྔོན་འགོག་ཚོད་འཛིན་གྱི་བླང་བྱ་གཞིར་བཟུང་སྟེ། ལྟ་སྐོར་བྱེད་སྐབས་ཡུལ་དངོས་ཀྱི་ལས་དོན་མི་སྣའི་ཁྲིད་སྟོན་ལ་བརྩི་སྲུང་ཞུས་ནས་རང་རྟོགས་ངང་བདེ་འཇགས་ཞིབ་བཤེར་དང་ལེན་བྱེད་པ་དང་། རང་ཉིད་ཀྱི་བདེ་ཐང་ཨང་རྟགས་སྟོན་པ་དང་བདེ་ཐང་ལྟ་ཞིབ་ཚད་འཇལ་དང་ལེན་བྱས་ཏེ་བརྒྱུད་རིམ་ཧྲིལ་པོར་ཁ་རས་ལེགས་པོ་རྒྱག་དགོས།
           གནས་ཚུལ་ཞིབ་ཕྲ་ནི་ལག་ཁྱེར་ཁ་པར་དང་གློག་ཀླད་ལ་བརྟེན་ནས་ཀྲུང་གོའི་གུང་ཁྲན་ཏང་གི་ལོ་རྒྱུས་འགྲེམ་སྟོན་ཁང་ལ་སྔོན་མངག་ལྟ་སྐོར་བྱེད་པའི་མ་ལག(http://ticket.cpcmuseum.cn)ནས་སྔོན་མངག་བྱས་ཏེ་ལྟ་སྐོར་བྱས་ཆོག
རྩོམ་སྒྲིག་པ། རིག་གྲོལ།