ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

ཀྲུང་ནན་ཧྲན་གྱིས་སྐྱེས་པའི་སྨི400ཡི་རྒྱལ་ཡོངས་ཟིན་ཐོ་བརྒལ་མྱོང་།

སྤེལ་དུས 2021-09-15 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། པདྨ་ཚེ་རིང་གིས་བསྒྱུར།
ལོ་ངོ62སྔོན་གྱི་དེ་རིང་།
སྐབས་དང་པོའི་རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་དེ།
གསར་དུ་བསྐྲུན་མ་ཐག་པའི་པེ་ཅིང་བཟོ་པའི་ལུས་རྩལ་ཐང་དུ་གཟབ་རྒྱས་ངང་འགོ་ཚུགས་པ་རེད།

སྐབས་དང་པོའི་རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་ནང་ཞུགས་པའི་རྣམ་པ།

སྐབས་དེའི་ལུས་རྩལ་འགྲན་ཚོགས་སྟེང་དུ།
ང་ཚོ་ལ་ཆ་རྒྱུས་ཧ་ཅང་ཆེ་བའི་མི་ཞིག་གིས། 
སྨི400ཅན་གྱི་སྐྱེས་པའི་མཆོང་རྒྱུག་ཁྲོད་རྒྱལ་ཡོངས་ཟིན་ཐོ་ལས་བརྒལ་ཡོད།
ཁོང་ནི་ཀྲུང་ནན་ཧྲན་རེད།

སྨི400ཅན་གྱི་སྐྱེས་པའི་མཆོང་རྒྱུག་ཁྲོད་རྒྱལ་ཡོངས་ཟིན་ཐོ་ལས་བརྒལ་རྗེས།
ཀྲུང་ནན་ཧྲན་གྱིས་མུ་མཐུད་དུ་གསོ་རིག་སྦྱངས་པས། 
1955ལོར་ཀྲུང་ནན་ཧྲན་གྱིས་པེ་ཅིང་གསོ་རིག་སློབ་གླིང་དུ་རྒྱུགས་འཕྲོད་ཅིང་།
དེ་ནི་ད་ལྟའི་པེ་ཅིང་སློབ་ཆེན་གྱི་གསོ་རིག་སྡེ་ཁག་རེད།
ལུས་རྩལ་གྱི་སྦྱངས་འབྲས་ཁྱད་དུ་འཕགས་པས།
1958ལོར།

ཀྲུང་ནན་ཧྲན་པེ་ཅིང་གྲོང་ཁྱེར་གྱི་ལུས་རྩལ་ཕྱོགས་བསྡུས་སྦྱོང་བརྡར་རུ་ཁག་ཏུ་སྐོང་འཐེན་བྱས་ནས།
སྐབས་དང་པོའི་རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་ལ་གྲ་སྒྲིག་བྱས།

ལོ་གཅིག་གི་རྗེས་སུ།
སྐབས་དང་པོའི་རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་ཀྱི་སྨི400ཅན་གྱི་སྐྱེས་པའི་མཆོང་རྒྱུག་སྔོན་འདེམས་འགྲན་ར་ནས།
ཀྲུང་ནན་ཧྲན་གྱིས་སྐབས་དེའི་རྒྱལ་ཡོངས་ཀྱི་ཟིན་ཐོ་ལས་བརྒལ་བ་རེད།

རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་མཇུག་འགྲིལ་རྗེས།
ལས་རིགས་ལུས་རྩལ་པ་ཞིག་ཏུ་འགྱུར་རྒྱུའི་གོ་སྐབས་དེ།
ཀྲུང་ནན་ཧྲན་གྱི་མདུན་དུ་བཞག་ཡོད།
འོན་ཀྱང་ཁོང་གིས་བསམ་བློ་ཡང་ཡང་བཏང་རྗེས།
གསོ་རིག་གི་ཁྱབ་ཁོངས་སུ་ཕྱིར་ལོག
“ངས་བལྟས་ན་རང་ཉིད་ཀྱི་གཟུགས་བྱད་ཡག་པོ་མེད་ལ་གཟུགས་གཞིའང་ཡག་པོ་མེད།
(གྲུབ་འབྲས)ཆེས་མང་ན་ཨེ་ཤ་ཡའི་ཆུ་ཚད་ལ་སླེབས་པ་མ་གཏོགས།
འཛམ་གླིང་གི་ཆུ་ཚད་ལ་སླེབས་མི་ཐུབ་པས།
ལུས་རྩལ་པ་ཞིག་བྱེད་པར་མདུན་ལམ་མེད”ཅེས་བཤད།
 
དྲ་གྲོགས་ཚོས་ཕུལ་བྱུང་ཅན་གྱི་མིས་ཅི་ཞིག་སྒྲུབ་ཀྱང་ཕུལ་བྱུང་ཡིན་ཟེར།
 
“ཀུན་ཐུབ”ཅན་གྱི་ཡོན་ཧྲི་ཀྲུང་ནན་ཧྲན་མཐོང་ཚེ།
དྲ་གྲོགས་མི་ཉུང་བ་ཞིག་གིས་དབུགས་རིང་ཞིག་འཐེན་བཞིན།
“ཕུལ་བྱུང་གི་མི་ནི་ཁྱབ་ཁོངས་གང་དུ་སོང་ཡང་ཕུལ་བྱུང་ཡིན”པ་དང་།
“འདི་ལྟ་བུ་ལ་ད་གཟོད་སྐྱེས་ཕོ་རབ་ཟེར”ཞེས་བརྗོད་ཀྱི་ཡོད།
རྩོམ་སྒྲིག་པ། སྣང་རྡོར།