ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

ནེ་པ་ལར་རླངས་འཁོར་ཞིག་གཡང་ལ་ལྷུང་ནས་མི28རྐྱེན་ལམ་དུ་ཤོར་འདུག

སྤེལ་དུས 2021-10-15 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། འབྲུག་རྒྱལ་མཁར་གྱིས་བསྒྱུར།
           ས་གནས་དེ་གའི་དུས་ཚོད་ཚེས12ཉིན། ནེ་པ་ལའི་འགྲུལ་སྐྱེལ་རླངས་འཁོར་ཆེ་གྲས་ཤིག་ནུབ་རྒྱུད་ཀེར་ན་ལི་ཞིང་ཆེན་མུའུ་ཀུའུ་རྫོང་ཁོངས་སུ་སྐྱོད་སྐབས་གཡང་གཟར་དུ་ལྷུང་སྟེ་ཉུང་མཐར་ཡང་མི28རྐྱེན་ལམ་དུ་ཤོར་བ་དང་མི14ལ་རྨས་སྐྱོན་ཕོག་པ་རེད། 

           མུའུ་ཀུའུ་རྫོང་གི་རྫོང་དཔོན་མ་ཧ་ཐེས་དོན་རྐྱེན་བྱུང་བའི་ཡུལ་དངོས་སུ་ཁ་པར་གྱི་ལམ་ནས་གསར་འགོད་པར་བརྗོད་དོན། ཐོག་མའི་བརྟག་དཔྱད་བྱས་པ་ལས་མངོན་པར། དོན་རྐྱེན་བྱུང་སའི་ལམ་ཡག་པོ་མེད་པས་འགྲུལ་སྐྱེལ་རླངས་འཁོར་ཆེ་གྲས་དེའི་འཁོར་ལོ་བཀད་ནས་གཡང་གཟར་དུ་ལྷུང་། འགྲུལ་སྐྱེལ་རླངས་འཁོར་གྱི་ནང་དུ་ཁྱོན་མི42ཡོད་པ་ལས་མི24སྐབས་ཐོག་དེར་རྐྱེན་ལམ་དུ་ཤོར་བ་དང་། མི18ལ་རྨས་སྐྱོན་ཕོག་པའི་ཁྲོད་ནས་མི4སྨན་ཁང་དུ་བསྐྱལ་བའི་ལམ་བར་དུ་རྨས་སྐྱོན་ལྕི་བའི་རྐྱེན་ལམ་དུ་ཤོར་བ་རེད། དེ་ལས་རྐྱེན་ལམ་དུ་ཤོར་བའི་མི་མང་ཆེ་བ་ནི་སློབ་མ་དང་རྒྱ་གར་ནས་ནེ་པ་ལར་ལོག་ནས་དུས་ཆེན་གཏོང་བའི་ལས་ཀ་བ་རེད།  

        ནེ་པ་ལར་འགྲིམ་འགྲུལ་དོན་རྐྱེན་མང་པོ་ཐོན་པའི་རྒྱུ་རྐྱེན་གཙོ་བོ་ནི་རླངས་འཁོར་མྱུར་ཚད་ལས་བརྒལ་བ་དང་། ཤོང་ཚད་ལས་བརྒལ་བ། རླངས་འཁོར་སྲུང་སྐྱོང་ཡག་པོ་བྱུང་མེད་པ། གཞུང་ལམ་ཡག་པོ་མེད་པ་སོགས་ཀྱི་རྐྱེན་རེད
རྩོམ་སྒྲིག་པ། བདེ་སྒྲོལ།