ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

ཕྱི་འབྲེལ་པུའུ་ཡིས་གོ་ལ་ཧྲིལ་པོར་བོད་ལྗོངས་འོས་སྦྱོར་བྱ་རྒྱུ།

སྤེལ་དུས 2021-10-18 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། འབྲུག་རྒྱལ་མཁར་གྱིས་བསྒྱུར།
           ཕྱི་འབྲེལ་པུའུ་དང་བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས་ཟླ10པའི་ཚེས20ཉིན(གཟའ་ལྷག་པ།)ཕྱི་འབྲེལ་པུའུ་ཡི་ཚོམས་ཆེན་སྔོན་པོ་རུ་ཕྱི་འབྲེལ་པུའུ་ཡི་བོད་ལྗོངས་གོ་ལ་ཧྲིལ་པོར་འོས་སྦྱོར་བྱེད་པའི་བྱེད་སྒོ་སྤེལ་རྒྱུ་ཡིན་ཞིང་། དེའི་བརྗོད་དོན་གཙོ་བོ་ནི“རྒྱང་སྐྱོད་ལམ་བུ་གསར་པའི་སྟེང་གི་ཀྲུང་གོ་སྟེ། བདེ་སྐྱིད་ལྡན་པའི་བོད་ལྗོངས་གསར་པ་དང་། འཕེལ་རྒྱས་ཀྱི་བརྙན་རིས་གསར་པ”ཞེས་པ་དེ་རེད། སྐབས་དེ་དུས་སུ་རྒྱལ་དོན་ཨུ་ཡོན་དང་ཕྱི་འབྲེལ་པུའུ་ཡི་པུའུ་ཀྲང་གི་འགན་གཅིག་ལྕོགས་སུ་བཞེས་པའི་ཝང་དབྱི་དང་བོད་རང་སྐྱོང་ལྗོངས་ཏང་ཨུའི་ཧྲུའུ་ཅི་ཝུའུ་དབྱིང་ཅེ། རང་སྐྱོང་ལྗོངས་སྲིད་གཞུང་གི་ཀྲུའུ་ཞིའི་ལས་ཚབ་ཡན་ཅིན་ཧའེ་བཅས་ལྷན་དུ་ཕེབས་ནས་ཤིས་ཚིག་གསུངས་རྒྱུ་དང་། གསུང་བཤད་གནང་བ། འོས་སྦྱོར་བཅས་བྱ་རྒྱུ་རེད། ཀྲུང་གོ་དང་ཕྱི་རྒྱལ་གྱི་མི་སྣ་དང་དེ་བཞིན་དུ་ཀྲུང་གོར་བཅའ་སྡོད་བྱེད་པའི་ཕྱི་རྒྱལ་གྱི་གཞུང་ཚབ་འཐུས་མི་སོ་སོས་གདན་ཞུས་ལྟར་གཏམ་བཤད་བྱ་རྒྱུ་རེད། 

ཇོ་མོ་གླང་མའི་སྐྱ་རེངས།
           ད་ལོ་ནི་ཀྲུང་གོའི་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ100འཁོར་བ་དང་བོད་ལྗོངས་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ70འཁོར་བའི་ལོ་རེད།
           ལོ་ངོ70ཡི་རིང་བོད་ལྗོངས་ལ་ལོ་རྒྱུས་ཐོག་ཆེས་རླབས་ཆེ་བ་དང་ཆེས་གཏིང་ཟབ་པའི་སྤྱི་ཚོགས་ཀྱི་འཕོ་འགྱུར་བྱུང་ཡོད། ཀྲུང་གོའི་གུང་ཁྲན་ཏང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་ཏུ་བོད་ལྗོངས་འདི་ཉིད་མུན་ནག་དང་རྗེས་ལུས་ཀྱི་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་ཀྱི་སྤྱི་ཚོགས་ནས་ཤེས་དཔལ་དང་ཡར་ཐོན་གྱི་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་སུ་སླེབས་པ་དང་། མི་དམངས་ལ་ཡར་ལངས་བཅིངས་འགྲོལ་ཐོབ་ནས་རྒྱལ་ཁབ་དང་སྤྱི་ཚོགས་ཀྱི་བདག་པོར་གྱུར་ཡོད།  
མཚོ་བོད་ལྕགས་ལམ།
      ད་ཐེངས་ཀྱི་འོས་སྦྱོར་བྱེད་སྒོའི་ནང་ཀྲུང་གོའི་གུང་ཁྲན་ཏང་གི་འགོ་ཁྲིད་འོག་ལོ་ངོ70ཡི་རིང་ལ་བོད་ལྗོངས་ཀྱི་བྱ་གཞག་ཁག་ལ་ཕྱོགས་ཡོངས་ནས་ཡར་ཐོན་དང་། ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་བྱུང་བ། དེ་བཞིན་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་བཅས་ཕྱོགས་ཡོངས་ནས་འོས་སྦྱོར་བྱ་རྒྱུ་ཡིན་ལ། བོད་ལྗོངས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱིས་ཏང་གི་འགོ་ཁྲིད་མཐའ་འཁྱོངས་དང་། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་པ། མཐུན་སྒྲིལ་དང་ཕྱུག་འགྱུར། ཤེས་དཔལ། ཞི་མཐུན། མཛེས་སྡུག་བཅས་ཀྱི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱེད་པའི་ཡིད་ཆེས་བརྟན་པོ་དང་བློ་སྟོབས་ཆེན་པོ་མངོན་པར་མཚོན་རྒྱུ་རེད། 
ལྷ་ས་མི་དམངས་ཀྱིས་དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་ལ་བསུ་བ།
རྩོམ་སྒྲིག་པ། སྣང་རྡོར།