ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

ཡུལ་སྐོར་བས་གཟི་ཚ་སྡེ་དགུའི་ཡུལ་སྐོར་དངོས་པོ་མ་ཉོས་པར་ཡུལ་སྐོར་སྣེ་ཤན་པས་གཤེ་གཤེ་བཏང་བ་ཡིན་མིན་ལ་གཞུང་ཕྱོགས་ཀྱིས་ཁྲིམས་འཛིན་སྡེ་ཁག་དེར་ཞུགས་ནས་བརྟག་དཔྱད་བྱེད་བཞིན་ཡོད་ཅེས་ལན་བཏབ།

སྤེལ་དུས 2021-10-19 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ།
          
          གཟི་ཚ་སྡེ་དགུ་རྫོང་ཨུ་དྲིལ་བསྒྲགས་པུའུ་ཡི་གཞུང་ཕྱོགས་པོད་ཕྲན་ཐོག་ཏུ་ཟླ10པའི་ཚེས18ཉིན་གནས་ཚུལ་སྤེལ་བར་གཞིགས་ན། ཟླ10པའི་ཚེས17ཉིན། “གཟི་ཚ་སྡེ་དགུར་ཡུལ་སྐོར་བྱེད་པའི་སྐབས་སུ་དངོས་པོ་མ་ཉོས་པར་ཡུལ་སྐོར་སྣེ་ཤན་པས་གཤེ་གཤེ་གཏོང་བཞིན་པ”ཞེས་པའི་བརྙན་ཐུང་ཞིག་དྲ་ལམ་དུ་ཁྱབ་པར། གཟི་ཚ་སྡེ་དགུ་རྫོང་གིས་ཚད་མཐོའི་མཐོང་ཆེན་བྱས་ནས་ཁྲིམས་འགལ་ཁུངས་སྣེ་དེ་འབྲེལ་ཡོད་ཡུལ་སྐོར་སྣེ་ཤན་པ་དང་དེ་བཞིན་ཡུལ་སྐོར་ལས་དོན་ཁང་གནས་ཡུལ་གྱི་ཕྱོགས་བསྡུས་ཁྲིམས་འཛིན་སྡེ་ཚན་ལ་རྩིས་སྤྲོད་བྱས།  
          མིག་སྔར་གཟི་ཚ་སྡེ་དགུ་རྫོང་གི་ཕྱོགས་བསྡུས་ཁྲིམས་འཛིན་སྡེ་ཁག་བརྟག་དཔྱད་ནང་ཞུགས་པ་དང་། བརྟག་དཔྱད་ཀྱི་གནས་ཚུལ་དུས་ཐོག་ཏུ་སྤྱི་ཚོགས་ཡོངས་ལ་ཁྱབ་བསྒྲགས་བྱ་རྒྱུ་རེད། 
རྩོམ་སྒྲིག་པ། སྣང་རྡོར།