ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

▶དབང་པོ་སྐྱོན་ཅན་ཞིག་གིས་སྒོར་ས་ཡ་ལྷག་ཞལ་འདེབས་སུ་ཕུལ་བ།

སྤེལ་དུས 2021-12-02 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ།

ཉེ་ཆར།
“དབང་པོ་སྐྱོན་ཅན་ཞིག་གིས་ལོ་ངོ13རིང་ཞལ་འདེབས་སྒོར་ས་ཡ་ལྷག་ཕུལ་བ”ཞེས་པ་དེ།
དྲ་ཐོག་གི་ཚ་བཤེར་དུ་གྱུར་ལ།
དྲ་གྲོགས་གྲངས་མེད་ཅིག་ལ་སེམས་འགུལ་ཆེན་པོ་ཐེབས་སུ་བཅུག་པ་རེད།

 དབང་བོ་སྐྱོན་ཅན་དེའི་མིང་ལ་ཧུའུ་ལེ་ཟེར།
ཉིང་ཞ་ཀྲུང་ཝེ་གྲོང་ཁྱེར་ནས་ཡིན།

 ཟླ11པའི་ཚེས29ཉིན།
ཧུའུ་ལེ་ཡི་ལོ28ལ་སོན་པའི་སྐྱེས་སྐར་རེད།
ཁོང་ནི་དབང་པོ་སྐྱོན་ཅན་ཞིག་ཡིན་ལ།
གད་སྙིགས་སྒྲུག་པ་དང་ལག་ཤེས་ཐོན་རྫས་བཙོངས་ནས་འཚོ་བ་རོལ་གྱིན་ཡོད།
ཁོང་ཉིང་ཞ་ཀུའུ་དབྱི་གྲོང་ཁྱེར་ཡོན་ཀྲོའུ་ཁུལ་སན་ཡོན་གྲོང་རྡལ་སན་ཞའོ་ལ་ཡོང་ནས།
གྲོང་གསེབ་ཀྱི་སློབ་མ525ལ།
དཔེ་ཁུག་དང་འབྲི་དེབ་སོགས་ཁྱོན་བསྡོམས་སྒོར30450ཡི་དངོས་ཟོག་ཞལ་འདེབས་སུ་ཕུལ།

ཞི་ཀུའུ་གཅེས་སེམས་དང་བླངས་པའི་མཐུན་ཚོགས་ཀྱི་འགན་འཁུར་བ་
ལུའོ་ཧྥེ་ཡིས་མཚམས་སྦྱོར་བྱས་པར་གཞིགས་ན།
“ཧུའུ་ལེ་ལོ་དྲུག་བདུན་ལ་སླེབས་སྐབས།
ཚ་བརྒྱབ་ནས་བྱིས་པའི་སྦྲིད་ནད་ཕོག་པ་དང་།
ཨ་ཕ་ཚེ་ལས་འདས་སྔ་བ་དང་ཨ་མ་མི་གཞན་ལ་གཉེན་སྒྲིག་བྱས་རྗེས།
སྤོ་བོ་ཡང་ཚེ་ལས་འདས་ཏེ་རྨོ་མོ་དང་ལྷན་དུ་འཚོ་བ་བསྐྱལ།
ཧུའུ་ལེ་ལ་བྱིས་དུས་སུ་གཞན་གྱིས་རོགས་རམ་བྱས་མྱོང་བས།
ནར་སོན་རྗེས།
རང་ཉིད་ལ་ནུས་པ་ཅི་འཛོམས་ལྟར་གཞན་ལ་རོགས་རམ་བྱ་རྒྱུ་ཡིན”ཞེས་བཤད།

 དེ་སྔོན་ཧོ་ནན་ལ་སྒོར་ཁྲི2ཀྱི་དངོས་ཟོག་ཞལ་འདེབས་སུ་ཕུལ་མྱོང་བ་དང་།
ཁོའི་སྐད་ཆ་ཚིག་གཅིག་གིས་མི་སེམས་འགུལ་བར་བྱས། 
དེ་ནི་ཧུའུ་ལེ་ཡིས་ཐེངས་དང་པོར་ཞལ་འདེབས་ཕུལ་བ་ཞིག་མིན་པར།
ད་ལོའི་ཟླ7པའི་ཚེས28ཉིན།
ཧོ་ནན་ཞིན་ཞང་དུ་དྲག་ཆར་བབས་པར།
ཧུའུ་ལེ་ཡིས་རིན་ཐང་སྒོར་ཁྲི2ཟིན་པའི་དངོས་ཟོག་ཉོས་ཏེ།
གནོད་ཐེབས་ཁུལ་ལ་ཞལ་འདེབས་ཕུལ་བ་རེད།

དངོས་ཟོག་དག་ཞལ་འདེབས་འབུལ་ཡུལ་དུ་སྐྱེལ་སྐབས།
མི་རྣམས་ཀྱིས་གཅིག་རྗེས་གཉིས་མཐུད་ངང་ཧུའུ་ལེ་ལ་ཐུགས་རྗེ་ཆེ་ཞུས་ཤིང་།
ཁོང་གི་ལུས་སྨད་དབང་པོ་སྐྱོན་ཅན་དུ་གྱུར་འདུག་པས།
ཧུའུ་ལེ་ས་ཐོག་ཏུ་འདུག་པ་ལས་ཐབས་མེད།
ཁོང་གིས་ལག་ཟུང་ཐལ་མོ་སྦྱར་ནས་མཚམས་མི་ཆད་པར།
“རྒྱལ་ཁབ་དང་མི་དམངས་ལ་དཀའ་ངལ་འཕྲད་ཚེ།
ང་ཚོ་ཚང་མར་འགན་འཁྲི་ཡོད”ཅེས་བཤད།
ཉེ་འཁོར་གྱི་མི་རྣམས་ཀྱིས་ཧུའུ་ལེ་ཡི་བྱ་བ་ཅི་ཡིན་དྲིས་པ་ན།
ཁོང་གིས “ང་ནི་གད་སྙིགས་སྒྲུག་མཁན་ཞིག་ཡིན”ཞེས་བཤད།

རྒྱུས་ལོན་བྱུང་བ་ལྟར་ན།
ཧུའུ་ལེ་ཡིས2008ལོ་ནས་བཟུང་སྤྱི་ཕན་གྱི་བྱ་བ་སྒྲུབ་འགོ་བརྩམས་ཤིང་།
རིམ་རྩིས་བྱས་ན་སྒོར་ས་ཡ་ལྷག་ཞལ་འདེབས་ཕུལ་ཡོད་པ་རེད།
ཞལ་འདེབས་ཀྱི་དངུལ་ནི་ནམ་རྒྱུན་གད་སྙིགས་སྒྲུག་པ་དང་།
ལག་ཤེས་ཐོན་རྫས་བཙོངས་ནས་བསགས་པ་ཡིན་ལ།
ད་རུང་ཁག་ཅིག་ནི་དང་བླངས་པས་ཁོང་ལ་བྱིན་པའི་རོགས་དངུལ་ཡིན་པ་རེད། 

རྩོམ་སྒྲིག་པ། བདེ་སྒྲོན།