ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

ད་ལོ་ཆབ་མདོས་མ་དངུལ་འབོར་ཆེན་བཏང་ནས་ལས་ཀ་འདི་དག་བྱ་རྩིས་འདུག

སྤེལ་དུས 2022-01-12 ཡོང་ཁུངས། བོད་ལྗོངས་ཉིན་ཚགས། རྩོམ་པ་པོ།

             ཉེ་ཆར། ཆབ་མདོ་གྲོང་ཁྱེར་གྱིས་2022ལོའི་གཙོ་གནད་རྣམ་གྲངས་གཅིག་སྡུད་ཐོག་ལས་འགོ་འཛུགས་པའི་མཛད་སྒོ་འཚོགས་ཤིང་། ཁྱོན་མ་དངུལ་སྒོར་དུང་ཕྱུར་176བཏང་བའི་གྲོང་ཁྱེར་ཡོངས་ཀྱི་གཙོ་གནད་རྣམ་གྲངས་35གཅིག་སྡུད་ཐོག་ལས་འགོ་ཚུགས་པ་རེད།
             གཙོ་གནད་རྣམ་གྲངས་གཅིག་སྡུད་ཐོག་ལས་འགོ་ཚུགས་རྗེས། ཆབ་མདོ་གྲོང་ཁྱེར་གྱིས“ཚོང་འགུག་རྣམ་གྲངས་ཀྱི་འཆར་འགོད་ལ་དམ་འཛིན་དང་། དུས་འགོའི་རྣམ་གྲངས་ཀྱི་ལས་འགོ་འཛུགས་རྒྱུར་དམ་འཛིན། སྐྲུན་བཞིན་པའི་རྣམ་གྲངས་ཀྱི་འཕེལ་རིམ་ལ་དམ་འཛིན། ལས་མཇུག་འགྲིལ་བའི་རྣམ་གྲངས་སྤྱོད་འགོ་འཛུགས་རྒྱུར་དམ་འཛིན། གནད་དོན་ཡོད་པའི་རྣམ་གྲངས་ཀྱི་དག་ཐེར་ལ་དམ་འཛིན། སྤྱོད་འགོ་ཚུགས་པའི་རྣམ་གྲངས་ལ་ཕན་འབྲས་ཐོན་རྒྱུར་དམ་འཛིན”བཅས་ཀྱི་བླང་བྱར་ནན་པོར་གཞིགས་ནས། གནས་རྒྱུད་ཁྱོན་གསུམ་གྱིས་མཐུན་སྦྱོར་ཤུགས་འདོན་བྱེད་རྒྱུ་མཐའ་འཁྱོངས་བྱས་ཏེ། རྣམ་གྲངས་འཛུགས་སྐྲུན་གྱིས་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས། མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་སྣང་དེ་བས་ཆེ་བ་དང་། སྐྱིད་སྣང་དེ་བས་རྒྱུན་མཐུད་པ། བདེ་འཇགས་ཚོར་སྣང་དེ་བས་འགན་ལེན་ཐུབ་པ་བཅས་བྱ་རྒྱུ་རེད།
             ཤེས་རྟོགས་བྱུང་བར་གཞིགས་ན། 2022ལོར་ཆབ་མདོ་གྲོང་ཁྱེར་གྱིས་གཞི་རྩའི་འཛུགས་སྐྲུན་རྣམ་གྲངས་ཆེ་གྲས་97ལག་བསྟར་བྱ་རྒྱུའི་འཆར་གཞི་ཡོད་ཅིང་། དེའི་ནང་ནུས་རྒྱུ་གཙང་མ་དང་། ཞིང་ལས། ཆུ་བེད། སློབ་གསོ། འཕྲོད་བསྟེན། འགྲིམ་འགྲུལ། གྲོང་དོན་སོགས་ཀྱི་ཁྱབ་ཁོངས་ཚུད་ཡོད། འཆར་གཞི་ལྟར་ན་གཏན་འཇགས་རྒྱུ་ནོར་ཁྱོན་མ་དངུལ་སྒོར་དུང་ཕྱུར་330.6གཏོང་རྩིས་ཡོད་པ་རེད།
རྩོམ་སྒྲིག་པ། བདེ་སྒྲོན།