ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

ཁོང་གིས་བུད་མེད་ཀྱི་ལུས་སེམས་བདེ་ཐང་སྐོར་མཉམ་སྤྱོད་གནང་བ།

སྤེལ་དུས 2022-04-26 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ།
        ཟླ4པའི་ཚེས23ཉིན་བོད་ལྗོངས་བུད་མེད་ཤེས་ཡོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱིས་གཙོ་གཉེར་བྱས་པ་དང་། བོད་ལྗོངས་ཐབས་ཤེས་དོ་དམ་བློ་འདྲི་ཚད་ཡོད་འགན་འཁྲི་ཀུང་སིས་གཉེར་འགན་འཁུར་བའི“སྨན་སྐྱིད་མཚོ་མོས་ཁྱེད་ལ་གནའ་བོའི་བོད་ལུགས་གསོ་རིག་ཁྲོད་ནས་བུད་མེད་ཀྱི་ལུས་སེམས་བདེ་ཐང་ཡོང་བའི་ཐབས་ལམ་འཚོལ་བ”ཞེས་པའི་འཆད་ཁྲིད་དེ་ལྷ་སར་སྤེལ།

སྨན་སྐྱིད་མཚོ་མོས་མཉམ་སྤྱོད་བྱེད་བཞིན་པ།
          འཆད་ཁྲིད་ཀྱི་ནང་དུ་དགེ་རྒན་སྨན་སྐྱིད་མཚོ་མོས་རང་གི་ཐུན་མོང་མ་ཡིན་པའི་མཐོང་ཟུར་ལ་བརྟེན་ནས་ཚང་མར་བུད་མེད་ཀྱིས་གང་འདྲ་བྱས་ཏེ་བོད་ལུགས་གསོ་རིག་གི་ཁྲོད་ནས་ལུས་སེམས་བདེ་ཐང་ཡོང་ཐབས་བྱེད་པའི་སྐོར་མཉམ་སྤྱོད་བྱས་ཤིང་། འཆད་ཁྲིད་འདི་ནི་དེང་རབས་ཀྱི་བུད་མེད་སྔར་ལས་མང་བ་ཞིག་གིས་བོད་ལུགས་གསོ་རིག་ངོས་ནས་རང་ཉིད་ཀྱི་ལུས་སེམས་བདེ་ཐང་ལ་བསྐྱར་ཞིབ་བྱས་ཏེ། དེང་རབས་བུད་མེད་རྣམས་ཀྱིས་སྲོལ་རྒྱུན་གསོ་རིག་གི་སྨན་བཅོས་བྱ་ཐབས་དག་དེང་རབས་འཚོ་བའི་ཁྲོད་ནས་སྤྱོད་དགོས་པའི་འདུ་ཤེས་གསོ་སྐྱོང་བྱེད་དགོས་པར་དམིགས་པ་ཡིན།

འཆད་ཁྲིད་སྤེལ་ཡུལ།
            སྨན་སྐྱིད་མཚོ་མོ་ནི་བོད་ལྗོངས་སུ་སྐྱེས་ཤིང་། ལོ་ན12ལ་སླེབས་སྐབས་དམའ་འབྲིང་གི་བསླབ་ཚན་ཚང་མ་སྔ་སྣུར་གྱིས་ལེགས་གྲུབ་བྱུང་ནས་བོད་ལྗོངས་བོད་ལུགས་གསོ་རིག་སློབ་གླིང་དུ་རྒྱུགས་འཕྲོད་པ་དང་། རང་ངོས་ནས་འབད་བརྩོན་ལྷོད་མེད་བྱས་པ་བརྒྱུད་བོད་ལྗོངས་བོད་ལུགས་གསོ་རིག་སློབ་གླིང་དུ་སློབ་གཉེར་བྱས་རྗེས་དབྱིན་ཇིའི་ཞེ་ཧྥེར་ཏེ་སློབ་ཆེན་དུ་སྤྱི་པའི་འཕྲོད་བསྟེན་གྱི་རབ་འབྱམས་པའི་བསླབ་གནས་ཐོབ་པ་མ་ཟད། འཇར་མན་གྱི་པོ་ལིན་ཧུང་པའོ་སློབ་ཆེན་དུ་འབུམ་རམས་པའི་བསླབ་གནས་ཀྱང་བླངས། དབྱིན་ཇིའི་ཉིའུ་ཅིན་སློབ་ཆེན་དང་ཨོ་སི་ཁྲུ་རི་ཡའི་ཚན་རིག་ཁང་གཉིས་ནས་གསོ་རིག་མིའི་རིགས་རིག་པའི་སློབ་སྦྱོང་ལེགས་པར་གྲུབ་སྟེ། ཀྲུང་གོ་གསར་པ་དབུ་བརྙེས་རྗེས་བོད་ལྗོངས་སུ་དབྱིན་ཇིའི་ཉིའུ་ཅིན་སློབ་ཆེན་དང་ཨོ་སི་ཁྲུ་རི་ཡའི་ཚན་རིག་ཁང་དུ་གསོ་རིག་མིའི་རིགས་རིག་པའི་སློབ་གནས་གཉིས་ལྡན་གྱི་འབུམ་རམས་ཕྱི་ཚར་སློབ་མཐར་ཕྱིན་པ་དང་པོར་གྱུར།

འཆད་ཁྲིད་སྤེལ་ཡུལ།
          རྒྱུས་ལོན་བྱུང་བ་ལྟར་ན། བོད་ལྗོངས་ཀྱི་བུད་མེད་ཤེས་ཡོན་ཅན་མཉམ་འབྲེལ་ལྷན་ཚོགས་ནི་རྒྱ་ཆེའི་བོད་ལྗོངས་བུད་མེད་ཀྱི་རྐང་འཛིན་སྟོབས་ཤུགས་ཤིག་ཏུ་གྱུར་ཡོད། བུད་མེད་ཤེས་ཡོན་ཅན་གྱི་ཆེད་ལས་མཐོང་ཟུར་མི་འདྲ་བ་ལ་ཟུང་འབྲེལ་བྱས་ནས་བུད་མེད་ཤེས་ཡོན་པའི་རིག་མཛོད་ཀྱི་ནུས་པ་ཇི་ལྟར་འདོན་པར་ཤུགས་སྣོན་རྒྱག་པ་དང་། ཚོགས་པ་འདིའི་ནུས་པ་ནི་བུད་མེད་ལས་དོན་གྱི་ཐོན་ཁུངས་མཐའ་དག་བསྡུ་སྒྲིལ་དང་བེད་སྤྱོད་བྱེད་པ། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་དང་མཐུན་པའི་ཕུལ་བྱུང་བུད་མེད་མི་སྣ་ཇེ་མང་དུ་གཏོང་བའི་ཕྱོགས་སུ་ཤུགས་རྒྱག་པ། སྤྱི་ཚོགས་དྲང་ཕྱོགས་ཀྱི་རིན་ཐང་ལྟ་བར་ཁྲིད་སྟོན་བྱེད་པ་བཅས་བྱས་ཏེ། བོད་ལྗོངས་བུད་མེད་ཀྱི་གཏམ་རྒྱུད་ཁྲོད་ནས་བོད་ལྗོངས་ཀྱི་གཏམ་རྒྱུད་ཡག་པོ་ཤོད་དགོས། 2022ལོར་བུད་མེད་ཤེས་ཡོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱིས་བུད་མེད་ཕུལ་བྱུང་མི་སྣའི་གཏམ་རྒྱུད་རབ་དང་རིམ་པ་མཉམ་སྤྱོད་བྱས་པ་སྟེ། བདེ་ཐང་འཚོ་བའི་ཐད་ཀྱི་རྒྱུན་ཤེས་དང་། སྤྱི་ཕན་ཁྲིམས་ལུགས་འཆད་ཁྲིད།(ཁྲིམས་ལུགས་ཁྱབ་གདལ་ལས་དོན།)ཁྱིམ་ཚང་གི་སློབ་གསོ་སོགས་དྲ་ཐོག་གི་པར་རིས་དང་བརྙན་ལམ། དྲ་འོག་གི་གླེང་སྟེགས་དང་། བཅར་འདྲི། བྱེད་སྒོ་བཅས་ཀྱིས་བུད་མེད་ཤེས་ཡོན་ཅན་གྱི་སྟོབས་ཤུགས་འདོན་སྤེལ་བྱ་བར་ཐོན་ཁུངས་མཉམ་འགུལ་དང་། མཉམ་འབྲེལ། སྦྲེལ་མཐུད་བཅས་ཡོང་བ་བྱས་ཏེ་བུད་མེད་རྣམས་ཀྱི་ཡར་ཐོན་དང་འཕེལ་རྒྱས་ལ་སྐུལ་ལྕག་གཏོང་བའི་སྐར་ཁུང་ལྟ་བུར་གྱུར་ཡོད་པ་རེད།
རྩོམ་སྒྲིག་པ། བདེ་སྒྲོན།