ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

ལྷ་སའི་སྲང་འདིར་སྒེར་གྱིས་གང་འདོད་དུ་སྒོ་ར་བརྒྱབ་པ་སོགས་བཤིག་པ།

སྤེལ་དུས 2022-04-28 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ།
རྒྱལ་ཁབ་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་གསར་འཛུགས་བྱས་ཏེ།
ཀྲུང་དབྱང་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་ལྟ་ཞིབ་ལས་དོན་སྤེལ་བཞིན་པ།
          ཟླ4པའི་ཚེས22ཉིན། ཀྲུང་དབྱང་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་སྐུལ་ཞིབ་བཤེར་ཚོགས་ཆུང་བཞི་པ་ནས་སྤེལ་བྱས་པའི“ལྷ་ས་གྲོང་ཁྱེར་པེ་ཅིང་ནུབ་ལམ་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཀྱི་ལས་འཁྱུར་ངལ་གསོའི་རྟེན་གཞིའི་ལམ་བུའི་སྟེང་གི་སྔོ་ལྗང་ཁུལ་ལ་རླངས་འཁོར་འཇོག་པ་དང་ཨར་ཁང་བཙུགས་སྟབས།  འཛེར་སྒྲ་ཐོན་པ་མ་ཟད་ཨ་རག་ཤེལ་དམ་དང་ཤོག་སྒམ་ཨར་ཁང་གི་སྒོ་འགྲམ་དུ་སྤུངས་ནས་འཇོག་པ”ཡི་གནད་དོན་སྐོར་གྱི་གནས་ཚུལ་འབྱོར་རྗེས། བཅིངས་འགྲོལ་ནུབ་ལམ་ཁྲོམ་གཞུང་གིས་ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་དང་། གྲོང་ཁྱེར་ཁྲོམ་རའི་ལྟ་སྐུལ་དོ་དམ་ཅུས། ཁྲེང་ཀོན་ཆུས་ཁྲོམ་རའི་ལྟ་སྐུལ་དོ་དམ་ཅུས། ཆུས་གྲོང་ཁྱེར་དོ་དམ་ཅུས་དང་ཆུས་སྐྱེ་ཁམས་ཁོར་ཡུག་ཡན་ལག་ཅུས་བཅས་དང་མཉམ་དུ་ཡུལ་དངོས་སུ་སོང་ནས་ཞིབ་དཔྱད་བྱས་པ་རེད།

སྒེར་གྱིས་གང་འདོད་དུ་སྒོ་ར་བརྒྱབ་པའི་གནས་ཚུལ།
          ཞིབ་དཔྱད་བྱས་པ་བརྒྱུད་དེ། ས་གནས་དེ་གར་ཁྱོན་ཨར་ཁང་བཞི་ཡོད་ཅིང་། དེ་དག་ཚང་མར་གང་འདོད་དུ་སྟབས་བདེའི་སྒོ་ར་བརྒྱབ་པ་སོགས་ཀྱི་གནས་ཚུལ་ཡོད་པ་སྟེ། སྐུ་མགྲོན་ཚོར་ཚོང་ཁང་ཕྱི་རོལ་དུ་འཛད་སྤྱོད་བྱ་ཡུལ་བཟོས་པས།  འཛེར་སྒྲ་ཐོན་ནས་ཉེ་འཁོར་གྱི་གྲོང་མིའི་ངལ་གསོར་ཤུགས་རྐྱེན་ཐེབས་བཞིན་ཡོད་པ་མ་ཟད། དེ་ལས་བྱུང་བའི་ཤེལ་དམ་སྟོང་པ་རྣམས་སྒོ་འགྲམ་དུ་བཞག་ནས་དུས་ཐོག་ཏུ་གཙང་སེལ་བྱེད་བཞིན་མེད་ལ། མཐའ་འཁོར་གྱི་ལྗང་མདོག་ཁུལ་དུ་རླངས་འཁོར་བསྐྱོད་པ་དང་འཇོག་པ་སོགས་ཀྱི་གནས་ཚུལ་ཡོད།

སྒེར་གྱིས་གང་འདོད་དུ་སྒོ་ར་བརྒྱབ་པའི་གནས་ཚུལ་ལ་དག་ཐེར་དང་ཡོ་བསྲང་བྱས་རྗེས།
          གནད་དོན་དེར་དམིགས་ཏེ་འབྲེལ་ཡོད་སྡེ་ཁག་གིས་འཕྲལ་མར་རྩ་འཛུགས་སྒོས་བཅོས་སྒྲིག་བྱས་ཤིང་། ཨར་ཁང་ལ་གང་འདོད་དུ་བསྐྲུན་པའི་སྒོ་ར་བཤིག་དགོས་པའི་བཀའ་བཏང་བ་མ་ཟད། ཨར་ཁང་སྒོ་འགྲམ་གྱི་ཨ་རག་ཤེལ་དམ་སྟོང་པ་སྒམ200གཙང་སེལ་བྱས། སྔོ་ལྗང་ཁུལ་ལ་རླངས་འཁོར་བསྐྱོད་པ་དང་རླངས་འཁོར་བཞག་པ་སོགས་ཀྱི་གནས་ཚུལ་ཐད་ལ་དམིགས་ཏེ། འགྲིམ་འགྲུལ་སྡེ་ཁག་གིས་ཁྲིམས་འགལ་ངང་བཞག་པའི་རླངས་འཁོར་གྱི་བདག་པོར་སློབ་གསོ་བཏང་ནས་གནས་སྤོ་རུ་བཅུག་ཅིང་། རླངས་འཁོར་ཚད་ལྡན་ངང་འཇོག་ཏུ་བཅུག་པ་རེད།
         ཤེས་རྟོགས་བྱུང་བར་གཞིགས་ན། གོམ་སྟབས་རྗེས་མར་བཅིངས་འགྲོལ་ནུབ་ལམ་གྱི་ཁྲོམ་གཞུང་གིས་དེ་གའི་སྔོ་ལྗང་ཁུལ་དུ་སྲུང་ར་བཟོས་ནས་རླངས་འཁོར་གང་བྱུང་དུ་འཇོག་པར་སྔོན་འགོག་བྱ་རྒྱུ་རེད།
རྩོམ་སྒྲིག་པ། བདེ་སྒྲོན།