ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

མི་རབས་མང་པོས་ལུས་ལ་གྱོན་པའི་མངོན་མིན་རིག་གནས་ཤུལ་བཞག

སྤེལ་དུས 2022-05-09 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན། རྩོམ་པ་པོ།

     བོད་ལྗོངས་མངའ་རིས་ས་ཁུལ་སྤུ་ཧྲེང་རྫོང་དེ་ཀྲུང་གོ་དང་། རྒྱ་གར། ནེ་པ་ལ་བཅས་རྒྱལ་ཁབ་གསུམ་གྱི་འབྲེལ་མཚམས་སུ་གནས་པ་དང་དེའི་ཐུན་མོང་མ་ཡིན་པའི་རང་བྱུང་ཁོར་ཡུག་དང་། དམངས་སྲོལ་གོམས་གཤིས། ཐོན་སྐྱེད་དང་འཚོ་བ་སྐྱེལ་སྟངས་བཅས་ལས་སྤུ་ཧྲེང་རྫོང་གི་དམིགས་བསལ་ཁྱད་ཆོས་ལྡན་པའི་གནའ་བོའི་ཤོན་གྱི་གྱོན་ཆས་གྲུབ་ཡོད།

     ཤེས་རྟོགས་བྱས་པར་གཞིགས་ན། སྤུ་ཧྲེང་རྫོང་གི་ཤོན་གྱི་གྱོན་ཆས་ལ་ད་བར་ལོ་ངོ་སྟོང་གི་ལོ་རྒྱུས་ལྡན་པ་དང་གྱོན་ཆས་རེའི་ལྗིད་ཚད་ལ་རྒྱ་མ་50ཉེ་བ་ཡོད་ཅིང་། གྱོན་ལུགས་རྙོག་འཛིང་ཆེ་བ་དང་། རྒྱན་ཆ་འདྲ་མིན་སྣ་ཚོགས་འདུས་པ་སོགས་ཀྱི་ཁྱད་ཆོས་ལྡན་ཡོད་ཅིང་དེའི་འབྱུང་ཁུངས་ཐད་བཤད་སྲོལ་འདྲི་མིན་ཡོད་པ་ལས་དེ་གའི་དམངས་ཁྲོད་དུ་སྤུ་ཧྲེང་ཤོན་གྱི་གྱོན་ཤས་དེ་རྒྱལ་སྲས་ནོར་བཟང་གི་བཙུན་མོ་ཡིད་འཕྲོག་ལྷ་མོ་ནམ་མཁའི་དབྱིངས་སུ་འཕུར་བའི་ངོ་མཚར་ཆེ་བའི་གཏམ་རྒྱུད་དང་འབྲེལ་བ་ཡོད་ལུགས་ཀྱང་བརྗོད་སྲོལ་ཡོད་པ་རེད།
     སྤུ་ཧྲེང་རྫོང་གི་ཤོན་གྱི་གྱོན་ཆས་ལ་མགོ་རྒྱན་དང་། མགུལ་རྒྱན་། རྣ་རྒྱན། ལྭ་རིང་སོགས་ཀྱི་དབྱེ་བ་ཡོད་པ་དང་དེ་ནི་གསེར་དངུལ་དང་གཡུ་བྱུར་མུ་ཏིག་སོགས་རྩ་ཆེའི་ནོར་བུ་མང་པོས་གྲུབ་པ་ཞིག་ཡིན་པ་རེད།
     སྤུ་ཧྲེང་རྫོང་གི་གནའ་བོའི་ཤོན་གྱི་གྱོན་ཆས་འདི་སྤྱི་ལོ་2008ལོར་ཀྲུང་གོའི་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་མིང་གཞུང་ནང་ཚུད་ཡོད་པ་རེད།
རྩོམ་སྒྲིག་པ། བདེ་སྒྲོན།