ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

ནག་ཆུའི་བོད་སྐྱོར་ལས་བྱེད་པ་ཞིག་གཞུང་དོན་ཆེད་རང་སྲོག་ཤོར་འདུག

སྤེལ་དུས 2022-05-12 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ།
        2022ལོའི་ཟླ5ཚེས8ཉིན་གྱི་སྔ་དྲོར། ཀྲུང་ཤིན་ཚོགས་པས་མངགས་པའི་བོད་སྐྱོར་ལས་བྱེད་པ་ཁག་དགུ་པ་དང་། ནག་ཆུ་གྲོང་ཁྱེར་སྲིད་གཞུང་གི་དྲུང་ཆེ་གཞོན་པ། ཤན་རྩ་རྫོང་ཨུའི་རྒྱུན་ཨུ་དང་རྒྱུན་ལས་རྫོང་དཔོན་གཞོན་པ་ཝང་ཅུན་ཆང་ཤན་རྩ་རྫོང་བ་ཚྭ་ཞང་དུ་རྟོག་ཞིབ་བྱེད་པར་སྐྱོད་པའི་ལམ་བར་དུ་འགྲིམ་འགྲུལ་དོན་རྐྱེན་བྱུང་བ་དང་། བློ་མཐུན་ཝང་ཅུན་ཆང་དང་ཁ་ལོ་བ་བཀྲ་ཤིས་དོན་གྲུབ་གཉིས་ནུས་ཤུགས་ཡོད་རྒུས་མྱུར་སྐྱོབ་བྱས་ཀྱང་ཕན་མ་ཐོགས་པར་ཚེ་ལས་འདས་པ་རེད། རླངས་འཁོར་གཅིག་པའི་བློ་མཐུན་གཞན་པ་གཉིས་ལ་རྨས་སྐྱོན་ཕོག་ནས་སྨན་ཁང་དུ་སྨན་བཅོས་བྱེད་བཞིན་ཡོད་ཅིང་། མིག་སྔར་ཚེ་སྲོག་ལ་ཉེན་ཁ་མེད།
རྩོམ་སྒྲིག་པ། བདེ་སྒྲོན།