ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

སློབ་ཐོན་སློབ་མ་ཚོས་ལས་ཞུགས་ལ་དོ་སྣང་བྱེད་ཤོག་ཨ།

སྤེལ་དུས 2022-09-05 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན། རྩོམ་པ་པོ།
      སྤྱི་ཟླ་9ཚེས་3ཉིན་བོད་རང་སྐྱོང་ལྗོངས་ཀྱི་ཏོག་གསར་གློ་ཚད་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་གྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་ཐེངས་ཉེར་དྲུག་པའི་ཐོག་བོད་རང་སྐྱོང་ལྗོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཏང་ཙུའུ་ཡི་ཁོངས་མི་ཀྲུའུ་ཞི་གཞོན་པ་བདེ་སྐྱིད་ཀྱིས། རིམས་ནད་ཐོན་པ་ནས་བཟུང་བོད་རང་སྐྱོང་ལྗོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱིས་དམངས་གཉེར་ཁེ་ལས་ཁག་རྒྱ་ཁྱབ་ངང་སྐུལ་སློང་བྱས་ཏེ་ཐེམ་ཁུངས་བོད་ནས་ཡིན་པའི་སློབ་ཆེན་སློབ་ཐོན་སློབ་མ་དམངས་གཉེར་ཁེ་ལས་སུ་ལས་ཞུགས་ཐུབ་རྒྱུར་རྒྱུན་མཐུད་ངང་ཁྲིད་སྟོན་བྱས་ཡོད་ཅེས་བརྗོད་པ་རེད།

        ངོ་སྤྲོད་བྱས་པར་གཞིགས་ན།    མིག་སྔར་བོད་ལྗོངས་ནང་ཁུལ་གྱི་ཁེ་ལས་133གྱིས་ལས་གནས་3319དང་བོད་ལྗོངས་ཕྱིའི་ཞིང་ཆེན་22ཀྱི་དམངས་གཉེར་ཁེ་ལས་300ལྷག་ཙམ་གྱིས་ལས་ཞུགས་ལས་གནས་ཁྲི་2ཙམ་མཁོ་འདོན་བྱས་ཡོད་པ་རེད། དེ་ན་སྤྱི་ཟླ་9ཚེས་6དང་ཚེས་13ཉིན་དྲ་ཐོག་ཏུ་རྒྱལ་ཡོངས་བཟོ་ཚོང་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱི་ཤེས་ལྡན་མི་སྣའི་དྲ་སྦྲེལ་ཞེས་པའི་བོད་ལྗོངས་ཀྱི་ཆེད་དོན་གདན་ཞུའི་དྲ་ཐོག་ཐད་གཏོང་ཐེངས་གཉིས་གཉེར་རྒྱུ་རེད་འདུག་པས། བོད་ལྗོངས་ཀྱི་མཐོ་སློབ་སློབ་ཐོན་སློབ་མས་དྲ་ཐོག་ལས་ཞུགས་གདན་ཞུའི་བྱེད་སྒོར་ཧུར་ཐག་ཞུགས་ནས་སེམས་ལ་བསམ་པའི་ལས་ཞུགས་ལས་གནས་འཚོལ་ཐུབ་རྒྱུའི་རེ་བ་ཡོད།    
རྩོམ་སྒྲིག་པ། བདེ་སྒྲོན།