ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

དཀར་མཛེས་ལྕགས་ཟམ་རྫོང་གི་ས་འགུལ་ཁྲོད་མི46རྐྱེན་ལམ་དུ་ཤོར།

སྤེལ་དུས 2022-09-06 ཡོང་ཁུངས། གངས་ལྗོངས་ཉི་གཞོན། རྩོམ་པ་པོ།
  གསར་འགོད་པས་སི་ཁྲོན་ཞིང་ཆེན་འཕྲལ་བསྟུན་བཀོད་འདོམས་པུའུ་ནས་ཤེས་རྟོགས་བྱུང་གསལ། སྤྱི་ཟླ་9པའི་ཚེས་5ཉིན་གྱི་ཆུ་ཚོད་20དང་སྐར་མ་30བར་དུ། སི་ཁྲོན་ལྕགས་ཟམ་ཁའི་ས་འགུལ་ལས་མི་46རྐྱེན་ལམ་དུ་ཤོར་ཟིན་པ་དང་། དེ་ལས་དཀར་མཛེས་ཁུལ་ནས་མི་29དང་གཡག་རྔ་གྲོང་ཁྱེར་ནས་མི་17རྐྱེན་ལམ་དུ་ཤོར་ཡོད།
  མི་16ལ་འབྲེལ་བ་ཆད་ཅིང་། མི་50ལྷག་ལ་རྨས་སྐྱོན་ཕོག་ཡོད། མི་ཤི་རྨས་ཀྱི་གནས་ཚུལ་ཞིབ་ཕྲ་ད་དུང་མུ་མཐུད་དུ་བསྡོམས་རྩིས་བྱེད་བཞིན་ཡོད།

  སི་ཁྲོན་གྱིས་འཕྲལ་དུ་སྟོབས་ཤུགས་སྒྲིག་འཛུགས་བྱས་ནས་མང་ཚོགས་བདེ་འཇགས་གནས་སུ་སྤོས་པ་དང་། མིག་སྔའི་བར། དཀར་མཛེས་ཁུལ(གཙོ་བོ་ལྕགས་ཟམ་རྫོང་ཡིན)དང་གཡག་རྔ་གྲོང་ཁྱེར(གཙོ་བོ་ཧྲི་མེན་རྫོང་ཡིན)གྱི་མི་ཁྲི་5ལྷག་གནས་སྐབས་ཉེན་ཡོལ་བྱ་ཡུལ་དུ་གནས་སྤོ་བཀོད་སྒྲིག་བྱས་ཡོད།
  ཤེས་རྟོགས་བྱུང་གསལ། མིག་སྔར། ས་འགུལ་གནོད་ཐེབས་ཁུལ་དུ་མགྱོགས་མྱུར་སྒོས་མི་སྣ་འཚོལ་སྐྱོབ་དང་བཀོད་སྒྲིག་གི་ལས་ཀ་སྤེལ་བཞིན་ཡོད། སྤྱི་ཟླ་9ཚེས་5ཉིན་གྱི་ཆུ་ཚོད་18བར་དུ། སི་ཁྲོན་ནས་རིམ་རྩིས་བྱས་ན་བཅིངས་འགྲོལ་དམག་དང་དྲག་ཆས་ཉེན་རྟོག་རུ་ཁག །མེ་ཟོན་རོགས་སྐྱོབ། ནགས་ཚལ་མེ་ཟོན། འཕྲིན་གཏོང་གློག་ཤུགས། སྨན་བཅོས་རོགས་སྐྱོབ་སོགས་རིགས་སོ་སོའི་མྱུར་སྐྱོབ་པ་6500ལྷག་གི་སྟོབས་ཤུགས་བཏང་བ་དང་། ཐད་འཕུར་གནམ་གྲུ་4དང་མི་མེད་གནམ་གྲུ་2གནོད་ཐེབས་ས་ཁུལ་དུ་བཏང་ནས་མཁའ་དབྱིངས་ནས་མྱུར་སྐྱོབ་དང་གནོད་ཐེབས་གནས་ཚུལ་བརྟག་དཔྱད་ཀྱི་ལས་ཀ་སྤེལ་བ་རེད།

  འགུལ་ཁུངས་འབོ་ཞབས་གྲོང་རྡལ་དུ། མེ་ཟོན་མྱུར་སྐྱོབ་མི་སྣ་དང་ཕྱོགས་མང་པོའི་མྱུར་སྐྱོབ་སྟོབས་ཤུགས་གཅིག་ཏུ་བསྡུས་ནས་མྱུར་སྐྱོབ་མི་སྣས་མཚན་མོར་ས་འགུལ་གྱིས་རྨས་སྐྱོན་ཐེབས་པའི་མི་སྣ་དང་མྱུར་སྐྱོབ་དངོས་རྫས་དབོར་འདྲེན་དང་ལྷག་ལུས་བྱུང་བའི་མང་ཚོགས་འཚོལ་སྐྱོབ། རྨས་སྐྱོན་ཐེབས་མཁན་མྱུར་སྐྱོབ་གནས་སྤོ་བྱས། ལྕགས་ཟམ་ཁ་བདེ་བར་སྨོན། །
རྩོམ་སྒྲིག་པ། བདེ་སྒྲོན།