ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

དཀར་མཛེས་ཁུལ་གྱི་གྲོང་མིས་འཚང་ཁ་ཤིག་ཤིག་ངང་གེཊ་ཁུལ་ལ་ཁྲག་འབུལ་བ།

སྤེལ་དུས 2022-09-08 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན། རྩོམ་པ་པོ།

       སྤྱི་ཟླ་9པའི་ཚེས་5ཉིན། ལྕགས་ཟམ་རྫོང་དུ་ས་ཡོམ་རིམ་པ་6.8བརྒྱབ་པར་དཀར་མཛེས་ཀྱི་མི་དམངས་ཡོངས་ཀྱིས་སེམས་ཁྲལ་བྱས་ཡོད། སྤྱི་ཟླ་9པའི་ཚེས་6ཉིན་གྱི་ཕྱི་དྲོར། དཀར་མཛེས་ཁུལ་ཟུངས་ཁྲག་ལྟེ་གནས་ཀྱི་ཕྱི་རོལ་དུ་གྲོང་མི་རྣམས་གྲལ་སྟར་རིང་པོ་བསྒྲིགས་ནས་གཅིག་རྗེས་གཉིས་མཐུད་ངང་ཁྲག་འབུལ་བའི་བྱ་འགུལ་ནང་ཞུགས་ཏེ། རང་ཉིད་ཀྱི་བྱ་ཐབས་ཐོག་ནས་གཅེས་སེམས་བརྒྱུད་སྤྲོད་བྱས་ཏེ་ཡོམ་ཁུལ་ལ་ཤུགས་བརྒྱབ་པ་རེད།

       སྤྱི་ཟླ་9པའི་ཚེས་5ཉིན་ལྕགས་ཟམ་རྫོང་དུ་ས་ཡོམ་རིམ་པ་6.8བརྒྱབ་རྗེས། ཡོམ་ཁུལ་གྱི་རྨས་མ་རྣམས་སྔ་རྗེས་སུ་ཧྭ་ཤིས་དཀར་མཛེས་སྨན་ཁང་དང་ལྕགས་ཟམ་རྫོང་མི་དམངས་སྨན་ཁང་དུ་བསྐྱལ་ཡོད། རྨས་མ་མྱུར་སྐྱོབ་བྱ་ཆེད། དཀར་མཛེས་ཁུལ་ཟུངས་ཁྲག་ལྟེ་གནས་ཀྱི་ABདང་Bརིགས་ཀྱི་ཁྲག་རིགས་གཉིས་ཀྱི་གྲབས་གསོག་བྱེད་ཚད་ཆག་ཡོད་པས། ནད་ཐོག་སྨན་བཅོས་ཀྱི་ཁྲག་མཁོ་འདོན་འདང་ངེས་དང་ནད་པའི་ཚེ་སྲོག་བདེ་ཐང་འགན་ལེན་བྱ་ཆེད། དཀར་མཛེས་ཁུལ་ཟུངས་ཁྲག་ལྟེ་གནས་ཀྱིས་འཕྲལ་དུ་སྤྱི་ཚོགས་ལ་རིན་མེད་ཁྲག་སྦྱིན་གྱི་གྲོས་འགོའི་ཡི་གེ་བཏང་ནས་། རྒྱ་ཆེའི་མང་ཚོགས་ཧུར་ཐག་ཞུགས་རྒྱུའི་འབོད་སྐུལ་བྱས་པ་རེད།

       ཟུངས་ཁྲག་ནི་ཚེ་སྲོག་གི་འབྱུང་ཁུངས་རེད། རིན་མེད་ཁྲག་འབུལ་ནི་ཁྲག་འབུལ་བ་ཙམ་མ་ཡིན་པ། ལྷག་བསམ་དང་གཅེས་སེམས་འབུལ་བའང་ཡིན། ཐེངས་འདིའི་ཁྲག་འབུལ་བའི་གྲོས་འགོར་རྒྱ་ཆེའི་གྲོང་མི་ཚོའི་རྒྱབ་སྐྱོར་ཤུགས་ཆེན་ཐོབ་ནས། ས་ཡོམ་ལ་སྙིང་རྗེ་མེད་ཀྱང་མི་ཡུལ་ལ་བརྩེ་སེམས་ལྡན་པ་གསལ་བཤད་བྱས་ཡོད། དཀའ་ངལ་གྱི་མདུན་དུ་ཀྲུང་གོའི་མི་དམངས་ཀྱིས་ནམ་ཡང་དཔའ་ངར་ཆེར་བསྐྱེད་ཀྱིས་ཕན་ཚུན་ལ་རོགས་སྐྱོར་གྱི་ལག་ཟུང་བརྐྱངས་ཡོད། ཉིན་དེར་མང་ཚོགས་110ཡིས་ཁྲག་སྦྱིན་ཕུལ་ཡོད་པ་དང་། རིམ་རྩིས་བྱས་ན་ཁྲག་སྦྱིན་ཚད་ཧའོ་ཧྲེང་36600ཟིན་ཡོད་པ་རེད།
རྩོམ་སྒྲིག་པ། བདེ་སྒྲོན།