ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

ཁོང་ཚོ་ནི་མང་ཚོགས་ཀྱི་གཉེན་ཉེ་མིན་ན་གང་ཡིན།

སྤེལ་དུས 2022-09-19 ཡོང་ཁུངས། པ་སྣམ་གྱི་སྤྱི་བདེ། རྩོམ་པ་པོ།

  ཉེ་ཆར། པ་སྣམ་རྫོང་སྤྱི་བདེ་ཅུས་ཀྱི་མི་དམངས་ཉེན་རྟོག་པ་དང་ལས་རོགས་ཉེན་རྟོག་པས་འདྲི་རྟོགས་དང་གྲལ་བཤེར་བྱེད་སྐབས། ཁོངས་གཏོགས་ཁུལ་གྱི་མང་ཚོགས་འགའ་ཞིག་ལ་ནད་གཞི་ལྕི་པོ་ཕོག་ནས་སྨན་རིན་འཕྲལ་མཁོ་ཆེ་བ་མ་ཟད། ཁྱིམ་དུ་མི་མང་ལ་ངལ་ནུས་ཉུང་བའི་ཁར། ད་དུང་གཉེན་ཉེ་གྲོངས་སྟབས། སྐབས་ཤིག་རིང་འཚོ་བར་དཀའ་ངལ་ཆེན་པོ་ཕྲད་པ་ཤེས། དེས་ན། པ་སྣམ་རྫོང་སྤྱི་བདེ་ཅུས་ཏང་ཨུད་ཀྱིས་གནད་དོན་འདིར་མཐོང་ཧ་ཅང་ཆེན་བྱས་པ་དང་ཆབས་ཅིག བོད་རང་སྐྱོང་ལྗོངས་ཏང་ཨུད་དང་སྤྱི་བདེ་ཐིང་གི་འབོད་སྐུལ་དང་ལེན་ཧུར་ཐག་ཞུས་ནས། ཐོག་མཐའ་བར་གསུམ་དུ་མང་ཚོགས་ཀྱི་བདེ་སྡུག་སེམས་ལ་འཆང་བ་དང“མང་ཚོགས་ཀྱི་དོན་དག་དོན་ཆུང་མིན་པའི”རྩ་དོན་གཞིར་བཟུང་། ཚན་ཁག་གི་ཁོངས་མིས་ཞལ་འདེབས་འབུལ་བའི་བྱེད་སྒོ་སྣེ་ཁྲིད་དེ་སྤེལ་ཞིང་། མི་དམངས་ཉེན་རྟོག་པ་དང་། ལས་རོགས་ཉེན་རྟོག་པ། ལས་བཟོ་སོགས་ཀྱིས་དང་ལེན་ཧུར་ཐག་ཞུས་ཏེ། སྐད་འཕྲིན་དང་གཏོང་སྤྲོད་འབོ་སོགས་ནས་དངུལ་བསྐུར་ཏེ། གཅེས་སེམས་དང་དྲོ་སྐྱིད་མཚོན་པར་བྱས་ཐོག ཁོངས་གཏོགས་ཁུལ་གྱི་དཀའ་ངལ་ཡོད་པའི་མང་ཚོགས་ལ་མཁོ་བའི་འཚོ་བའི་དངོས་ཟོག་དང་འཚམས་འདྲིའི་དངུལ་སྤྲད་དེ། དཀའ་ངལ་ཡོད་པའི་མང་ཚོགས་དཀའ་གནད་ལས་སྒྲོལ་རོགས་བྱས་པ་རེད།

  ཟླ9ཚེས15དང16ཉིན། པ་སྣམ་རྫོང་སྤྱི་བདེ་ཅུས་ཏང་ཨུད་ཀྱིས་ཁོངས་གཏོགས་ཁུལ་གྱི་ཤང་དང་གྲོང་རྡལ11དང་དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་དུད་ཚང24ཚང་མར་འབྲས་དང་། གྲོ་ཞིབ། རྩམ་པ། སྔོ་ཚལ། ཕག་ཀྲིན། འདག་ཕྱེ་སོགས་འཚོ་བའི་མཁོ་ཆས་དང་འཚམས་འདྲིའི་དངུལ་སྤྲད་པར་ཁྱོན་བསྡོམས་སྒོར38355ཟིན་གྱི་ཡོད། དེ་ལས་དཀའ་ངལ་ཡོད་པའི་མང་ཚོགས་ཀྱིས་ཏང་གི་དྲོ་སྐྱིད་ཚོར་བ་དང་ཁོ་ཚོའི་དཀའ་གནད་དངོས་སེལ་རོགས་བྱས་པ་རེད། 

  ད་ཐེངས་ཀྱི་དྲོ་སྐྱིད་སྦྱིན་པའི་འཚམས་འདྲིའི་བྱེད་སྒོ་ལས། པ་སྣམ་གྱི་སྤྱི་བདེའི་གཅེས་སེམས་མཚོན་པ་མ་ཟད། “མི་དམངས་ཀྱི་སྤྱི་བདེས་དམངས་ཀྱི་ཆེད་དུ་ལས་དོན་སྒྲུབ་པའི”གཟུགས་བརྙན་བཟང་པོ་མངོན་པ་དང་། “དབུལ་སྐྱོར་དཀའ་སེལ་དང་གཞན་ཕན་སྒྲུབ་པའི”ཀྲུང་ཧྭ་མི་རིགས་ཀྱི་སྤྱོད་ཚུལ་བཟང་པོའང་དར་སྤེལ་བཏང་ཡོད། དེ་དང་ཆབས་ཅིག  ཁོངས་གཏོགས་ཁུལ་གྱི་དུད་ཚང24ཡི་དཀའ་ངལ་ཡོད་པའི་མང་ཚོགས90ལྷག་ཙམ་གྱིས་པ་སྣམ་གྱི་སྤྱི་བདེས་མང་ཚོགས་ལ་བཅངས་པའི་ཐུགས་ཁུར་དང་གཅེས་སྐྱོང་རྦད་དེ་ཚོར་བའི་ཁར། དཀའ་གནད་ལས་སྒྲོལ་ཐུབ་པའི་པ་སྣམ་གྱི་སྤྱི་བདེ་དང་མང་ཚོགས་ཀྱི་གདེང་ཚོད་དང་ཆོད་སེམས་བརྟན་དུ་ཕྱིན་པ་རེད། 
རྩོམ་སྒྲིག་པ། བདེ་སྒྲོན།