ཧྥ་རན་སེའི་ཙུང་ཐུང་མཱ་ཁེ་ལུང་གིས་དེ་རིང་ནས་བཟུང་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲི་བྱེད་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་བགྲོ་གླེང་འཛིན་གྲྭ་སློབ་འགོ་ཚུགས་པ། བོད་སྐྱོད་འབུམ་རམས་པའི་ཞབས་ཞུ་ཚོགས་པས་མུ་མཐུད་རིག་སྟོབས་རོགས་སྐྱོར་བྱས་པ། བོད་ལྗོངས་ཀྱི་གཞོན་ནུ་ལོ་ཆུང་གི་ཚན་རིག་ལས་དོན་ཁང་ཐོག་མ་ལྷ་སར་བཙུགས་པ། བོད་ཀྱིས་རང་སྐྱོང་ལྗོངས་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་རྣམ་གྲངས་བརྒྱ་ལྷག་ཙམ་གསར་དུ་བསྣན་པ། ཞིང་ལས་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་གིས“ངོ་རིས་བཤེར་ནས་དངུལ་ལེན་པའི”བྱེད་ནུས་བཏོན་པ། ཀྲུང་དབྱང་གི་ཁོར་ཡུག་སྲུང་སྐྱོབ་སྐོར་ཞིབ་རུ་ཁག་ཨང་དྲུག་པས་བོད་ལྗོངས་ལ་གྱོད་དོན་༡༧བརྒྱུད་སྤྱོད་བྱས། བོད་ལྗོངས་ཀྱི་གྲོང་གསེབ་ཀྱི་མི་སྡོད་ཁོར་ཡུག་བཅོས་སྒྲིག་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ། བོད་ཡིག་དཔེ་མཛོད་ཀྱི་གཞི་གྲངས་ལྟེ་གནས་དབུ་བརྙེས་པའི་མཛད་སྒོ་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་སུ་སྤེལ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > ཚན་རྩལ་ཁྱབ་སྤེལ།

གཏོར་གཟུགས་མཆོད་རྟེན་གྱི་མཐོ་ཚད་ཇི་ལྟར་གཞལ་བ་ཡིན་ནམ།

སྤེལ་དུས 2017-08-09 ཡོང་ཁུངས། ཚ་ལུ་མ། རྩོམ་པ་པོ། གཡུ་ཆུང་།
 
          ཨེ་ཅིབ་ཀྱི་གཏོར་གཟུགས་མཆོད་རྟེན་བརྗིད་རྔམས་ཆེ་བ་དེ་དག་ནི། མིའི་རིགས་ཀྱི་ཤེས་རིག་ལོ་རྒྱུས་ཐོག་གི་ངོ་མཚར་བའི་རྟེན་བཞེངས་བཟོ་རྩལ་གྱི་གྲུབ་འབྲས་ཅི་ལ་མིན་ཏེ། འགའ་རེའི་མཐོ་ཚད་ལ་སྨིད140ལྷག་ཡོད། འོན་ཏེ། གཏོར་གཟུགས་མཆོད་རྟེན་དེ་ཚོའི་མཐོ་ཚད་ཇི་ལྟར་བྱས་ནས་ཚད་གཞལ་བ་ཡིན་ནམ། སྤྱི་ལོ་སྔོན་གྱི་དུས་རབས6པའི་གཡས་གཡོན་དུ་མི་རྣམས་ཀྱིས་གཏོར་གཟུགས་མཆོད་རྟེན་དེ་དག་གི་མཐོ་ཚད་ཏག་ཏག་ཞིག་ད་དུང་གཞལ་ཐུབ་ཀྱི་མེད། རྗེས་སུ་གནའ་བོའི་གྷི་རི་སིའི་རང་བྱུང་ཚན་རིག་མཁས་ཅན་དང་མཚན་ཉིད་རིག་པ་བ་ཐེ་ལེ་སི(泰勒斯)ཡིས་གནད་དོན་འདི་སེལ་བར་བྱས་པ་་རེད། ཐེ་ལེ་སི་ཡིས་གཟུགས་ཅན་ཡོད་དོ་ཅོག་ལ་གྲིབ་གཟུགས་ཡོད་པ་དང་། གལ་ཏེ་རང་གི་གྲིབ་གཟུགས་དང་གཟུགས་ཀྱི་རིང་ཚད་གཅིག་མཚུངས་ཡིན་དུས་སུ་གཏོར་གཟུགས་མཆོད་རྟེན་གྱི་གྲིབ་གཟུགས་ལ་ཚད་འཇལ་བ་ཡིན་ན། དེ་ནས་བསྡུར་ཚད་ལ་གཞིགས་སྟེ་གཏོར་གཟུགསམཆོད་རྟེན་གྱི་མཐོ་ཚད་རྩིས་རྒྱག་ཐུབ་པ་རྟོགས།  ཁོང་གིས་ཐབས་ཤེས་དེ་ལ་བརྟེན་ནས་གཏོར་གཟུགས་མཆོད་རྟེན་གྱི་མཐོ་ཚད་གཞལ་བ་ཡིན་ཅིང་།  གཞལ་འབྲས་ལ་མི་རྣམས་ཀྱིས་ཁས་ལེན་ཡང་ཐོབ་ཡོད་དོ༎