ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > ཚན་རྩལ་ཁྱབ་སྤེལ།

རྐང་རུལ་གཞན་ལ་འགོ་བར་མ་ཟད། ད་དུང་ཚང་མས་མི་ཤེས་པ་ཞིག་ལ།

སྤེལ་དུས 2021-10-14 ཡོང་ཁུངས། འཛམ་གླིང་ཡང་རྩེའི་ཚན་སྤེལ་སྐད་འཕྲིན་སྤྱི་སྟེགས། རྩོམ་པ་པོ།
          རྐང་རུལ་ལ་རྐང་པའི་ཟ་རྐོང་ཞེས་ཀྱང་ཟེར། དེ་ནི་སྨར་སྲིན(真菌)གྱིས་བསྐྱེད་པའི་རྐང་པའི་སྐྱི་མོའི་ནད་ཅིག་ཡིན། རྐང་རུལ་བྱུང་ན། རྐང་པར་ཟ་འཕྲུག་ལངས་པ་དང་སྐྱི་མོ་ལྷུང་བ་སོགས་ཀྱི་ནད་རྟགས་བྱུང་ནས་རང་གི་འཚོ་བ་དང་བྱ་བར་ཤུགས་རྐྱེན་ཐེབས་པར་མ་ཟད། ད་དུང་མི་གཞན་ལའང་འགོ་བ་ཡིན། དེ་རིང་། ང་ཚོས་མཉམ་དུ་རྐང་རུལ་འགོག་བཅོས་སྐོར་ལ་རྒྱུས་ལོན་ཐེངས་ཤིག་བྱེད།

          གཅིག རྐང་རུལ་ཞེས་པ་ཅི་ཡིན་ནམ།
          རྐང་རུལ་ནི་སྐྱི་མོའི་རྔོ་སྲིན(皮肤癣菌)གྱིས་བསྐྱེད་པའི་རྐང་པའི་སྐྱི་མོའི་ངོས་ལ་སྨར་སྲིན་འགོས་ནས་བྱུང་བ་ཞིག་ཡིན་ལ། སྐྱི་མོའི་ཕྱིར་འབུད་དངོས་པོ་བརྒྱུད་ནས་དྲི་ངན་འབྱུང་། རྐང་རུལ་གྱིས་རྐང་པའི་མཛུབ་བར་དང་རྐང་མཐིལ། ཟུར་ངོས་བཅས་ལ་གནོད་པར་མ་ཟད། ཚབས་ཆེ་དུས། རྐང་པའི་ཐོག་དང་རྐང་མཛུབ་ཀྱི་ཚུགས་བར་ལའང་གནོད་པ་ཡིན།
          གཉིས། རྐང་རུལ་གཞན་ལ་འགོ་བར་མ་ཟད་ད་དུང་རང་ལའང་འགོ་བ་ཡིན།
          རྐང་རུལ་གྱི་འགོས་གཤིས་ཧ་ཅང་ཆེ་བ་དང་། ཕལ་ཆེར“མི་གཅིག་ལ་རྐང་རུལ་བྱུང་ན། ཁྱིམ་མི་ཡོངས་ལ་རྐང་རུལ་འབྱུང་བ”ཡིན། དེ་ལས་ལྷག་པ་ཞིག་ལ། རང་གི་རྐང་རུལ་ནི་རང་ལུས་ཀྱི་དབང་བོ་གཞན་པ་ལའང་འགོ་བ་ཡིན།
          གལ་ཏེ། ལག་པས་རྐང་རུལ་གྱི་ཟ་འཕྲུག་ལངས་ས་འཕྲུགས་རྗེས། མུ་མཐུད་དུ་དབང་གནས་གཞན་པར་ཐུག་རེག་བྱས་ན། དབང་གནས་དེ་ལ་ཡང་འགོ་བ་ཡིན། དེར་བརྟེན། རྐང་རུལ་ཡོད་དུས། ལག་པས་གང་འདོད་དུ་ཐུག་རེག་སོགས་བྱ་མི་རུང་།

          རྐང་རུལ་གྱི་འགོས་གཤིས་ཧ་ཅང་ཆེ་སྟབས། དེ་ལ་ཁྱབ་ལམ་ཡང་མང་པོ་ཡོད་དེ། དཔེར་ན། རྐང་འབོབ་དང་ལྭ་བ་གཉིས་མཉམ་དུ་བཀྲུ་བ་དང་། ལྷམ་གཅིག་མི་འགའ་ཡིས་གྱོན་པ། འདྲུད་ལྷམ་མཉམ་དུ་སྤྱོད་པ་སོགས་བྱས་ནའང་། རྐང་རུལ་འགོ་བ་ཡིན། ལྷག་པར་དུ།  ཕྲུ་གུའི་རིམས་འགོག་ནུས་པ་ཞན་སྟབས། ཧ་ཅང་འགོ་སླ་བ་ཡིན།
          གསུམ། རྐང་རུལ་ཇི་ལྟར་འགོག་བཅོས་བྱེད་དམ།
          རྐང་རུལ་འདི་འགོག་བཅོས་བྱས་ནའང་། ཡང་བསྐྱར་འབྱུང་སླ་བ་ཡིན། མི་མང་པོས་སྨན་བཅོས་བྱས་ཏེ་ཟ་འཕྲུག་མ་ལངས་ན། སྨན་ཀྱི་སྤྱོད་མཚམས་འཇོག་པ་ཡིན། འདི་ལྟར་བྱས་ན། འགོག་བཅོས་ཀྱི་ནུས་པ་མི་ཐོན་པར་མ་ཟད། ཡང་བསྐྱར་འབྱུང་སླ་བའང་ཡིན། དེར་བརྟེན། རྐང་རུལ་འགོག་བཅོས་བྱེད་པ་ལ། གཙོ་བོ་སྔ་དུས་ནས་སྨན་བཅོས་བྱེད་པ་དང་། སྔ་མོ་ནས་སྨན་རྫས་སྤྱོད་པ། སྨན་བཅོས་གོ་རིམ་ཚང་བ་བཅས་བྱ་དགོས།

          སྨར་སྲིན་འགོག་པའི་སྨན་རྫས(抗真菌药物)ཡང་དག་ངང་སྤྱོད་དགོས་པ་དང་། རྒྱུན་ལྡན་གྱི་གནས་ཚུལ་འོག ཕྱི་སྤྱོད་སྨན་རྫས་ནི་རེ་གཟའ་བཞི་ནས་དྲུག་གི་བར་དུ་སྤྱོད་དགོས་ལ། སྨན་རྫས་ནི་རྐང་རུལ་བྱུང་ཁུལ་མ་ཟད། རྐང་པའི་ངོས་ཡོངས་ལའང་བསྐུ་དགོས།
          རྒྱུན་ལྡན་འཚོ་བའི་ཁྲོད་དུའང་། རྐང་རུལ་བྱུང་བ་དང་ཡང་བསྐྱར་འབྱུང་བ་ལ་སྔོན་འགོག་བྱ་དགོས་ཏེ། དཔེར་ན། རྒྱུན་པར་རྐང་པ་དང་ལྷམ། རྐང་འབོབ་བཅས་བཀྲུ་བ་དང་། རླུང་རྒྱུ་ཐུབ་པའི་ལྷམ་དང་བལ་རྒྱུའི་རྐང་འབོབ་གྱོན་པ། ལྷམ་དང་རྐང་འབོབ་བརྗེས་ནས་གྱོན་པ་བཅས་བྱས་ཏེ་སྨར་སྲིན་འཚར་ལོངས་འབྱུང་མི་ཐུབ་པ་བྱ་དགོས།རྩོམ་ས
རྩོམ་སྒྲིག་པ། བསྟན་ཆོས།