ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > ཚན་རྩལ་ཁྱབ་སྤེལ།

ཚན་རིག་གྲུབ་འབྲས་བྱ་དགའ་གནང་བའི་ཚོགས་ཆེན་ཟི་ལིང་དུ་བསྡུས།

སྤེལ་དུས 2021-10-18 ཡོང་ཁུངས། འཛམ་གླིང་ཡང་རྩེའི་ཚན་སྤེལ་སྐད་འཕྲིན་སྤྱི་སྟེགས། རྩོམ་པ་པོ།
མཚོ་སྔོན་ཞིང་ཆེན་གྱི་ཚན་རིག་གྲུབ་འབྲས་བྱ་དགའ་གནང་བའི་ཚོགས་ཆེན་
སྐབས་དང་པོ་ཟི་ལིང་དུ་བསྡུས།

ཚོགས་ཆེན་གྱི་ཡུལ་དངོས།
          ཟླ10པའི་ཚེས14ཉིན། མཚོ་སྔོན་ཞིང་ཆེན་གྱི་ཚན་རིག་གྲུབ་འབྲས་བྱ་དགའ་གནང་བའི་ཚོགས་ཆེན་སྐབས་དང་པོ་ཟི་ལིང་དུ་བསྡུས་པ་དང་། ཞིང་ཆེན་ཏང་ཨུད་ཧྲུའུ་ཅི་ཝང་ཅན་ཅུན་དང་ཧྲེང་ཀྲང་ཞིན་ཁྲང་ཞིང་གཉིས་ཀྱིས་ཚོགས་ཆེན་ལ་རྟེན་འབྲེལ་ཞུ་ཡིག་བཏང་། ཞིང་ཆེན་ཏང་ཨུད་རྒྱུན་ལས་ཨུ་ཡོན་ནམ་ཞིང་ཆེན་སྤྱི་ཁྱབ་བཟོ་ཚོགས་ཀྱི་ཀྲུའུ་ཞི་མཱ་ཅི་ཞའོ་ཡིས་གཏམ་བཤད་གནང་བ་དང་། ཞིང་ཆེན་ཏང་ཨུད་རྒྱུན་ལས་ཨུ་ཡོན་ནམ་དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་ཀྲའོ་ཡུའེ་ཞ་ཡིས་ཚོགས་ཆེན་ལ་མགོ་འཛིན་གནང་། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་ཉི་མ་སྒྲོལ་མ་དང་ཧྲེང་ཀྲང་གཞོན་པ་ཀྲང་ལི། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཝང་ཞོན་བཅས་ཚོགས་ཆེན་དུ་ཞུགས་པར་མ་ཟད། བྱ་དགའ་ཐོབ་མཁན་གྱི་འཐུས་མི་ལ་བྱ་དགའ་ཡང་གནང་། 
          “ཀྲུང་ཧྭའི་རིག་གནས་ངོས་འཛིན་གྱི་གཅིག་མཐུན་སྨྲ་བ”ཡི་དཔེ་ཚོགས་སོགས་མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་གི་ཕུལ་བྱུང་གྲུབ་འབྲས50དང་། གཙང་གསུམ་འབྱུང་ཡུལ་ས་ཁུལ་གྱི་ཞན་འགྱུར་རྩྭ་སའི་སྐྱེ་ཁམས་སླར་གསོ་དང་འཕྲོད་མཐུན་རང་བཞིན་གྱི་དོ་དམ་ཚོགས་པ་སོགས་ཀྱི་ཚོགས་པ་དང་མི་སྒེར45ལ་གཟེངས་བསྟོད་ཐོབ་པ་རེད།  
          ཚོགས་ཆེན་གྱིས་བསྟན་དོན། ཏང་ཀྲུང་དབྱང་གི་ཚན་རིག་བྱ་བའི་སྐོར་གྱི་ཇུས་ཆོད་བཀོད་སྒྲིག་གལ་ཆེན་དང་ཞིང་ཆེན་ཏང་ཨུའི་བྱ་བའི་བླང་བྱ་ནན་ཏན་གྱིས་ལག་ལེན་དོན་འཁྱོལ་བྱེད་པ་དང་། སྔར་ལས་ལྷག་པའི་སྒོ་ནས“འདུ་ཤེས་བཞི”ཇེ་ཆེ་དང“རང་རྟོན་བཞི”ཇེ་བརྟན། “སྲུང་སྐྱོང་གཉིས”སྒྲུབ་ཐུབ་པ་བཅས་བྱས་ཏེ། “རྒྱལ་ཁབ་ཀྱི་དོན་ཆེན”ཡིད་ལ་བརྟན་པོར་བཅངས་ནས་ཁ་ཕྱོགས་མི་ནོར་བ་དང་དམིགས་འབེན་གཅིག་བསྡུས་ཡིན་པ། ལས་འགན་དོན་འཁྱོལ་བྱེད་པ་བཅས་ལ་ཁག་ཐེག་བྱས་ཏེ། མི་དམངས་ལྟེ་བར་འཛིན་པའི་ཞིབ་འཇུག་གི་ཁྲིད་ཕྱོགས་རྒྱུན་འཁྱོངས་དང་། “ས་གནས་བཞི”འཛུགས་སྐྲུན་བྱེད་པ། རྒྱལ་ཡོངས་དང་ཐ་ན་རྒྱལ་སྤྱིའི་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་བསྐྲུན་པ། “དམིགས་བསལ་གཅིག་དང་མཐོ་བ་གཉིས”ལ་སྐུལ་འདེད་གཏོང་བ། “དཔལ་འབྱོར་རྣམ་པ་བཞི”གསོ་སྐྱོང་བྱེད་པ། “དཔེ་སྟོན་ལྔའི་ཞིང་ཆེན”འཛུགས་སྐྲུན་བྱེད་པ་བཅས་ལ་དམ་པོར་དམིགས་ནས། གསར་སྐྲུན་འདུ་ཤེས་བརྟན་པོར་གཏོང་བ་དང་། ཚན་ཞིབ་ནུས་པ་རྒྱུན་ཆད་མེད་པར་མཐོར་འདེགས་གཏོང་བ། ཚན་རིག་གི་སྙིང་སྟོབས་ཤུགས་ཆེན་པོས་དར་སྤེལ་གཏོང་བ། རིག་གཞུང་ཁོར་ཡུག་དངོས་གནས་ལེགས་བསྒྱུར་བྱེད་པ། འཇོན་མི་སྐྱེད་སྲིང་གི་ཤུགས་ཚད་ཇེ་ཆེར་གཏོང་བ། འཇོན་མིའི་གསར་གཏོད་ཀྱི་གསོན་ཤུགས་བསྐྱེད་པ། ཚན་རིག་ཞིབ་འཇུག་གི་ཁོར་ཡུག་བཟང་པོ་བསྐྲུན་པ། ཚན་རིག་གི་གྲུབ་འབྲས་གཞན་སྒྱུར་དང་བེད་སྤྱོད་ལ་སྐུལ་འདེད་གཏོང་བ། ཚན་རིག་འཕེལ་རྒྱས་ཀྱི་ཁ་ཕྱོགས་སྣེ་འདྲེན་བྱེད་པ། དུས་རབས་ཀྱི་འགན་འཁྲི་ལྗིད་མོ་ཕྲག་ཏུ་འཁུར་བ། ཚན་རིག་ཞིབ་འཇུག་གི་སྣེ་འདྲེན་བྱེད་ཕོད་པ། མཚོ་སྔོན་གྱི་ཚན་རིག་བྱ་བ་སྤུས་ཚད་མཐོན་པོའི་ངང་འཕེལ་རྒྱས་འགྲོ་བར་ཏན་ཏིག་གིས་སྐུལ་འདེད་གཏོང་བ་བཅས་ཀྱིས། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་པའི་མཚོ་སྔོན་གྱི་ལེའུ་འབྲི་བ་ལ་བློ་གྲོས་དང་སྟོབས་ཤུགས་ཧུར་གྱིས་འབུལ་དགོས། 
རྩོམ་སྒྲིག་པ། བསྟན་ཆོས།