ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > ཚན་རྩལ་ཁྱབ་སྤེལ།

ལོ་གསར་ཐོན་ལ་ཉེ་དུས། “རིམས་འགོག་བྱེད་ཐབས་བཞི་པོ”འདི་ལེགས་པར་བསྒྲུབ་དགོས།

སྤེལ་དུས 2022-01-21 ཡོང་ཁུངས། འཛམ་གླིང་ཡང་རྩེའི་ཚན་སྤེལ་སྐད་འཕྲིན་སྤྱི་སྟེགས། རྩོམ་པ་པོ།
          དཔྱིད་གསར་དུས་ཆེན་གྱི་གནང་བ་སྟེར་ལ་ཉེ་བའི་དུས་འདིར། མི་མང་གི་འགྲོ་འོང་བྱེད་ཚད་ཀྱང་ཇེ་མང་ཡིན་སྟབས། རྒྱ་ཆེའི་མང་ཚོགས་ཀྱིས་གཤམ་གྱི“རིམས་འགོག་བྱེད་ཐབས་བཞི་པོ”འདི་ལེགས་པར་བསྒྲུབ་དགོས།

པར་རིས་པར་ལེན་དྲ་བ(摄图网)ལས་དྲངས།
          ཀ “ཤུགས་སྣོན་བྱེད་པ”གཅིག
          མི་སྒེར་གྱི་འགོག་སྲུང་ལ་ཤུགས་སྣོན་བྱེད་པ་སྟེ། དུས་དང་རྣམ་པ་ཀུན་ཏུ་རིམས་ནད་འགོག་སྲུང་གི་འདུ་ཤེས་ཡོད་པར་བྱས་ཏེ་མུ་མཐུད་དུ“ཁ་ཐུམ་རྒྱག་པ་དང་། ལག་པ་བཀྲུ་བ། སྒེའུ་ཁུང་ཕྱེ་བ། གོམ་པ་གང་གི་བར་ཐག་ཡོད་པ”སོགས་ཀྱི་རིམས་ནད་འགོག་སྲུང་བྱེད་ཐབས་བསྒྲུབ་དགོས།
          ཁ “དགོས་གལ་མེད་པ”གཉིས།
          དགོས་གལ་ཆེན་པོ་མེད་ན་ཕྱིར་མི་འགྲོ་བ་དང་དགོས་གལ་མེད་པའི་ལོ་ཚོགས་ཀྱི་བྱེད་སྒོ་མི་སྤེལ་བ་སྟེ། ཕ་ཡུལ་དུ་ལོག་ནས་ནང་མི་གཉེན་ཉེ་ལ་འཚམས་འདྲི་བྱེད་པ་དང་དགོས་ངེས་ཀྱི་གཞུང་དོན་ཕྱིར་འགྲོ་བྱེད་པ་སོགས་མ་གཏོགས། དགོས་གལ་ཆེན་པོ་མེད་ན། ཞིང་ཆེན་གཞན་པར་མི་འགྲོ་ཞིང་། འགྲོ་འོང་གི་ལམ་བར་དུ། མི་ཚོགས་ཆེན་པོ་ལ་འཕྲད་ན། ཉེན་ཁ་ཡང་ཡོད་སྲིད་པས། དགོས་གལ་མེད་པའི་འདུ་འཛོམས་ཇེ་ཉུང་བྱེད་པ་དང་གསོལ་སྟོན་སྐབས་ཀྱི་མི་གྲངས་ལ་ཚོད་འཛིན་བྱ་དགོས།

པར་རིས་པར་ལེན་དྲ་བ་ལས་དྲངས།
          ག “རང་འགུལ་བྱ་དགོས་པ”གསུམ།
          རང་འགུལ་ངང་ཡར་ཞུ་བྱེད་པ་དང་རང་འགུལ་ངང་བརྟག་འཇལ་བྱེད་པ། རང་འགུལ་ངང་སྨན་བཅོས་བྱེད་པ་སྟེ། རིམས་ནད་ཀྱི་ཉེན་ཁ་ཆེ་འབྲིང་ས་ཁུལ་ནས་ཕྱིར་རང་ཞིང་དུ་ལོག་པ་ཡིན་ན། སྔ་མོ་ནས་སྡེ་ཁུལ(སྡེ་བ)དང་ལས་ཁུངས། མགྲོན་ཁང་བཅས་ལ་ཞུ་ཐེབས(报备)བྱ་དགོས་པར་མ་ཟད། ད་དུང་རང་འགུལ་ངང་ཉིང་སྐྱུར་བརྟག་འཇལ་བྱེད་པ་དང་ལོགས་བཀར་འཛིན་སྡོམ་སོགས་ཀྱི་རིམས་ནད་ཚོད་འཛིན་བྱེད་ཐབས་ལ་གཞོགས་འདེགས་ཀྱང་བྱ་དགོས།
          གལ་ཏེ། ཚ་རྒྱས་པ་དང་གློ་ལུ་བ་སོགས་ཀྱི་ནད་རྟགས་ཡོད་ན། རང་ཉིད་ཀྱི་འགོག་སྲུང་ནུས་པར་ཁག་ཐེག་བྱས་རྗེས། འཕྲལ་མར་ཉེ་གནས་ཀྱི་སྨན་ཁང་དུ་ཕྱིན་ཏེ་སྨན་བཅོས་བྱ་དགོས་པར་མ་ཟད། ད་དུང་ཉེ་དུས་ཀྱི་འགུལ་སྐྱོད་གནས་ཚུལ་ཡང་རང་འགུལ་ངང་ཡར་ཞུ་བྱ་དགོས།

པར་རིས་པར་ལེན་དྲ་བ་ལས་དྲངས།
          ང “མཉམ་འཇོག་བྱ་དགོས་པ”བཞི།
          འགྲུལ་སྐྱེལ་རླངས་འཁོར་དང་གློག་སྐས་སོགས་སུ་འདུག་སྐབས། ཁ་ཐུམ་རྒྱག་ཚུལ་ཡང་དག་ཡིན་མིན་ལ་མཉམ་འཇོག་བྱ་དགོས། གཞུང་ལས་ཁང་གི་སྒེའུ་ཁུང་ཕྱེ་བ་དང་། མི་མང་འཛོམས་པའི་ཚོགས་འདུ་ཇེ་ཉུང་དུ་གཏོང་བ། གྲོས་ཚོགས་ཀྱི་འཚོགས་ཡུན་ལ་ཚོད་འཛིན་བྱ་དགོས། མྱུར་སྐྱེལ་དངོས་པོ་བླངས་རྗེས་ལག་པ་བཀྲུ་བ་དང་། མྱུར་སྐྱེལ་ཟོག་སྒྲོམ་མམ་ཡང་ན་ཐུག་རེག་མེད་པའི་རྣམ་པ་བརྒྱུད་ནས་མྱུར་སྐྱེལ་དངོས་པོ་ལེན་དགོས། གནམ་གཤིས་འཁྱགས་དུས་ཕྱི་རོལ་དུ་འགྲོ་ན། རང་གི་གྲང་འགོག་དྲོད་སྲུང་ལ་དོ་སྣང་བྱ་དགོས་ཤིང་། ལྷག་པར་དུ། བྱིས་པ་དང་ལོ་ལོན་གྱི་ལྭ་བ་ཇེ་མཐུག་ལ་བཏང་ནས་ཆམ་པ་ཕོག་པར་སྔོན་འགོག་བྱ་དགོས།
          མི་ཚང་མས“རིམས་འགོག་བྱེད་ཐབས་བཞི་པོ”འདི་སེམས་ལ་བརྟན་པོར་ངེས་དགོས་པ་དང་། རང་ཉིད་སྲུང་སྐྱོབ་བཟང་པོ་བྱས་ན། ད་གཟོད་མི་གཞན་པར་ཡང་སྲུང་སྐྱོབ་བྱ་ཐུབ་ལ། ལོ་གསར་བ་ཡང་དགའ་དགའ་སྐྱིད་སྐྱིད་ངང་བསུ་ཆོག 
རྩོམ་སྒྲིག་པ། བསྟན་ཆོས།