ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > ཚན་རྩལ་ཁྱབ་སྤེལ།

ཀ་ར་ཡི་གནོད་འཚེ་དུ་བ་འཐེན་པ་ལས་ཀྱང་ཆེ་བ་ཤེས་སམ།

སྤེལ་དུས 2022-02-10 ཡོང་ཁུངས། རྩོམ་པ་པོ།
          ཉེ་བའི་ལོ་ཤས་རིང་ལ། ཀྲུང་གོའི་མི་ཡིས་ཀ་ར་ཡི་འཛད་སྤྱོད་བྱེད་ཚད་ཇེ་མང་ནས་ཇེ་མང་ཡིན་པ་དེས་ཀ་ར་ཟོས་པའི་གནོད་འཚེ་ཅི་འདྲ་ཡིན་པ་འདི་ད་དུང་མི་མང་པོས་ཤེས་མེད་པ་མཚོན། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས(WHO)ཀྱིས་རྒྱལ་ཁབ23གྱི་མི་འཆི་བའི་རྒྱུ་རྐྱེན་ལ་བརྟག་དཔྱད་བྱས་མཐར། “ཀ་ར་ཟོས་པའི་གནོད་འཚེ་ནི་དུ་བ་འཐེན་པ་ལས་ཀྱང་ཆེ”ཞེས་བསྡོམས་ཚིག་བཀོད་ཡོད། དེ་ན། ཀ་ར་ཟོས་པ་ལ་གནོད་འཚེ་ཅི་འདྲ་ཡོད་དམ་ཞེ་ན།

པར་རིས་དྲ་བ་ལས་དྲངས།
          གཅིག མིའི་ཁྲག་ཤེད་ཇེ་མཐོར་གཏོང་བ།
          ཚྭ་ཁ་བའི་ཟས་རིགས་དང་ཁྲག་ཤེད་མཐོ་བ་གཉིས་ལ་འབྲེལ་བ་དམ་ཟབ་ཡོད་པ་ནི་ཚང་མས་ཁས་ལེན་བྱེད་པའི་ཞིབ་འཇུག་བསྡོམས་ཚིག་ཅིག་ཡིན། ཁྲག་མངར་མཐོ་བའི་རྣམ་པ་ཡིས་ཀླད་པའི་ནང་གི་དབང་པོ་བྱེ་བྲག་ཅིག་ལ་ནུས་པ་ཐོན་པ་ན། སྙིང་གི་ལྡིང་ཚད་ཇེ་མགྱོགས་དང་ཁྲག་ཤེད་ཇེ་མཐོ་རུ་འགྲོ་བར་བྱེད་པ་ཡིན།
          གཉིས། ལུས་ལ་ཚོ་འབུད་པར་བྱེད་པ།
          ཀ་ར་མིའི་འཇུ་ལམ་དུ་ཕྱིན་རྗེས། ལུས་པོ་ལ་མཁོ་བའི་ནུས་ཚད་དུ་མ་གྱུར་པའི་ཀ་ར་དང་གནད་འགག་སྐབས་ཀྱི་གྲབས་གསོག་ཀ་རའི་རྣམ་པ་ལྟར་ཡོད་པའི་ནང་གི་ཀ་ར་ལྷག་མའི་རིགས་ནི་ཚིལ་ཞག་ཏུ་གྱུར་ནས་ལུས་ནང་དུ་བསགས་ཤིང་། དེ་ལྟར་ཡུན་རིང་འགོར་ན་ལུས་པོ་ལ་ཚོ་འབུད་པ་ཡིན།

པར་རིས་ཚན་སྤེལ་ཀྲུང་གོ་ལས་དྲངས།
          གསུམ། རུས་སོབ་ཅན་དུ་འགྱུར་སླ་བ།
          ཀ་རའམ་ཡང་ན་ཐཱན་ཆུ་འདྲེས་དངོས་མང་པོ་སྤྱད་ན། ལུས་ཀྱི་ཀལ་རྒྱུ་དང་མཱེ་རྒྱུ། ནཱ་རྒྱུ་སོགས་ཟད་པར་བྱེད་པ་ཡིན། ལུས་ཀྱི་ཀལ་རྒྱུ་ཉུང་ན། གྲུམས་ཤ་སྲ་འགྱུར་དང་རྐྱོང་སྐུམ་ནུས་པ་ཇེ་ཞན་དུ་འགྲོ་བ། ཁྲག་ཤེད་ཀྱི་སྙོམ་སྦྱོར་སྒྲིག་སྲོལ་ལ་རྙོག་འཁྲུག་ལངས་པ་ཡིན། དེ་ནས་ཀལ་རྒྱུ་མང་པོ་སྙོམས་པོར་གྱུར་ནས་རུས་རྐང་ནང་གི་ཀལ་རྒྱུ་ཤོར་ཏེ་རུས་སོབ་ཀྱི་ནད་རྟགས་འབྱུང་བ་ཡིན།
          བཞི། དྲེག་ནད་འབྱུང་བ།
          ཀ་ར་བཟའ་རྒྱུ་མང་ན། ལུས་པོའི་ནང་འཁོར་རང་བཞིན་གྱི་གཅིན་སྐྱུར་གྲུབ་པ་དང་། གཅིན་སྐྱུར་གྱི་ཚད་མཐོ་ན། དྲེག་ནད་འབྱུང་སླ་བ་ཡིན། བཏུང་བ་མངར་མོའི་རིགས་མང་དུ་འཐུང་བའི་མི་ལ་དྲེག་ནད་འབྱུང་བའི་ཚད་ནི་གཞན་པ་ལས་ལྡབ་འགྱུར་གྱིས་མཐོ་བ་ཡིན།

པར་རིས་དྲ་བ་ལས་དྲངས།
          ལྔ། གཉེར་མ་འབྱུང་སླ་བ།
          ཀ་ར་དང་སྐྱི་མོའི་ནང་གི་སྤྱིན་སྤྲི(胶原蛋白)གཉིས་འདྲེས་ན། སྤྱིན་སྤྲི་ཡིས་སྐྱི་མོའི་ཞིག་གསོ་དང་སླར་སྐྱེས་ནུས་པ་ཇེ་ཞན་དུ་བཏང་སྟེ་སྐྱི་མོ་ལ་གཉེར་མ་འབྱུང་སྔ་བར་བྱེད་པ་ཡིན། ཞིབ་འཇུག་བྱས་གསལ་ལྟར་ན། ལོ50ནས70བར་གྱི་མི་ཡི་ཁྲག་མངར་ཇེ་མཐོར་སོང་ན། ཁོང་ཚོ་ནི་ཟླ5ནས7ཙམ་གྱིས་རྒས་ཡོད་པར་མཐོང་བ་ཡིན།
          དྲུག སོ་རུལ་སླ་བ།
          རྒྱུན་པར་ཀ་ར་ཟ་བའི་ཐོག་ལ། རྟག་ཏུ་ཁ་ནང་མི་བཀྲུ་བ་ཡིན་ན། སོ་རུལ་བ་དང་ཁ་ནང་གི་ནད་རིགས་སྣ་ཚོགས་འབྱུང་སླ་བ་ཡིན།

པར་རིས་དྲ་བ་ལས་དྲངས།
          བདུན། ཡི་ག་མེད་པར་གྱུར་ནས་འཚོ་བཅུད་མི་འདང་བར་བྱེད་པ།
          ཀ་ར་བཟའ་རྒྱུ་མང་ན། ཟས་ཀྱི་ཡི་ག་ལ་ཤན་ཤུགས་ཐེབས་པ་དང་། དེ་ནས་ཟས་རིགས་གཞན་པ་བཟའ་རྒྱུ་ཇེ་ཉུང་དུ་སོང་སྟེ་ལུས་ལ་མཁོ་བའི་སྤྲི་དཀར་དང་འཚོ་བཅུད། གཏེར་རྒྱུ་བཅས་མི་འདང་བར་གྱུར་ནས་འཚོ་བཅུད་དོ་སྙོམས་མིན་པའི་གནས་ཚུལ་འབྱུང་སླ་བ་ཡིན།
རྩོམ་སྒྲིག་པ། བསྟན་ཆོས།