ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > ཚན་རྩལ་ཁྱབ་སྤེལ།

མཚོ་སྔོན་གྱི་མི་འདིས་ཀྲུང་གོར་སེམས་འགུལ་ཐེབས་སུ་བཅུག་དོན་ཅི་ཡིན།

སྤེལ་དུས 2022-03-14 ཡོང་ཁུངས། འཛམ་གླིང་ཡང་རྩེའི་ཚན་སྤེལ་སྐད་འཕྲིན་སྤྱི་སྟེགས། རྩོམ་པ་པོ།
          ཉེ་སྔོན། 2021ལོའི་ཀྲུང་གོར་སེམས་འགུལ་ཐེབས་ཞེས་པའི་མི་སྣའི་མིང་ཐོ་ཡོངས་བསྒྲགས་བྱས་ཤིང་། རང་ཞིང་གི་ཝུའུ་ཐེན་དབྱི་ཡོན་ཧྲི་ལགས་དེའི་ནང་དུ་བདམས་ཡོད།

          《ཀྲུང་གོར་སེམས་འགུལ་ཐེབས》ཞེས་པའི་གཟེངས་བསྟོད་ཚིག་ཏུ།
          འཁོལ་རྒྱུ་མེད་པའི་ཆུ་ཁམ་གང་འཐུང་བ་དང་། ཞུ་རྒྱུ་མེད་པའི་རྩམ་པ་ཁམ་གང་ཟོས་པ། འདོར་ཐབས་མེད་པའི་གཉེན་ཉེ་སེམས་སུ་ཉར་བ་བཅས་ནི་སེམས་ན་བློས་གཏོང་མི་ཐུབ་པའི་ཕུགས་འདུན་ཞིག་ཡོད་པས་ཡིན།
          དབྱང་རླུང་དཀོན་རུང་བློ་སྟོབས་འཛོམས་པ་དང་། མཚོ་འཕགས་མཐོ་རུང་དམིགས་འབེན་དེ་ལས་མཐོ། མཐོ་སྒང་དུ། ཁྱོད་ཀྱིས་བགྲོད་ལམ་ཞིག་བསྲུངས་ཏེ་བགྲོད་ལམ་གསར་བ་ཞིག་བཏོད།
          ཝུའུ་ཐེན་དབྱི་ནི་རང་རྒྱལ་གྱི་མིང་དུ་གྲགས་པའི་དབྱང་དཀོན་ལུས་ཁམས་རིག་པ་དང་མཐོ་སྒང་གསོ་རིག་གི་ཆེད་མཁས་པ། མཐོ་སྒང་གསོ་རིག་བྱ་གཞག་གི་དར་སྤེལ་བ་བཅས་ཡིན་པར་མ་ཟད། ད་དུང་མཚོ་སྔོན་ཞིང་ཆེན་གྱི་ཀྲུང་གོའི་བཟོ་སྐྲུན་གླིང་གི་ཡོན་ཧྲི་གཅིག་པུ་ཡང་ཡིན།
          ལོ་མང་པོའི་རིང་ལ། མཐོ་སྒང་གི་ས་ཆ་གང་སར་བསྐྱོད་ཅིང་ཚོད་ལྟ་ཁང་དུ་ཕྱག་ལས་གནང་སྐབས། ལུས་ཀྱི་རུས་པ14ཆག་པ་དང་། རྣ་བ་གཡས་ཀྱི་སྐྱི་དཀར་ཐེངས4ལ་གས་པ། མིག་གཉིས་ལ་སྨུག་ཕྱིའི་འོད་ཀྱི་ཤུགས་རྐྱེན་ཐེབས་པ་ལས་སྐྱ་འགྲིབ་ནད་ཕོག་པ་སོགས་བྱུང་མྱོང་།

          མཐོ་སྒང་དུ་རྐང་བཙུགས་པའི་ལོ་ངོ་དྲུག་ཅུའི་ནང་ལ། ཁོང་གིས་འབྲོག་པ་མང་ཚོགས་ཀྱི་བདེ་ཐང་གི་ཆེད་དུ་འབད་པ་ཆེན་པོ་བྱས་ཡོད་སྟབས། མང་ཚོགས་ཀྱིས་ཁོང་ལ“རྟ་ཐོག་གི་སྨན་པ་བཟང་པོ”ཞེས་པའི་མཚན་སྙན་གསོལ་ཡོད།
          མདོ་དབུས་ལྕགས་ལམ་སྐྲུན་པའི་སྐབས། ཁོང་གིས་མཐོ་སྒང་ནད་རིགས་འགོག་བཅོས་བྱེད་ཐབས་དང་མྱུར་སྐྱོབ་ཇུས་གཞི་རབ་དང་རིམ་པའི་སྒྲིག་བཟོ་ལ་གཙོ་སྐྱོང་བྱས་ཏེ་ལྕགས་ལམ་ལས་བཟོ་པ་གཅིག་ཀྱང་མཐོ་སྒང་ནད་རིགས་ཀྱི་དབང་གིས་ཚེ་ལས་མ་འདས་པའི་ངོ་མཚར་བསྐྲུན་སྟབས། “ཚེ་སྲོག་གི་སྲུང་མ”ཞེས་པའི་མིང་ཐོགས་ཤིང“རྒྱལ་ཁབ་ཚན་རྩལ་ཡར་ཐོན་གཟེངས་རྟགས་ཀྱི་དམིགས་བསལ་བྱ་དགའ”ཐོབ།

          2021ལོའི་ཟླ6པའི་ཚེས29ཉིན། ཁོང་ལ་ཀྲུང་གོ་གུང་ཁྲན་ཏང་ནང་ཁུལ་གྱི་ཆེས་མཐོ་བའི་གཟེངས་རྟགས་ཏེ“བདུན་གཅིག་གཟེངས་རྟགས”ཐོབ།
          མཐོ་སྒང་མི་དམངས་དང་མཐོ་སྒང་འཛུགས་སྐྲུན་པའི་ཚེ་སྲོག་གི་བདེ་ཐང་བསྲུང་རྒྱུ་ནི་ཝུའུ་ཐེན་དབྱི་ལགས་ཀྱི་ཐོག་མའི་བསམ་འདུན་ཡིན་རུང་། ལོ་ངོ་དྲུག་ཅུ་ལྷག་གི་རིང་ལ། ཁོང་གིས་རང་གི་ཚེ་སྲོག་དང་སྤྲོ་སེམས་ཚང་མའང་ཡངས་ཤིང་རྒྱ་ཆེ་བའི་མདོ་དབུས་མཐོ་སྒང་འདི་རུ་ཕུལ་ཡོད། 
རྩོམ་སྒྲིག་པ། བསྟན་ཆོས།