ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > ཚན་རྩལ་ཁྱབ་སྤེལ།

ཉིན183སྟེ། ལྷ་གྲུ་བཅུ་གསུམ་པ་ཡིས“ཐེངས་དང་པོ”མང་པོ་བསྒྲུབས།

སྤེལ་དུས 2022-04-20 ཡོང་ཁུངས། འཛམ་གླིང་ཡང་རྩེའི་ཚན་སྤེལ་སྐད་འཕྲིན་སྤྱི་སྟེགས། རྩོམ་པ་པོ།
          པེ་ཅིང་དུས་ཚོད་དེ2022ལོའི་ཟླ4པའི་ཚེས16ཉིན་གྱི་ཆུ་ཚོད09:56གི་སྐབས། ལྷ་གྲུ་བཅུ་གསུམ་པའི་མི་སྡོད་འཕུར་གྲུ་ཡི་ཕྱིར་ལོག་འཕྲུལ་ཆས་བདེ་བླག་ངང་ཤར་རླུང་འབབ་ཐང་དུ་བབས་པ་དང་། ལྷ་གྲུ་བཅུ་གསུམ་པའི་མི་སྡོད་འཕུར་གྲུའི་ལས་འགན་བདེ་བླག་ངང་གྲུབ།

          ལྷ་གྲུ་གསུམ་པའི་འཕུར་སྐྱོད་པ་ཚོ་ཆུང་གིས་གཏན་འཁེལ་བྱས་པའི་ལས་འགན་ཚང་མ་བསྒྲུབས་ཏེ་ངོ་མཚར་ཆེ་བའི“ཐེངས་དང་པོ”མང་པོ་བཏོད། དེ་རིང་། ང་ཚོས་མཉམ་དུ་ལོ་ཕྱེད་འདིའི་རིང་ལ་བསྒྲུབས་པའི་བྱ་བ་དེ་ཚང་མར་རྒྱུས་ལོན་ཞིག་བྱེད།
          གཅིག ཐེངས་དང་པོར་ཚངས་ཕྱོགས་འབྲེལ་སྦྱོར་ལག་རྩལ་དོན་འཁྱོལ་བྱས་པ།
          ལྷ་གྲུ་བཅུ་གསུམ་པ་ཡིས་ཐེངས་དང་པོར་ཚངས་ཕྱོགས་འབྲེལ་སྦྱོར་ལག་རྩལ(径向交会对接技术)ར་སྤྲོད་བྱས་ཏེ་བར་སྣང་ས་ཚིགས་ཀྱི་འཕུར་གྲུ་ལྟེ་བའི་ཚངས་ཕྱོགས་འབྲེལ་སྦྱོར་བྱ་ཡུལ་དུ་ཚངས་ཕྱོགས་འབྲེལ་སྦྱོར་དོན་འཁྱོལ་བྱས།

          གཉིས། འཁོར་ལམ་དུ་འཕུར་སྐྱོད་བྱས་པའི་ཟིན་ཐོ་གསར་བ་བཏོད་པ།
          ལྷ་གྲུ་བཅུ་གསུམ་པའི་འཕུར་སྐྱོད་པ་ཚོ་ཆུང་ཁྱོན་བསྡོམས་ཉིན183ལ་འཕུར་སྐྱོད་བྱས་པས་ཀྲུང་གོའི་འཕུར་སྐྱོད་པ་ཡིས་བསྟུད་མར་འཁོར་ལམ་དུ་འཕུར་སྐྱོད་དུས་ཡུན་ཆེས་རིང་བའི་ཟིན་ཐོ་བཏོད།
          གསུམ། ཐེངས་དང་པོར་མྱུར་སྐྱོབ་འཕེན་གཏོང་བཀའ་སྒུག་ལས་འགན་ལག་བསྟར་བྱས་པ།
          ལྷ་གྲུ་བཅུ་གསུམ་པའི་མི་སྡོད་འཕུར་གྲུ་ནི་ལྷ་གྲུ་བཅུ་གཉིས་པའི་མི་སྡོད་འཕུར་གྲུ་ཡི་གྲབས་ཚབ་ཡིན་པའི་ཆ་ནས། ཐེངས་དང་པོར་འཚུབ་ཟློག་མྱུར་སྐྱོབ་འཕེན་གཏོང་བཀའ་སྒུག་གི་ལས་འགན་ལག་བསྟར་བྱས་པ་ཡིན།
          བཞི། ཐེངས་དང་པོར་འགྲོས་མྱུར་ཕྱིར་ལོག་བྱ་རིམ་དོན་འཁྱོལ་བྱས་པ།
          ལྷ་གྲུ་བཅུ་གསུམ་པ་ཡིས་ཐེངས་དང་པོར་འགྲོས་མྱུར་ཕྱིར་ལོག་དོན་འཁྱོལ་བྱས་ཏེ་སྔོན་ཆད་འཕུར་སྐྱོད་སྐོར་ཐེངས་བཅུ་གཅིག་བྱ་དགོས་པ་ལ་ད་སྐབས་འཕུར་སྐྱོད་སྐོར་ཐེངས་ལྔ་ཡི་དུས་ཚོད་སྤྱད་ན་ཆོག་པར་བཏང་།

          ལྔ། ཐེངས་དང་པོར་བར་སྣང་ས་ཚིགས་ཀྱི་འཕྲུལ་ཆས་ལག་པ་སྤྱད་ནས་འཁོར་ལམ་དུ་གནས་པའི་འཕུར་སྐྱོད་འཕྲུལ་ཆས་ཆེ་གྲས་ཀྱི་གནས་སྤོར་ཚོད་ལྟ་བྱས་པ།
          2022ལོའི་ཟླ་དང་པོའི་ཚེས6ཉིན་གྱི་ཆུ་ཚོད6:59ཡི་སྐབས། དུས་ཡུན་སྐར་མ47གྱི་རིང་ལ། མ་ལག་བརྒལ་བའི་མཐུན་སྦྱོར་དམ་ཟབ་བྱས་པ་བརྒྱུད། བར་སྣང་ས་ཚིགས་ཀྱི་འཕྲུལ་ཆས་ལག་པ་ཡིས་ཟོང་སྐྱེལ་འཕུར་གྲུའི་གནས་སྤོར་ཚོད་ལྟ་བྱེད་པ་ལེགས་གྲུབ་བྱུང་།

          དྲུག འཕུར་སྐྱོད་པ་ཡིས་ཐེངས་དང་པོར་འཁོར་ལམ་དུ་ལག་པས་ཚོད་འཛིན་གྱི་རྒྱང་སྒྱུར་ལས་སྒྲུབ་ཚོད་ལྟ་བྱས་པ།
          2022ལོའི་ཟླ་དང་པོའི་ཚེས8ཉིན་གྱི་སྔ་དྲོར། བར་སྣང་ས་ཚིགས་ཀྱི་གྲུ་ཁང་ལྟེ་བའི་ནང་དུ་ལག་པས་ཚོད་འཛིན་གྱི་རྒྱང་སྒྱུར་ལས་སྒྲུབ་རྣམ་པ་སྤྱད་དེ་ལྷ་གྲུ་གཉིས་པའི་ཟོང་སྐྱེལ་འཕུར་གྲུ་དང་བར་སྣང་ས་ཚིགས་ཀྱི་སྡེབ་སྒྲིག་གཟུགས་གཉིས་འབྲེལ་སྦྱོར་ཚོད་ལྟ་བདེ་བླག་ངང་ལེགས་གྲུབ་བྱུང་།

          བདུན། བུད་མེད་འཕུར་སྐྱོད་པ་ཡི“ཐེངས་དང་པོ”མང་པོ།
          ཀྲུང་གོའི་བར་སྣང་ས་ཚིགས་སུ་བུད་མེད་འཕུར་སྐྱོད་པ་ཐོག་མ་བྱུང་བ་དང་། 2021ལོའི་ཟླ11པའི་ཚེས7ཉིན་གྱི་ཆུ་ཚོད18:51གི་སྐབས། ཀྲའེ་ཀྲི་ཀང་གིས་འགྲོ་རོགས་འོག ཝང་ཡ་ཕིང་གིས་རང་རྒྱལ་གྱི་རབས་གསར་བའི་གྲུ་ཁང་ཕྱིའི་མཁའ་སྐྱོད་ལྭ་བ་གྱོན་ནས་གྲུ་ཁང་ཕྱི་རོལ་དུ་ཕྱིན་པ་ནི་ཀྲུང་གོའི་བུད་མེད་ཀྱིས་གྲུ་ཁང་ཕྱི་རོལ་གྱི་མཁའ་དབྱིངས་སུ་གོམ་པ་ཐེངས་དང་པོ་སྤོས།
          བརྒྱད། བར་སྟོང་ཚན་རིག་ཚོད་ལྟ་མང་པོ་ལེགས་གྲུབ་བྱུང་བ།
          འཕུར་སྐྱོད་པ་འཁོར་ལམ་དུ་སྡོད་ཡུན་རིང་ལ། མི་རྐྱེན་ལས་གྲྭའི་ལག་རྩལ་ཚོད་ལྟ་དགུ་དང་འཇིག་རྟེན་འཕུར་སྐྱོད་ཀྱི་གསོ་རིག་ཚོད་ལྟའི་རིགས་གསུམ་དང་དོན་ཚན་ཉེར་དྲུག བར་སྟོང་བཀོལ་སྤྱོད་ཁྱབ་ཁོངས་ཀྱི་ཚོད་ལྟ་གཉིས་བཅས་ལེགས་གྲུབ་བྱུང་བ་དང་། སྣོད་མེད་རྒྱུ་ཆ་དང་མཐོ་ཕྲན་ལྗིད་ཤུགས་ཚོད་ལྟ་གཙོས་པའི་བར་སྟོང་ཚན་རིག་གི་ཞིབ་འཇུག་དང་བེད་སྤྱོད་བྱས་ཏེ་ལྕགས་རིགས་རྐྱང་བ་མང་པོ་དང་སྣ་མང་འདུས་ལྕགས་རྒྱུ་ཆའི་ཚོད་ལྟ་སོགས་ལེགས་གྲུབ་བྱུང་།

          དགུ། ཚན་སྤེལ་དང་སློབ་གསོའི་བྱེད་སྒོ་རབ་དང་རིམ་པ་སྤེལ་བ།
          2021ལོའི་ཟླ12པའི་ཚེས9ཉིན་གྱི་ཆུ་ཚོད15:40ཡི་སྐབས། “ནམ་མཁའི་ཕོ་བྲང་གི་སློབ་ཁྲིད”ཐེངས་དང་པོ་བྱས་ཏེ། འཕུར་སྐྱོད་པ་གསུམ་པོ“མཁའ་དབྱིངས་ཀྱི་དགེ་རྒན”དུ་གྱུར་ནས་ཀྲུང་གོའི་བར་སྣང་ས་ཚིགས་སུ་སློབ་ཁྲིད་བྱས།

          2022ལོའི་ཟླ་དང་པོའི་ཚེས1ཉིན། “གནམ་ལོ་གསར་ཚེས་ཀྱི་པེ་ཅིང་དང་ཨའོ་མོན། ཞང་ཀང་། ནམ་མཁའི་ཕོ་བྲང་གསུམ་ཁ་བརྡ”ཡི་བྱེད་སྒོ་སྤེལ་ཏེ་པེ་ཅིང་དང་ཞང་ཀང་། ཨའོ་མོན་བཅས་ནས་ཡོང་བའི་ན་གཞོན་སློབ་མ་ཚོ་དང་སྤེལ་རེས་བྱས།

          ཟླ3པའི་ཚེས23ཉིན། “ནམ་མཁའི་ཕོ་བྲང་གི་སློབ་ཁྲིད”ཐེངས་གཉིས་པ་བྱས་ཏེ། “མཁའ་དབྱིངས་ཀྱི་དགེ་རྒན”ཚོས་ཀྲུང་གོའི་བར་སྣང་ས་ཚིགས་སུ་མཁའ་དབྱིངས་ཀྱི“གངས་ཤུད”ཚོད་ལྟ་དང་། གཤེར་ཟམ་དཔེ་སྟོན་ཚོད་ལྟ། ཆུ་སྣུམ་དབྱེ་འབྱེད་ཚོད་ལྟ། མཁའ་དབྱིངས་ནས་དངོས་པོ་སར་ལྷུང་གི་ཚོད་ལྟ་སོགས་བྱས།

          བཅུ། མཁའ་དབྱིངས་ཀྱི“ལས་ཞོར”འཚོ་བ་ཕུན་སུམ་ཚོགས་པ།
          ཐེངས་འདིའི་འཁོར་ལམ་དུ་གནས་པའི་དུས་ཡུན་ཆེས་རིང་སྟབས། ལྷ་གྲུ་བཅུ་གསུམ་པའི་འཕུར་སྐྱོད་པ་ཚོ་ཆུང་གིས་ཐེངས་དང་པོར་མཁའ་དབྱིངས་ནས་དཔྱིད་གསར་དུས་ཆེན་དང་རྒྱ་ལོའི་བཅོ་ལྔ་དུས་ཆེན་གཉིས་རོལ་བ་ཡིན།

          དུས་མཚུངས་སུ། དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱི་སྐབས། “འཇིག་རྟེན་རིམ་པ”ཡི་སྤེལ་རེས་བྱས་ཏེ། འཕུར་སྐྱོད་པ་ཡིས་དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱི་ལུས་རྩལ་པ་ཚོ་ལ་ཤུགས་རྒྱག་ངར་སློང་བྱས། 
རྩོམ་སྒྲིག་པ། བསྟན་ཆོས།