དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > དཔྱད་གཏམ་དྲང་འཇལ།

ཀྲུང་གོའི་དཔལ་འབྱོར་གྱི་ལྡེམ་ཤུགས་ལ་འཛམ་གླིང་གི་གདེང་འཇོག་ཐོབ་དོན་གང་ཡིན་ནམ།

སྤེལ་དུས 2019-10-22 ཡོང་ཁུངས། ཤིན་ཧྭ་གསར་འགྱུར་ཁང་། རྩོམ་པ་པོ།
          སྐབས་དོན་དཔྱད་བརྗོད།
          2019ལོའི་རྒྱལ་སྤྱིའི་དངུལ་ལོར་ཐེབས་རྩ་རྩ་འཛུགས(IMF)དང་འཛམ་གླིང་དངུལ་ཁང་གི་དཔྱིད་དུས་ཚོགས་འདུ་ཚེས་14ཉིན་ཝ་ཧྲེང་ཐོན་དུ་མཇུག་འགྲིལ་ཞིང་། ཚོགས་ཞུགས་ཕྱོགས་ཁག་གིས་མིག་སྔའི་གོ་ལ་ཧྲིལ་པོའི་དཔལ་འབྱོར་འཕར་བའི་ཐད། གཏན་འཁེལ་མེད་པ་དང་ཆག་པ། ཉེན་ཁ་མཉམ་གནས་བཅས་ཀྱི་དུས་སྐབས་སུ་གནས་མོད། འོན་ཀྱང་ཀྲུང་གོའི་དཔལ་འབྱོར་འཕར་བའི་ཐད་ལྡེམ་ཤུགས་ཀྱི་རྣམ་པ་བཟང་པོ་མངོན་ཏེ། འཛམ་གླིང་གི་དཔལ་འབྱོར་ལ་འདེགས་སྐྱོར་ནུས་ལྡན་མཁོ་འདོན་བྱས་པའི་ངོས་འཛིན་ཐུབ་པ་རེད།
          IMFཡིས་ཉིན་ཤས་གོང་ཁྱབ་བསྒྲགས་བྱས་པའི་དུས་ཐེངས་གསར་ཤོས་ཀྱི《གོ་ལ་ཧྲིལ་པོའི་དཔལ་འབྱོར་རྒྱང་ལྟའི་སྙན་ཞུ》ཡི་ནང་ཀྲུང་གོའི་དཔལ་འབྱོར་གྱི་ལྡེམ་ཤུགས་ལ་དཔང་རྟགས་ནུས་ལྡན་མཁོ་འདོན་བྱས་ཡོད། སྙན་ཞུའི་ནང་། གོ་ལ་ཧྲིལ་པོའི་དཔལ་འབྱོར་གཙོ་གཟུགས་གཙོ་བོ་ཁག་གིས་འདི་ལོའི་དཔལ་འབྱོར་འཕར་བའི་སྔོན་དཔག་དམའ་རུ་བཏང་བ་དང་། ཀྲུང་གོའི་དཔལ་འབྱོར་མི་ཆག་པར་དེ་ལས་ལྡོག་སྟེ་འཕར་ཡོད་ཅེས་བསྟན་ཡོད། གཞན་ཡང་མོ་ཀེན་ཏ་ཐུང་དང་། ཧུའེ་ཧྥང་དངུལ་ཁང་། ཧྭ་ཆི་སོགས་ཧྭར་ཅེ་ཁྲོམ་གཞུང་གི་དངུལ་རྩའི་སྒྲིག་གཞིས་ཉེ་དུས་འདི་ལོའི་ཀྲུང་གོའི་དཔལ་འབྱོར་འཕར་བའི་སྔོན་དཔག་མཐོ་རུ་བཏང་ཡོད།
          འཛམ་གླིང་གིས་ཀྲུང་གོའི་དཔལ་འབྱོར་གྱི་ལྡེམ་ཤུགས་ལ་གདེང་འཇོག་བྱེད་པའི་ཐད་གཙོ་བོ་རྒྱུ་རྐྱེན་གཉིས་ཡོད་དེ། གཅིག་ནི་ཀྲུང་གོ་སྲིད་གཞུང་གིས་སྤྱི་ཁོག་སྙོམས་སྒྲིག་སྟངས་འཛིན་གནད་འཁེལ་ཐུབ་པའི་ངོས་འཛིན་བྱས་ཡོད། IMFཡི་དབུ་བཞུགས་དཔལ་འབྱོར་རིག་པ་མཁས་ཅན་ཅེ་ཐཱ·ཀཱ་ཕི་ནེ་ཐེས་ཀྲུང་གོའི་དཔལ་འབྱོར་བརྟན་པའི་རྒྱུ་རྐྱེན་དེ་ཀྲུང་གོ་སྲིད་གཞུང་གིས་འཕྲལ་ཐག་ཆོད་པའི་བྱེད་ཐབས་སྤྱད་པ་དང་འབྲེལ། ནོར་སྲིད་དང་དངུལ་ལོར་སྲིད་ཇུས་ཕྱོགས་བསྡུས་ངང་སྤྱད་པ་ལས་བྱུང་བ་རེད་ཅེས་བཤད།
          གཉིས་ནས་ཀྲུང་གོས་དཔལ་འབྱོར་ཕྱོགས་སྒྱུར་ལ་མུ་མཐུད་སྐུལ་འདེད་བཏང་བ་དང་། མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་སྒྱུར་བཅོས་ལས་ཀྲུང་གོའི་དཔལ་འབྱོར་བརྟན་པའི་རང་བཞིན་ཆེ་རུ་ཕྱིན་པའི་ངོས་འཛིན་བྱས་ཡོད། IMFདང་འཛམ་གླིང་དངུལ་ཁང་གི་དཔྱིད་དུས་ལོ་ཚོགས་ནང་ཞུགས་མཁན་མི་སྣ་མང་ཆེ་བས། ད་ཕན་ལོ་ཤས་རིང་། ཀྲུང་གོའི་དཔལ་འབྱོར་འཕར་བའི་སྒུལ་ནུས་གསར་པ་མུ་མཐུད་འཕར་བ་དང་། འདེགས་ཤིང་བརྟན་པ། དངུལ་རྩའི་ཉེན་ཁ་ཆག་པ་བཅས་ལ་དོ་སྣང་བྱུང་ཡོད། IMFཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོ་པུའི་ཀྲུའུ་རེན་ལི་ཁྲང་ཡུང་གིས་ཀྲུང་གོས་གཞི་ཁྱོན་ཆེན་པོས་ཁྲལ་གྲོན་གཉིས་བཅག་བྱེད་པ་དེ་རྒྱལ་ནང་གི་འཛད་སྤྱོད་མང་དུ་གཏོང་རྒྱུ་དང་། ཀྲུང་གོའི་དཔལ་འབྱོར་གྱི་ཕྱོགས་སྒྱུར་ལ་སྐུལ་འདེད་གཏོང་རྒྱུར་ཕན་ཐོགས་ཡོད་པའི་ངོས་འཛིན་བྱས་པ་རེད། IMFཡི་ཙུང་ཚའེ་ལཱ་ཅཱ་ཏེས་ཀྲུང་གོའི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ཕྱོགས་སུ་སྐྱོད་ཡོད་ཅེས་བཤད།
          མ་རྩའི་འགྲོ་རྒྱུག་ནས་བལྟས་ན། རྒྱལ་སྤྱིའི་མ་རྩས་དོན་དངོས་ཐོག་ཀྲུང་གོའི་དཔལ་འབྱོར་ལ“ཡིད་ཆེས་ཀྱི་འདེམས་ཤོག”འཕངས་ཟིན། གྲངས་གཞི་ལས་མངོན་པར། ན་ནིང་ཕྱི་རྒྱལ་གྱི་དངུལ་ལོར་འཛིན་ཤོག་མ་དངུལ་ཀྲུང་གོར་བཏང་བ་དེ་ཨ་སྒོར་དུང་ཕྱུར་1200ཟིན་པའི་ཟིན་ཐོ་བཏོད་ཡོད། ཉིན་ཤས་གོང་། རྒྱལ་སྤྱིའི་དངུལ་རྩ་མཐུན་ཚོགས་ཀྱིས་ཁྱབ་བསྒྲགས་བྱས་པའི་སྙན་ཞུའི་ནང་། ཀྲུང་གོ་འདི་ཉིད་གསར་དར་ཁྲོམ་རའི་མ་རྩ་གཏོང་སའི་འགག་རྩའི་གནས་སུ་མུ་མཐུད་འགྱུར་རྒྱུ་དང་། སྔོན་རྩིས་བྱས་ན་འདི་ལོ་ཀྲུང་གོར་གཏོང་རྒྱུའི་རྒྱལ་སྤྱིའི་མ་རྩ་ཨ་སྒོར་དུང་ཕྱུར་5750ཟིན་རྒྱུ་ཡིན་པ་བསྟན་ཡོད།
རྩོམ་སྒྲིག་པ། བོ་དོང་བདེ་སྒྲོལ།