ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > དཔྱད་གཏམ་དྲང་འཇལ།

ཀྲུང་དབྱང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་ཚོགས་ཆུང་བཞི་པས་བོད་ལྗོངས་ལ་ཡིག་འབུལ་ཞུ་བཅར་གྱི་གནད་དོན་ཁག་དང་པོ་རྩིས་སྤྲད་པ།

སྤེལ་དུས 2022-03-28 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ།
            ཚེས་26ཉིན་གྱི་སྔ་དྲོའི་ཆུ་ཚོད་9པ་ཡོལ་ཙམ་ལ་ཀྲུང་དབྱང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་ཚོགས་ཆུང་བཞི་པའི་སྤྱི་ཁྱབ་མཐུན་སྦྱོར་བ་ཀྲང་ཤུན་གྱིས་བོད་རང་སྐྱོང་ལྗོངས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་ལས་དོན་འགོ་ཁྲིད་ཚོགས་ཆུང་དག་ཐེར་ལྟ་སྐུལ་ཚོགས་ཆུང་ལ་ཡིག་འབུལ་ཞུ་བཅར་གྱི་གནད་དོན་ཁག་དང་པོ་རྩིས་སྤྲད་པ་རེད།
            ཟླ་3ཚེས་25ཉིན། ཀྲུང་དབྱང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་ཚོགས་ཆུང་བཞི་པ་བོད་ལྗོངས་སུ་དངོས་སུ་བཅའ་སྡོད་བྱས་པ་དང་འབྲེལ་སྤྱི་ཚོགས་ལ་ཐེར་འདོན་ཁ་པར་དང་སྦྲག་སྲིད་ཡིག་སྒམ་ཡང་ཡོངས་བསྒྲགས་བྱས་པ་རེད། ཚེས་25ཉིན་གྱི་ཆུ་ཚོད་9པ་ནས་21བར་ལྟ་བཤེར་ཚོགས་ཆུང་ལ་མང་ཚོགས་ཀྱིས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ཐད་བཏོན་པའི་གནད་དོན་སྐོར་གྱི་འཕྲིན་ཡིག་དང་ཁ་པར་གྱི་ཐེར་འདོན་ཁག་24འབྱོར་བ་དང་། བསྐྱར་ཟློས་ཀྱི་ཐེར་འདོན་ཟླ་སྒྲིལ་བཏང་རྗེས་བོད་ལྗོངས་ལ་གནད་དོན་ཁག་7རྩིས་སྤྲད་པའི་ནང་ལྷ་ས་གྲོང་ཁྱེར་ལ་གནད་དོན་6དང་ཉིང་ཁྲི་གྲོང་ཁྱེར་ལ་གནད་དོན1ཡོད་པ་རེད། ཁྱོན་བསྡོམས་སྐྱེ་ཁམས་ཁོར་ཡུག་གི་གནད་དོན་7གོང་ཞུ་བྱས་པའི་ནང་རླུང་ཁམས་ཆེ་མོའི་སྦགས་བཙོག་གི་གནད་དོན་4དང་འཛེར་སྒྲའི་སྦགས་བཙོག་གི་གནད་དོན་3ཡོད་པ་རེད།
            ཀྲང་ཤུན་གྱིས་ཀྲུང་དབྱང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་ཚོགས་ཆུང་གིས་མང་ཚོགས་ཀྱི་ཡིག་འབུལ་ཞུ་བཅར་གྱི་ཐེར་འདོན་གནད་དོན་བདག་སྤྲོད་དང་བརྒྱུད་སྒྲུབ་བྱས་པ་ནི་མང་ཚོགས་ཀྱི་ལྟ་སྐུལ་དང་ལེན་དང་སྤྱི་ཚོགས་ཀྱི་དོ་ཁུར་བྱེད་པའི་ནང་དོན་གལ་ཆེན་ལ་ལན་ཧུར་ཐག་རྒྱག་ཆེད་ཡིན་པས། བོད་ལྗོངས་ཀྱིས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་དང་ལྟ་བཤེར་ཚོགས་ཆུང་གི་ལས་ཀའི་བླང་བྱ་གཞིར་བཟུང་། སྒམ་བརླིང་དང་ནན་ཏན་གྱི་འགན་འཁྲི་ཁུར་སེམས་ཐོག་ནས་ཐེར་འདོན་བྱས་པའི་གྱོད་གཞི་རེ་རེ་བཞིན་ཐག་གཅོད་ཡག་པོ་བྱས་ཏེ་གྱོད་གཞི་དུས་ཐོག་ཏུ་ཐག་གཅོད་ནུས་ལྡན་ཐུབ་པ་བྱེད་དགོས། གནད་དོན་དག་ཐེར་ལ་ནུས་ཤུགས་ཡོད་རྒུས་ཤུགས་སྣོན་བརྒྱབ་སྟེ། རང་འགུལ་ངང་ལས་རྗེས་འཇོག་པ་དང་རང་འགུལ་ངང་འགན་འཁྲི་ཁུར་ནས་སྤྱི་ཚོགས་ཀྱི་དོ་ཁུར་དང་མང་ཚོགས་ཀྱི་རེ་སྒུག་ལ་ལན་ཧུར་ཐག་བརྒྱབ་ནས་བྱ་བ་ཚང་མ་དོན་ཐོག་ཏུ་འཁྱོལ་བ་དང་བྱ་བ་ཚང་མར་ལན་གསལ་པོ་ཡོད་པའི་ཕན་འབྲས་ཏན་ཏིག་ལ་བརྟེན་ནས་མང་ཚོགས་ཀྱི་ཐོབ་སྣང་དང་སྐྱིད་སྣང་རྒྱུན་ཆད་མེད་པར་ཆེ་རུ་གཏོང་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།
            བོད་རང་སྐྱོང་ལྗོངས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་ལས་དོན་འགོ་ཁྲིད་ཚོགས་ཆུང་དག་ཐེར་ལྟ་སྐུལ་ཚོགས་ཆུང་གི་འགན་འཁུར་བློ་མཐུན་གྱིས། ལྟ་བཤེར་ཚོགས་ཆུང་ལ་བརྒྱུད་སྒྲུབ་བྱས་པའི་ཡིག་འབུལ་ཞུ་བཅར་གྱི་ཐེར་འདོན་གནད་དོན་གསེད་བཀྲོལ་ནན་ཏན་བྱས་ཏེ་ལྟ་སྐུལ་ཞིབ་བཤེར་བྱེད་ཀྱིན་དུ་དག་ཐེར་བྱེད་པའི་ལས་དོན་གྱི་བླང་བྱ་གཞིར་བཟུང་། དུས་ཐོག་ཏུ་བརྒྱུད་སྒྲུབ་དང་། ཞིབ་བསྡུར། ཐག་གཅོད་བཅས་བྱས་ནས་བླང་བྱ་ལྟར་ཐག་གཅོད་བྱས་ཚུལ་ལན་སྤྲད་དེ་དག་ཐེར་ལས་དོན་དོན་ཐོག་ཏུ་འཁྱོལ་བའི་འགན་ལེན་བྱ་རྒྱུ་ཡིན་ཞེས་གསུངས་པ་རེད།