ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་གལ་ཆེན།

ཞི་ཅིན་ཕིང་གིས་ཀུ་ཐེ་ལེ་སིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེའི་འགན་མུ་མཐུད་བཞེས་པར་རྟེན་འབྲེལ་གློག་འཕྲིན་བཏང་གནང་བ།

སྤེལ་དུས 2021-06-21 ཡོང་ཁུངས། ཤིན་ཧྭ་གསར་འགྱུར་ཁང་། རྩོམ་པ་པོ།
         ཚེས་18ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེ་ཀུ་ཐེ་ལེ་སིས་སྐབས་རྗེས་མའི་དྲུང་ཆེའི་འགན་མུ་མཐུད་བཞེས་པར་ཀུ་ཐེ་ལེ་སི་དང་ཕོར་ཐིའུ་ཀལ་གྱི་ཙུང་ཐུང་ཏེ་སུའོ་ས་སོ་སོར་རྟེན་འབྲེལ་གློག་འཕྲིན་བཏང་གནང་བ་རེད།
         ཞི་ཅིན་ཕིང་གིས་རྟེན་འབྲེལ་གློག་འཕྲིན་ནང་། མཉམ་འབྲེལ་རྒྱལ་ཚོགས་ནི་ཆེས་ཡོངས་ཁྱབ་རང་བཞིན་དང་། འཐུས་ཚབ་རང་བཞིན། དབང་གྲགས་རང་བཞིན་བཅས་ལྡན་པའི་སྲིད་གཞུང་དབར་གྱི་རྒྱལ་སྤྱིའི་རྩ་འཛུགས་ཤིག་ཡིན་པའི་ངོས་ནས་རྒྱལ་སྤྱིའི་བྱ་བའི་ཁྲོད་ནུས་པ་གལ་ཆེན་འདོན་བཞིན་ཡོད། ཀྲུང་གོ་ཕྱོགས་ཀྱིས་དྲུང་ཆེ་ཀུ་ཐེ་ལེ་སིས《མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྩ་འཛིན》གྱིས་དཀྲིས་པའི་འགན་འཁྲི་མུ་མཐུད་བསྒྲུབས་ནས་དྲང་བདེན་དང་དྲང་གཞག་གི་ལངས་ཕྱོགས་འཛིན་སྐྱོང་དང་ཕྱོགས་མང་རིང་ལུགས་སྲུང་སྐྱོང་མཐའ་འཁྱོངས་བྱས་ཏེ་འཛམ་གླིང་ཞི་བདེ་སྲུང་སྐྱོང་དང་ཐུན་མོང་འཕེལ་རྒྱས་ལ་ལེགས་སྐྱེས་སྔར་བས་ཆེ་བ་འབུལ་རྒྱུའི་རེ་སྒུག་བྱེད་བཞིན་ཡོད་ཅེས་བསྟན་གནང་བ་རེད།
རྩོམ་སྒྲིག་པ། སངས་སྐྱབས།