ཀྲུང་གོའི་བོད་ལྗོངས་དྲ་བ། > ཁྲིམས་ལུགས། > བཅའ་ཁྲིམས་རྒྱུན་ཤེས།

རླངས་འཁོར་གཅིག་མི་གཉིས་ལ་བཙོངས་ཆོག་གམ།

སྤེལ་དུས 2021-10-15 ཡོང་ཁུངས། ཁྲིམས་ལུགས་ཚགས་པར། རྩོམ་པ་པོ།
           བློ་མཐུན་རྩོམ་སྒྲིག་པ་ལགས།
           ཁྲིམས་ལ་རྨོངས་ཤིང་གཡོ་ཟོལ་གྱིས་དུས་འདའ་བར་བྱེད་པའི་འགྱུར་མེད་ལ་སྡེ་བའི་མི་མང་ཤོས་ཤིག་གིས་འབྲེལ་འདྲིས་མི་བྱེད་པའི་ཁར་མ་རུང་སྐྱག་རྫུན་ཞིག་གི་ཚུལ་དུ་བཟུང་ཡོད། ཉིན་འགའི་སྔོན་དུ་ཁོས་རང་ཉིད་ཀྱི་རླངས་འཁོར་ཆུང་ཆུང་དེ་ཁྱིམ་མཚེས་སྡེ་བའི་མགོན་པོར་བཙོངས་ཤིང་། ཡིན་ན་ཡང་ཁོ་གཉིས་ཀྱིས་ཕན་ཚུན་བར་དུ་ཉོ་འཚོང་བྱས་པའི་འགྲོ་ལུགས་ཅི་ཡང་མ་བསྒྲུབས་ལ། ད་དུང་ཁ་ཆད་བྱས་ཏེ་མགོན་པོས་རླངས་འཁོར་ཉོས་རིན་བྱིན་རྗེས་འགྱུར་མེད་ཀྱིས་སྔར་ལྟར་རླངས་འཁོར་དེ་ཟླ་གཅིག་རིང་ལ་བཀོལ་སྤྱོད་བྱ་རྒྱུ་བྱས་ཡོད། འགྱུར་མེད་ཀྱིས་རང་གིས་བཙོངས་ཟིན་པའི་རླངས་འཁོར་བཀོལ་སྤྱོད་བྱེད་རིང་ལ་དེའི་ཐོ་འགོད་ཡི་གེ་ཚང་མ་མིང་ལ་བསྟན་པ་ཟེར་བ་ཞིག་ལ་བསྟན་ཏེ། རླངས་འཁོར་གྱི་བདག་དབང་ད་དུང་ཁོ་ལ་ཡོད་པ་ཡིད་ཆེས་སུ་བཅུག་རྗེས། ཁོས་ཡང་བསྐྱར་རླངས་འཁོར་དེ་ཐད་ཀར་བསྟན་པར་བཙོངས་པ་རེད། མགོན་པོས་གནས་ཚུལ་དེ་ཤེས་འཕྲལ་བསྟན་པ་བཙལ་ཏེ་རླངས་འཁོར་ཕྱིར་སྟེར་དགོས་པའི་རེ་བ་བཏོན།འདིར་ཁྱེད་བཅའ་ཁྲིམས་བློ་སྟོན་ཁང་ལ་དྲི་རྒྱུ་ཞིག་ཡོད་པ་ནི་རླངས་འཁོར་དེའི་བདག་དབང་དོན་ངོ་མར་སུ་ལ་ཡོད།   ཅེས་བསམ་ཆུང་གིས།
           བློ་མཐུན་བསམ་ཆུང་ལགས།
           རང་རྒྱལ་གྱི《དམངས་དོན་ཁྲིམས་གཞུང》གི་དོན་ཚན224པ་དང225པའི་གཏན་འཁེལ་ལྟར་ན། “སྒུལ་དངོས་ཀྱི་བདག་དབང་འཛུགས་པ་དང་བཤུག་སྤྲོད་བྱེད་པ་དེ་གཏོང་སྤྲོད་བྱས་པ་ནས་བཟུང་ནུས་ཐོན་ཡིན། ཡིན་ན་ཡང་བཅའ་ཁྲིམས་འདིའི་གཏན་འཁེལ་ལས་གཏན་འཁེལ་གཞན་ཡོད་པ་ཕུད། གྲུ་གཟིངས།མཁའ་འགྲུལ་ཡོ་ཆས། འཕྲུལ་སྒུལ་འཁོར་ལོ་སོགས་དངོས་དབང་འཛུགས་པ། བསྒྱུར་བ། བཤུག་སྤྲོད་དང་མེད་པར་བཟོ་བ་བཅས་ཐོ་འགོད་མ་བྱས་ཚེ། གནོང་མེད་ཀྱི་མི་གསུམ་པར་ངོ་རྒོལ་བྱས་མི་ཆོག” ཅེས་བཀོད་ཡོད།
           དེར་བརྟེན། གོང་གི་གྱོད་དོན་འདིར་གཞིགས་ན། འགྱུར་མེད་དང་མགོན་པོས་ཕན་ཚུན་བར་དུ་བདག་དབང་བཤུག་སྤྲོད་བྱས་པར་ཐོ་འགོད་ཀྱི་འགྲོ་ལུགས་ཅི་ཡང་བསྒྲུབས་མེད་པ་དང་། བསྟན་པ་ནི་གནོང་མེད་ཀྱི་མི་གསུམ་པ་ཡིན་པའི་ཆ་ནས་རླངས་འཁོར་དེའི་བདག་དབང་ཁོ་ལ་ཡོད། མགོན་པོས་འགྱུར་མེད་དང་ཁོ་གཉིས་ཕན་ཚུན་བར་དུ་བཞག་ཡོད་པའི་ཉོ་འཚོང་གན་རྒྱ་དེ་གཞིར་བཟུང་སྟེ། འགྱུར་མེད་ལ་ཁ་ཆད་དང་འགལ་བའི་འགན་འཁྲི་འཁུར་དགོས་པའི་རེ་བ་གདོན་ཆོག
རྩོམ་སྒྲིག་པ། བདེ་སྒྲོལ།