ཀྲུང་གོའི་བོད་ལྗོངས་དྲ་བ། > ཁྲིམས་ལུགས། > བཅའ་ཁྲིམས་རྒྱུན་ཤེས།

▶ ཁ་པར་གཱ་དང་དངུལ་ཁང་གཱ་སོགས་ལ་བདག་པོ་ཡག་པོ་མ་བརྒྱབ་ན…

སྤེལ་དུས 2022-05-06 ཡོང་ཁུངས། བོད་ལྗོངས་ཉིན་ཚགས། རྩོམ་པ་པོ།

       “གློག་འཕྲིན་ཁ་བསླུས་ལ་ངོ་རྒོལ”བྱེད་པའི་བྱ་སྤྱོད་སྤེལ་ཚུན། ལྷ་ས་གྲོང་ཁྱེར་ཁ་བསླུས་ངོ་རྒོལ་ལྟེ་གནས་ཀྱིས་རྡུང་རྡེག་ལ་བརྟེན་ནས་བཅོས་སྒྲིག་ལ་སྐུལ་འདེད་དང་རྡུང་རྡེག་ལ་བརྟེན་ནས་འགོག་སྲུང་ལ་སྐུལ་འདེད་གཏོང་བའི་ལས་དོན་སྤེལ་ཐབས་མཐའ་འཁྱོངས་བྱས་ཏེ། “གཱ་གཉིས”དང་འབྲེལ་བའི་ཁྲིམས་འགལ་ཉེས་གསོག་ལ་བཅོས་སྒྲིག་ནན་པོ་བྱེད་པའི་ལས་དོན་རྒྱུན་མཐུད་སྤེལ་བ་དང་། དངུལ་རྩའི་སྡེ་ཚན་ཁག་དབར་གྱི་འབྲེལ་གཏུག་དང་མཐུན་སྦྱོར་མཉམ་ལས་ལ་ཤུགས་སྣོན། གྱོད་གཞི་དང་འབྲེལ་བའི་ཁུངས་སྣེ་གཏིང་ཟབ་དང་ཞིབ་ཚགས་སྤྱོད་པ་བཅས་བྱས་པས། ཉེ་ཆར“གཱ་གཉིས”དང་འབྲེལ་བའི་ཉེས་གསོག་དོགས་ཅན་6འཛིན་ཐུབ་པ་དང་། ཡིད་རྟོན་དངུལ་ཁང་གཱའི་དོ་དམ་ལ་འགོག་རྐྱེན་བཟོས་པའི་གྱོད་གཞི་1རྩད་ཆོད་པ། དངུལ་ཁང་གཱ་དང་Uཕུབ་9གཞུང་བཞེས་བཏང་ནས། གློག་འཕྲིན་དྲ་རྒྱའི་ཁ་བསླུས་ཐོན་ཉེན་ཡོད་དུས་ནས་བཀག་འགོག་བྱས་པ་དང་སྤྱི་ཚོགས་ཀྱི་བདེ་འཇགས་ལ་བཟོས་པའི་རྐྱེན་ངན་མེད་པར་བཟོས་ཏེ། མི་དམངས་མང་ཚོགས་ཀྱི་རྒྱུ་ནོར་གྱི་བདེ་འཇགས་ལ་འགན་ལེན་ཏན་ཏིག་བྱས་པ་རེད།
རྩོམ་སྒྲིག་པ། བདེ་སྒྲོན།