ཀྲུང་གོའི་བོད་ལྗོངས་དྲ་བ། > ཁྲིམས་ལུགས། > བཅའ་ཁྲིམས་རྒྱུན་ཤེས།

གྲོང་ཁྱེར་པ་གྲོང་གསེབ་ཏུ་སོང་ནས་ཞིང་འདེབས་ཆོག་གམ།

སྤེལ་དུས 2022-08-17 ཡོང་ཁུངས། མི་དམངས་དྲ་བ། རྩོམ་པ་པོ།
  གྱོད་གཞི།
  གྲོང་ཁྱེར་དུ་འཚོ་བ་སྐྱེལ་བཞིན་ལས་འཁྱུར་ངལ་གསོ་བརྒྱབ་མ་ཐག་པའི་ཀྲང་ལགས་ཀྱི་སེམས་པར་ས་ཞིང་ཞིག་བཙལ་ནས་དེར་ཤིང་འབྲས་དང་སྔོ་ཚལ་འདེབས་བཞིན་གྲོང་གསེབ་ཀྱི་འཚོ་བ་རོལ་དགོས་སྙམ། དེ་ནས་ཀྲང་ལགས་ཀྱིས་འཚོ་བ་སྐྱེལ་ས་གྲོང་གསེབ་ཡིན་པའི་ཞིང་པ་ལིའུ་ལགས་དང་འབྲེལ་བ་བྱས། གྲོས་མོལ་བྱས་པ་བརྒྱུད། ཀྲང་ལགས་ཀྱིས་ལིའུ་ལགས་ཀྱིས་འགན་གཙང་བླངས་པའི་ས་ཞིང་ཆ་ཤས་གླས་ནས་ཚལ་འདེབས་རྩིས་བྱས། ཀྲང་ལགས་ཀྱི་བྱ་སྤྱོད་དེ་ཁྲིམས་དང་མཐུན་པ་ཡིན་ནམ།
  གྱོད་གཞིར་གཞིགས་ནས་ཁྲིམས་བཤད།
  གནས་ཚུལ་དང་བསྟུན་ནས་ཐག་གཅོད་དགོས། དམངས་དོན་ཁྲིམས་གཞུང་གི་དོན་ཚན་སུམ་བརྒྱ་སོ་དགུ་པར་གཏན་འབེབས་བྱས་པར། ས་ཞིང་འགན་གཙང་ལེན་གྱིས་གཉེར་སྐྱོང་བྱེད་པའི་དབང་བདག་གིས་ཁྲིམས་ལྟར་བོགས་མར་གཏོང་བ་དང་། མ་རྐང་ལ་འཇོག་པ། ཡང་ན་བྱེད་ཐབས་གཞན་སྤྱོད་པ་བཅས་ཀྱི་ཐོག་ནས་མི་གཞན་ལ་ས་ཞིང་གཉེར་སྐྱོང་བྱེད་པའི་དབང་འཁོར་སྒྱུར་བྱེད་རྒྱུ་དང་རང་རྐྱ་འཕེར་བར་ཐག་གཅོད་བྱས་ཆོག འོན་ཀྱང་《གྲོང་གསེབ་ཀྱི་ས་ཞིང་གཉེར་སྐྱོང་བྱེད་དབང་འཁོར་རྒྱུག་བྱེད་པར་དོ་དམ་བྱེད་ཐབས་》ཀྱི་དོན་ཚན་དགུ་པའི་གཏན་འབེབས་ལྟར་ན། ས་ཞིང་གཉེར་སྐྱོང་བྱེད་དབང་འཁོར་རྒྱུག་བྱེད་པའི་བཤུག་ལེན་བྱེད་མཁན་ཕྱོགས་དེ་ནི་ཞིང་ལས་ཀྱི་གཉེར་སྐྱོང་བྱེད་ནུས་སམ་ཡང་ན་ཐོབ་ཐང་ལྡན་པའི་རྩ་འཛུགས་དང་མི་སྒེར་ཡིན་དགོས། ཆ་རྐྱེན་གཅིག་མཚུངས་ཡིན་པའི་འོག་ཐུན་མོང་དཔལ་འབྱོར་རྩ་འཛུགས་འདི་གའི་ཁོངས་མིར་སྔོན་ཐོབ་དབང་ཆ་ལོངས་སུ་སྤྱོད་རྒྱུ་ཡོད། གྱོད་གཞི་འདིའི་ནང་ཀྲང་ལགས་ནི་ཐུན་མོང་དཔལ་འབྱོར་རྩ་འཛུགས་ཀྱི་ཁོངས་མི་མ་ཡིན་མོད། འོན་ཀྱང་གལ་ཏེ་ཁོང་ནི་ཞིང་ལས་གཉེར་སྐྱོང་བྱེད་ནུས་ཡོད་པའི་མི་སྒེར་ཡིན་ན། ས་ཞིང་འགན་གཙང་བླངས་ནས་གཉེར་སྐྱོང་བྱེད་དབང་ཡོད་པའི་བོགས་མར་ལེན་མཁན་དུ་གྱུར་ཆོག