ཀྲུང་གོའི་བོད་ལྗོངས་དྲ་བ། > ཁྲིམས་ལུགས། > གྱོད་ལྟར་ཁྲིམས་གླེང་།

གཏའ་མར་བཞག་པའི་མོ་ཊ་བརྐུས་ནས་ཕ་ཡུལ་ལ་ལོག་རྩིས་བྱས་པས……

སྤེལ་དུས 2021-10-15 ཡོང་ཁུངས། ཁྲིམས་གསལ་མེ་ལོང་། རྩོམ་པ་པོ།
          ཟླ་10ཚེས་2ཉིན་གྱི་སྔ་དྲོའི་ཆུ་ཚོད་8པ་ཙམ་ལ། གྲོང་མི་ནོར་ཆེ་གེ་མོས(འགྱུར་མིང)ཉོས་མ་ཐག་པའི་རླངས་འཁོར་སྡེ་ཁུལ་ཞིག་གི་སྒོ་རྩར་བཞག་པ་དང་། ཉིན་དགུང་ཆུ་ཚོད་12ཙམ་ལ་ལེན་པར་འགྲོ་སྐབས་རླངས་འཁོར་མཐོང་རྒྱུ་མེད་པས། དེ་མུར་ཁྲེང་ཀོན་སྤྱི་བདེ་ཡན་ལག་ཅུས་གྲྭ་བཞི་མངགས་གཏོང་ཁང་དུ་བཅའ་སྡོད་ཉེས་དོན་གྱོད་སྒྲུབ་རུ་ཁག་ལ་སྙན་སེང་ཞུས་པ་རེད།

    སྙན་སེང་འབྱོར་རྗེས། མྱུལ་ཞིབ་མི་སྣས་འཕྲལ་མར་ས་ཆ་དངོས་སུ་རྩད་ཞིབ་བྱེད་པར་བསྐྱོད་པ་དང་། འདྲི་རྟོགས་བརྟག་དཔྱད་བྱས་པ་བརྒྱུད། མི་དམངས་ཉེན་རྟོག་པས་ལི་ཆེ་གེ་མོར(འགྱུར་མིང)དོགས་པ་ཆེན་པོ་ཡོད་པ་གཏན་འཁེལ་བྱས་ནས། མི་འདི་གང་དུ་ཡོད་མེད་རྩད་གཅོད་སྐབས། ཁོ་པ་ད་ལྟ་རླངས་འཁོར་བཏང་ནས་ཉིང་ཁྲི་གྲོང་ཁྱེར་དུ་སླེབས་ཡོད་པ་རེད། གྱོད་སྒྲུབ་མི་དམངས་ཉེན་རྟོག་པས་དབྱེ་ཞིབ་བྱས་པ་བརྒྱུད། དོགས་ཡོད་ཉེས་ཅན་པ་རྒྱལ་ལམ་318བརྒྱུད་ནང་སར་བྲོས་སྲིད་པས། འཕྲལ་མར་སྤོ་བོ་རྫོང་ཉེན་རྟོགས་ཕྱོགས་ཀྱི་གཡུ་ཕུག་ཞིབ་བཤེར་ས་ཚིགས་ལ་དོགས་ཡོད་ཉེས་ཅན་པ་དང་རླངས་འཁོར་འགོག་རོགས་བྱེད་རྒྱུའི་རེ་ཞུ་བྱས། ཟླ་10ཚེས་3ཉིན་གྱི་ཐོ་རེངས་ཆུ་ཚོད་3དང་སྐར་མ་30ཙམ་ལ་གཡུ་ཕུག་ཞིབ་བཤེར་ས་ཚིགས་ཀྱི་མི་དམངས་ཉེན་རྟོག་པས་དོགས་ཡོད་ཉེས་ཅན་པ་དང་རླངས་འཁོར་བདེ་བླག་ངང་བཀག་ཐུབ་པ་རེད།

    དེ་རྗེས། ལི་ཆེ་གེ་མོས་རང་ཉིད་རྒྱན་པོ་འགྱེད་ནས་ནོར་ཆེ་གེ་མོར་བུ་ལོན་སྒོར་ཁྲི་9བཟོས་པ་དང་། བུ་ལོན་འཇལ་ཐབས་བྲལ་བས་རང་ཉིད་ཀྱི་རླངས་འཁོར་ནོར་ཆེ་གེ་མོར་གཏའ་མར་བཞག་པ་མ་ཟད། ལྡེ་མིག་དང་འགྲུལ་བཞུད་ལག་ཁྱེར་ནོར་ཆེ་གེ་མོར་སྤྲད་པ་ཡིན། ནོར་ཆེ་གེ་མོ་རླངས་འཁོར་བཏང་ནས་ཁྱིམ་དུ་ལོག་རྗེས། ཁོའི་རྗེས་སུ་སྡེ་ཁུལ་གྱི་སྒོ་རྩར་ཡོང་ནས་རང་ཉིད་ལ་ཡོད་པའི་ལྡེ་མིག་གཞན་དེས་རླངས་འཁོར་བཏང་སྟེ་ཕ་ཡུལ་ཧོ་པེ་ལ་ལོག་རྩིས་ཡོད་ཅེས་མི་དམངས་ཉེན་རྟོག་པར་ངོས་ལེན་ཞུས། འོན་ཀྱང་བསམ་ཡུལ་ལས་འདས་པ་ཞིག་ལ་ལམ་ཕྱེད་ནས་མི་དམངས་ཉེན་རྟོག་པས་བཟུང་བ་རེད།
    མིག་སྔར་དོགས་ཡོད་ཉེས་ཅན་པ་ལི་ཆེ་གེ་མོ་ཉེས་དོན་བཀག་ཉར་བྱས་པ་དང་། གྱོད་གཞི་དེ་སྔར་བས་འདྲི་ཞིབ་བྱེད་བཞིན་ཡོད།
རྩོམ་སྒྲིག་པ། བདེ་སྒྲོན།