ཀྲུང་གོའི་བོད་ལྗོངས་དྲ་བ། > ཁྲིམས་ལུགས། > གྱོད་ལྟར་ཁྲིམས་གླེང་།

▶རྐུན་མ་གཡག་ཆེན་ཁྲིམས་ལ་སྦྱར། འབྲི་གཡག་11བདག་པོར་སྤྲད།

སྤེལ་དུས 2022-05-09 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན། རྩོམ་པ་པོ།

   ཉེ་ལམ་ནག་ཆུ་གྲོང་ཁྱེར་གྱི་གསེར་རྙེད་ཆུས་སུ་འབྲི་གཡག་རྐུ་བའི་གནད་དོན་མང་པོ་ཐོན་པས་གྲོང་ཁྱེར་རིམ་པ་དང་ས་ཁུལ་རིམ་པ་གཉིས་ཀྱི་སྤྱི་བདེ་ལས་ཁུངས་ཀྱི་འགོ་ཁྲིད་གཙོ་བོས་དོན་དེར་ཚད་མཐོའི་སྣང་ཆེན་བྱས་ཤིང་། གསེར་རྙེད་ཆུས་སྤྱི་བདེ་ཅུས་ཉེས་དོན་ཉེན་རྟོག་རུ་ཆེན་ལ་འཕྲལ་མར་ཆེད་དོན་རུ་ཁག་གྱོད་གཞི་མྱུལ་ཞིབ་བྱེད་དགོས་པའི་བཀའ་བཀོད་བཏང་བས། གསེར་རྙེད་ཆུས་སྤྱི་བདེ་ཅུས་ཉེས་དོན་ཉེན་རྟོག་རུ་ཆེན་གྱིས་བཀའ་དང་དུ་བླངས་ནས་མྱུར་ཞིབ་དང་མྱུར་གཅོད་བྱས་ཤིང་ཆུ་ཚོད་48ནང་རྐུ་ལ་ཤོར་བའི་འབྲི་གཡག་11རྩད་ཆོད་པ་དང་། རྐུ་མ་གཡག་ཆེན་4འཛིན་བཟུང་བྱས་ནས་ཁྲིམས་ལ་སྦྱར་བ་རེད།

    གྱོད་དོན་རྩད་ཆོད་པས་མང་ཚོགས་ཀྱི་དཔལ་འབྱོར་གྱོང་གུན་ཚོད་འཛིན་ཡག་པོ་ཐུབ་ཡོད། ཉེས་དོན་ཉེན་རྟོག་རུ་ཆེན་དཔུང་ཁག་གཉིས་སུ་བགོས་ནས་ཕྱོགས་གཅིག་ནས་མྱུལ་ཞིབ་བརྟག་དཔྱད་འབོར་ཆེན་བྱས་པ་དང་། ཕྱོགས་གཅིག་ནས་མུ་མཐུད་དུ་ཁུངས་སྣེ་རྒྱུ་མ་ཕུ་འདེད་ཀྱིས་བརྐུས་ནོར་རྩད་གཅོད་བྱས་པ་རེད། བདེན་དཔང་ཁུངས་བཙན་དང་ཁྲིམས་ལུགས་བཙན་པོའི་མདུན་དུ་དོགས་ཡོད་ཉེས་ཅན་གྱིས་བརྐུས་ནོར་འཚོང་ས་ཁས་བླངས་པས། བརྟག་ཞིབ་ཉེན་རྟོག་པས་ངལ་བ་འཛེམ་མེད་ཀྱིས་ཉིན་10ལྷག་ལ་ཁུངས་སྣེ་སྙེག་ནས་ཤན་རྩ་རྫོང་དང་། གོར་མོ། མཚོ་སྔོན་ཞིང་ཆེན་མཚོ་བྱང་ཁུལ་སོགས་སུ་སྤྱི་ལེ་3000ལྷག་བསྐྱོད་མཐར། ཟླ་4ཚེས་24ཉིན་མཚོ་སྔོན་ཞིང་ཆེན་མཚོ་བྱང་ས་ཁུལ་དུ་བརྐུས་ནོར་11རྩད་ཆོད་ཅིང་། མཚན་ལམ་བརྒྱུད་ནས་འབྲི་གཡག་11དེ་སླར་ནག་ཆུའི་གསེར་རྙེད་ས་ཁུལ་དུ་བདག་པོའི་སར་དབོར་ཡོད་པ་དང་། ད་ལྟ་གྱོད་གཞི་དེའི་མྱུལ་ཞིབ་དང་འབྲི་གཡག་དོ་བདག་ལ་ཕྱིར་སློག་བྱེད་པའི་ལས་དོན་སྤེལ་བཞིན་ཡོད་པ་རེད།

རྩོམ་སྒྲིག་པ། བདེ་སྒྲོན།