དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > ཁྲིམས་ལུགས། > ཚ་ཤོས།

དབྱང་ཀྲི་བུན་གྱིས་ཚྭ་འདམ་ཆེ་བའི་སྲིད་ཨུའི་ཞིང་བའི་གླ་ཕོགས་འགོར་འགྱངས་བཅོས་སྐྱོང་བྱ་བར་རྟོག་ཞིབ་བྱས།

སྤེལ་དུས 2021-01-14 ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། རྩོམ་པ་པོ།
            ཟླ1པའི་ཚེས12ཉིན། ཧྲིན་ཀྲང་གཞོན་པ་དབྱང་ཀྲི་བུན་གྱིས་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་ཚྭ་འདམ་ཆེ་བའི་སྲིད་ཨུའི་ཞིང་བ་ལས་བཟོ་བའི་གླ་ཕོགས་འགོར་འགྱངས་བཅོས་སྐྱོང་བྱ་བར་རྟོག་ཞིབ་བྱེད་སྐབས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཞིང་བ་ལས་བཟོ་བའི་གླ་ཕོགས་སྟེར་བའི་བྱ་བའི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་ལེན་དོན་འཁྱོལ་བྱེད་པ་དང་། ཁྲིམས་སྐྱོང་བསམ་བློ་དང་ཁྲིམས་སྐྱོང་གི་རྣམ་པ་བེད་སྤྱོད་རྒྱུན་འཁྱོངས་བྱས་ཏེ། གླ་ཕོོགས་འགོར་འགྱངས་གནད་དོན་ཐག་གཅོད་བྱས་ཏེ། རྒྱ་ཆེའི་ཞིང་བ་ལས་བཟོ་བའི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོབ་དང་འགན་སྲུང་བྱེད་དགོས་ཞེས་བསྟན། 
            དབྱང་ཀྲི་བུན་སྔ་གཞུག་ཏུ་ཁེ་ལས་དང་ལས་གཞི་འཛུགས་སྐྲུན་ཡུལ་དངོས་སུ་སོང་ནས། འབྲེལ་ཡོད་འགན་ཁུར་བློ་མཐུན་དང་གླེང་མོལ་བྱས་ཤིང་།ཁེ་ལས་ཐོན་སྐྱེད་ཚོང་གཉེར་དང་ཞིང་བ་ལས་བཟོ་བ་བེད་སྤྱོད་གནས་ཚུལ་ལ་རྒྱུས་ལོན་ཞིབ་མོ་བྱས་ཏེ། ཁེ་ལས་ཀྱི་ངལ་རྩོལ་གན་རྒྱ་འཇོག་པ་དང་།ཞིང་བ་ལས་བཟོ་བའི་དངོས་མིང་སྒྲིག་སྲོལ་དོ་དམ།དེ་མིན་གླ་ཕོགས་ཁག་ཐེག་མ་དངུལ་སྤྲོད་པ།ཟླ་རེར་གླ་ཕོགས་མཁོ་སྤྲོད་གནས་ཚུལ་སོགས་ལ་ཞིབ་བཤེར་བྱས་ཤིང་།ཡུལ་དངོས་ནས་གནས་པའི་གནད་དོན་ཐག་གཅོད་བྱས་པ་མ་ཟད་བྱེ་བྲག་གི་བླང་བྱ་བཏོན། 
            དབྱང་ཀྲི་བུན་གྱིས་ནན་གྱིས་བསྟན་དོན། ཞིང་བ་ལས་བཟོ་བའི་གླ་ཕོགས་སྟེར་བ་དེ་རྒྱ་ཆེའི་ལས་བཟོ་བའི་ཁེ་ཕན་འགན་སྲུང་དང་སྤྱི་ཚོགས་དྲང་བདེན་ལ་འབྲེལ་བ་ཡོད་ཅིང་།《ཞིང་བ་ལས་བཟོ་བའི་གླ་ཕོགས་མཁོ་སྤྲོད་ཀྱི་སྲོལ་ཡིག》སོགས་ཁྲིམས་ལུགས་ཀྱི་གཏན་འཁེལ་ལྟར་ལག་བསྟར་ནན་མོ་བྱེད་པ་དང་། འགན་འཁྲི་གཙོ་བོས་གླ་ཕོགས་སྟེར་བའི་བྱ་སྤྱོད་ཚད་ལྡན་དང་། ལྟ་སྐུལ་དོ་དམ་གྱི་བྱེད་ཐབས་ཤུགས་དྲག་ཏུ་བཏང་ནས། ཕན་ནུས་ལྡན་པའི་སྒོ་ནས་ཞིང་བ་ལས་བཟོ་བའི་གླ་ཕོགས་སྟེར་བའི་བྱ་བའི་ཕན་འབྲས་མཐོར་འདེགས་སུ་གཏོང་དགོས། གནད་དོན་གྱི་ཁ་ཕྱོགས་རྒྱུན་འཁྱོངས་བྱས་ནས། དགུན་དུས་ཀྱི་གླ་ཕོགས་འགོར་འགྱངས་ཆེད་སྤྱོད་བྱ་འགུལ་དང་ཟུང་འབྲེལ་སྒོས། མེད་པར་བཟོ་བ་གཉིས་ཀྱི་དམིགས་འབེན་མངོན་འགྱུར་བྱེད་པ་དང་དམ་དུ་འབྲེལ་ནས། ཁྱོན་ཡོངས་ནས་ཞིབ་བཤེར་དང་།བྱ་བའི་ལྟ་སྐུལ་ལ་ཤུགས་བསྣན་ཏེ། ཡིད་རྟོན་ཤོར་བར་མཉམ་འབྲེལ་ཆད་གཅོད་ཤུགས་དྲག་ཏུ་བཏང་སྟེ།ཞིང་བ་ལས་བཟོ་བར་དུས་ལྟར་དུ་གླ་ཕོགས་སྟེར་བར་ཁག་ཐེག་བྱེད་དགོས་ཞེས་བསྟན།། 
རྩོམ་སྒྲིག་པ། བདེ་སྒྲོལ།