ཀྲུང་གོའི་བོད་ལྗོངས་དྲ་བ། > ཁྲིམས་ལུགས། > ཚ་ཤོས།

དྲ་རྒྱའི་བདེ་འཇགས་དོ་དམ་ལས་སྟེགས་ཀྱིས་འགྲིམ་འགྲུལ་སྐྱེལ་འདྲེན་ལས་རིགས་ལ་གཡས་གཞོགས་གཡོན་འདེགས་བྱས།

སྤེལ་དུས 2021-10-11 ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། རྩོམ་པ་པོ།
          ཟླ10པའི་ཚེས9ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་འགྲིམ་འགྲུལ་སྐྱེལ་འདྲེན་ཐིང་ནས་ཤེས་གསལ་ལྟར་ན། མཚོ་སྔོན་ཞིང་ཆེན་འགྲིམ་འགྲུལ་སྐྱེལ་འདྲེན་ཐིང་ཆ་འཕྲིན་ལྟེ་གནས་ཀྱིས་དྲ་རྒྱའི་བདེ་འཇགས་དོ་དམ་ལས་སྟེགས་བསྐྲུན་པར་རྒྱུན་མཐུད་སྐུལ་འདེད་བཏང་བས། དྲ་རྒྱའི་བདེ་འཇགས་དོན་རྐྱེན་གྱི་ལྟ་ཞིབ་ཚད་ལེན་གྱི་སྔོན་བརྡ་དང་འཕྲལ་བསྟུན་ཐག་གཅོད་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་ཡོད། ལས་སྟེགས་དེར་བརྟེན་ནས་ཞིང་ཆེན་ཡོངས་ཀྱི་དྲ་རྒྱའི་བདེ་འཇགས་རྒོལ་སྲུང་དངོས་འཐབ་སྦྱོང་བརྡར་ཐེངས2དང་། རྒྱལ་ཡོངས་དྲ་རྒྱའི་བདེ་འཇགས་རྒོལ་སྲུང་དངོས་འཐབ་སྦྱོང་བརྡར་ཐེངས1བྱས་ཏེ། དུས་ཚོད་དང་མཚམས་ཚིགས་གལ་ཆེན་དང་རྒྱལ་ཁབ་ཀྱི་བྱ་འགུལ་གལ་ཆེན་སྐབས་ཀྱི་དྲ་རྒྱའི་བདེ་འཇགས་འགན་ལེན་གལ་ཆེན་གྱི་ལས་དོན་ཕུན་སུམ་ཚོགས་པོའི་ངང་ལེགས་འགྲུབ་བྱས།
          ཤེས་གསལ་ལྟར་ན། དྲ་རྒྱའི་བདེ་འཇགས་དོ་དམ་ལས་སྟེགས་ནང་གནས་ཚུལ་ཤེས་རྟོགས་དང་། འཇིགས་སྐུལ་འགོག་སྲུང་། གསང་འཕྲིན་ཉེན་བརྡ། སྐྱོན་ཆ་ཞིབ་བཤེར། འཕྲལ་བསྟུན་ཐག་གཅོད་སོགས་ཀྱི་འགོག་སྲུང་བྱ་ཐབས་སྣ་ཚོགས་ཚུད་ཡོད། མིག་སྔར་དྲ་རྒྱའི་བདེ་འཇགས་དོ་དམ་ལས་སྟེགས་ཀྱི་སྤྱོད་ནུས་ཆེ་ཞིང་། བཀོད་སྒྲིག་བྱས་པའི་དུས་ལྟར་གྱི་ལྟ་སྐུལ་ཚོད་འཛིན་མ་ལག་གིས་ཞིང་ཆེན་འགྲིམ་འགྲུལ་སྐྱེལ་འདྲེན་ཐིང་གི་དྲ་ཚིགས་ཚོགས་པ་དང་ལས་རིགས་ཀྱི་ལས་སྒོའི་མ་ལག་གལ་ཆེན7×24ཆུ་ཚོད24ཡི་བཞུར་ཚད་ལ་ལྟ་ཞིབ་ཚད་ལེན་བྱས་ཏེ། ནད་དུག་གིས་བཙན་འཛུལ་དང་བསམ་ངན་བཅངས་ནས་ཕར་རྒོལ་བྱེད་པ་སོགས་ཀྱི་བྱ་སྤྱོད་དུས་ཐོག་ཏུ་ཤེས་རྟོགས་དང་། བཀག་སྡོམ། སྔོན་བརྡ་གཏོང་བ་བཅས་བྱས་ནས་དྲ་རྒྱའི་བདེ་འཇགས་ཀྱི་འཇིགས་སྐུལ་ཕྱོགས་ཡོངས་ནས་ཤེས་རྟོགས་བྱུང་བས། དྲ་རྒྱའི་བདེ་འཇགས་འགོག་སྲུང་ཁྲོད་ནུས་པ་གལ་ཆེན་འདོན་སྤེལ་བྱས་ཡོད། །
རྩོམ་སྒྲིག་པ། བདེ་སྒྲོལ།