ཀྲུང་གོའི་བོད་ལྗོངས་དྲ་བ། > ཁྲིམས་ལུགས། > ཚ་ཤོས།

ལིའུ་ཞིན་ཡུན་གཞུང་གཏུག་བྱས།

སྤེལ་དུས 2021-10-12 ཡོང་ཁུངས། མི་དམངས་དྲ་བ། རྩོམ་པ་པོ།
            ཧྲན་ཞི་ཞིང་ཆེན་གྱི་དེ་སྔའི་ཧྲེང་ཀྲང་གཞོན་པ། ཞིང་ཆེན་སྤྱི་བདེ་ཐིང་གི་དེ་སྔའི་ཐིང་ཀྲང་ལིའུ་ཞིན་ཡུན་གྱིས་ལྐོག་རྔན་བླངས་པ་དང་འགན་དབང་གང་བྱུང་དུ་སྤྱད་པའི་དོགས་གཞི་ཡོད་པའི་གྱོད་གཞི་དེ། རྒྱལ་ཁབ་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གིས་བརྟག་དཔྱད་མཇུག་བསྒྲིལ་རྗེས་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གིས་གཏན་འཁེལ་བྱས་པ་བརྒྱུད། ཧོ་པེ་ཞིང་ཆེན་ལང་ཧྥང་གྲོང་ཁྱེར་མི་དམངས་ཞིབ་དཔྱོད་ཁང་གིས་ཞིབ་བཤེར་ཞུ་གཏུག་བརྒྱབ་པ་རེད། ཉེ་ཆར། ལང་ཧྥང་གྲོང་ཁྱེར་མི་དམངས་ཞིབ་དཔྱོད་ཁང་གིས་ལང་ཧྥང་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་ལ་གཞུང་གཏུག་བྱས་པ་རེད། 
            ཞིབ་དཔྱོད་ལས་ཁུངས་ཀྱིས་ཞིབ་བཤེར་ཞུ་གཏུག་བྱེད་པའི་བརྒྱུད་རིམ་ནང་ཁྲིམས་ལྟར་ཞུ་སྦྱོར་ཕྱི་མ་བ་ལིའུ་ཞིན་ཡུན་ལ་ཡོད་པའི་གཏུག་བཤེར་དབང་ཆ་གསལ་བཤད་བྱས་པ་མ་ཟད། ཞུ་སྦྱོར་ཕྱི་མ་བ་ལིའུ་ཞིན་ཡུན་ལ་འདྲི་རྩད་བྱས་པ། དག་འབུད་བྱེད་མཁན་གྱི་བསམ་འཆར་ལ་ཉན་པ་བཅས་བྱས་པ་རེད། ཞིབ་དཔྱོད་ལས་ཁུངས་ཀྱིས་ཞུ་གཏུག་བྱས་དོན། ཞུ་སྦྱོར་ཕྱི་མ་བ་ལིའུ་ཞིན་ཡུན་གྱིས་ཧྲན་ཏུང་ཞིང་ཆེན་ཙི་པོ་གྲོང་ཁྱེར་སྤྱི་བདེ་ཅུས་ཀྱི་ཅུས་ཀྲང་གཞོན་པའི་འགན་འཁུར་བ་དང་། ཧོ་ཙེ་གྲོང་ཁྱེར་གྱི་འགོ་འཛིན་གཞོན་པ་དང་། གྲོང་ཁྱེར་སྤྱི་བདེ་ཅུས་ཀྱི་འགོ་འཛིན། ཅི་ནན་གྲོང་ཁྱེར་སྤྱི་བདེ་ཅུས་ཀྱི་ཅུས་ཀྲང་། སྤྱི་བདེ་པུའུ་ཡི་དྲ་སྦྲེལ་བདེ་འཇགས་སྲུང་སྐྱོང་ཅུས་ཀྱི་འགོ་འཛིན། ཧྲན་ཞི་ཞིང་ཆེན་གྱི་འགོ་འཛིན་གཞོན་པ་དང་། ཞིང་ཆེན་སྤྱི་བདེ་ཐིང་གི་ཐིང་ཀྲང་སོགས་ལས་གནས་ཐོག་གི་སྟབས་བདེ་བེད་སྤྱད་ནས། མི་གཞན་ལ་ཁེ་ཕན་གཉེར་བ་དང་། དེ་བཞིན་རང་ཉིད་ཀྱི་འགན་དབང་དང་གོ་གནས་ལས་གྲུབ་པའི་སྟབས་བདེའི་ཆ་རྐྱེན་ལ་བརྟེན་ཞིང་། རྒྱལ་ཁབ་ཀྱི་ལས་དོན་མི་སྣའི་ལས་གནས་ཐོག་གི་བྱ་སྤྱོད་གཞན་དག་བརྒྱུད་དེ་མི་གཞན་ལ་ཚུལ་མིན་གྱི་ཁེ་ཕན་བསྒྲུབས་པ་དང་ཁྲིམས་འགལ་ངང་མི་གཞན་གྱི་རྒྱུ་ནོར་བླངས་ནས་གྲངས་འབོར་ཧ་ཅང་ཆེན་པོ་ཡིན་པས། ཁྲིམས་ལྟར་ལྐོག་རྔན་བླངས་པའི་ཉེས་པ་བསགས་པར་བརྩིས་ནས་དེའི་ཉེས་དོན་འགན་འཁྲི་བདའ་འདེད་གཏོང་དགོས། ཞུ་སྦྱོར་ཕྱི་མ་བ་ལིའུ་ཞིན་ཡུན་ཧྲན་ཞི་ཞིང་ཆེན་གྱི་ཞིང་ཆེན་གྱི་འགོ་འཛིན་གཞོན་པ་དང་ཞིང་ཆེན་སྤྱི་བདེ་ཐིང་གི་འགོ་འཛིན་གྱི་འགན་འཁུར་རིང་། འབྲེལ་ཡོད་བཅའ་ཁྲིམས་དང་ཁྲིམས་སྲོལ་དང་ལམ་ལུགས་ཀྱི་གཏན་འབེབས་ལས་འགལ་ཞིང་། ཆ་འཕྲིན་ཅན་གྱི་ལག་རྩལ་འཕེལ་རྒྱས་དང་རྣམ་གྲངས་འཛུགས་སྐྲུན་གྱི་ཆོས་ཉིད་ལས་འགལ་ཏེ་འབྲེལ་ཡོད་རྣམ་གྲངས་འཛུགས་སྐྲུན་བྱེད་པའི་བརྒྱུད་རིམ་ནང་འགན་དབང་གང་བྱུང་དུ་སྤྱད་ནས་སྤྱི་པའི་རྒྱུ་ནོར་དང་། རྒྱལ་ཁབ་དང་མི་དམངས་ཀྱི་ཁེ་ཕན་ལ་གྱོང་གུན་ཚབས་ཆེན་བཟོས་ཡོད། གནས་ཚུལ་ཧ་ཅང་ཚབས་ཆེན་ཡིན་པས་ཁྲིམས་ལྟར་འགན་དབང་གང་བྱུང་དུ་སྤྱད་པའི་བྱས་ཉེས་ཀྱི་ཉེས་དོན་འགན་འཁྲི་བདའ་འདེད་གཏོང་དགོས། ལིའུ་ཞིན་ཡུན་ལ་མི་གཅིག་གིས་བྱས་ཉེས་དུ་མ་བསགས་པར་ཁྲིམས་ལྟར་ཉེས་མང་བསགས་པའི་ཁྲིམས་ཐག་གཅོད་དགོས།
རྩོམ་སྒྲིག་པ། བདེ་སྒྲོལ།