ཀྲུང་གོའི་བོད་ལྗོངས་དྲ་བ། > ཁྲིམས་ལུགས། > ཚ་ཤོས།

མེང་ཡུང་ཧྲན་གཞུང་གཏུག་བྱས།

སྤེལ་དུས 2021-10-12 ཡོང་ཁུངས། མི་དམངས་དྲ་བ། རྩོམ་པ་པོ།
             མཚོ་སྔོན་ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་གི་དེ་སྔའི་ཏང་ཙུའི་ཧྲུའུ་ཅི། ཞིབ་དཔྱོད་དཔོན་མེང་ཡུང་ཧྲན་ལ་ལྐོག་རྔན་བླངས་པའི་དོགས་གཞི་ཡོད་པའི་གྱོད་གཞི་དེ། རྒྱལ་ཁབ་ལྟ་ཞིབ་ཨུ་ལྷན་གྱིས་བརྟག་དཔྱད་མཇུག་བསྒྲིལ་རྗེས་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གིས་དམིགས་འཛུགས་བྱས་པ་བརྒྱུད། ནང་སོག་རང་སྐྱོང་ལྗོངས་ཁྲེ་ཧྥང་གྲོང་ཁྱེར་མི་དམངས་ཞིབ་དཔྱོད་ཁང་གིས་ཞིབ་བཤེར་ཞུ་གཏུག་བརྒྱབ་པ་ཞིག་རེད། ཉེ་ཆར། ཁྲེ་ཧྥང་གྲོང་ཁྱེར་མི་དམངས་ཞིབ་དཔྱོད་ཁང་གིས་ཁྲེ་ཧྥང་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་ལ་གཞུང་གཏུག་བྱས་པ་རེད། 
             ཞིབ་དཔྱོད་ལས་ཁུངས་ཀྱིས་ཞིབ་བཤེར་ཁྲིམས་སྦྱོར་བྱེད་པའི་དུས་རིམ་ནང་། ཁྲིམས་ལྟར་ཞུ་སྦྱོར་ཕྱི་མ་མེང་ཡུང་ཧྲན་ལ་ཡོད་པའི་གཏུག་བཤེར་དབང་ཆ་གསལ་བཤད་བྱས་པ་མ་ཟད། ཞུ་སྦྱོར་ཕྱི་མ་བ་མེང་ཡུང་ཧྲན་ལ་འདྲི་རྩད་བྱས་པ། དག་འབུད་བྱེད་མཁན་གྱི་བསམ་འཆར་ལ་ཉན་པ་བཅས་བྱས་པ་རེད། ཞིབ་དཔྱོད་ལས་ཁུངས་ཀྱིས་ཞུ་གཏུག་བྱས་དོན། ཞུ་སྦྱོར་ཕྱི་མ་བ་མེང་ཡུང་ཧྲན་གྱིས་ཀོང་ཞི་ཀྲོང་རིགས་རང་སྐྱོང་ལྗོངས་ཆིན་ཀྲོའུ་གྲོང་ཁྱེར་མི་དམངས་ཞིབ་དཔྱོད་ཁང་གི་ཏང་ཙུའུ་ཧྲུའུ་ཅི་དང་ཞིབ་དཔྱོད་དཔོན། ཀོང་ཞི་ཀྲོང་རིགས་རང་སྐྱོང་ལྗོངས་མི་དམངས་ཞིབ་དཔྱོད་ཁང་ཏང་ཙུའུ་ཡི་ཁོངས་མི་དང་། ཞིབ་དཔྱོད་དཔོན་གཞོན་པ། ཀོང་ཞི་ཀྲོང་རིགས་རང་སྐྱོང་ལྗོངས་མི་དམངས་ཞིབ་དཔྱོད་ཁང་ཏང་ཙུའུ་ཡི་ཧྲུའུ་ཅི་གཞོན་པ་དང་ཞིབ་དཔྱོད་དཔོན་གཞོན་པ། མཚོ་སྔོན་ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་ཏང་ཙུའུ་ཡི་ཧྲུའུ་ཅི་དང་ཞིབ་དཔྱོད་དཔོན་སོགས་ལས་གནས་ཐོག་གི་སྟབས་བདེ་བེད་སྤྱད་ནས། མི་གཞན་ལ་ཁེ་ཕན་གཉེར་བ་དང་ཁྲིམས་འགལ་ངང་མི་གཞན་གྱི་རྒྱུ་དངོས་བླངས་ཤིང་གྲངས་འབོར་ཧ་ཅང་ཆེན་པོ་ཡིན་པས། ཁྲིམས་ལྟར་ལྐོག་རྔན་བླངས་པའི་ཉེས་པ་བསགས་པར་བརྩིས་ནས་དེའི་ཉེས་དོན་འགན་འཁྲི་བདའ་འདེད་གཏོང་དགོས།
རྩོམ་སྒྲིག་པ། བདེ་སྒྲོལ།