དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > ཁྲིམས་ལུགས། > གསར་ཤོས།

ཐུན་ཏེ་རྫོང་ཁྲིམས་འཛིན་ཅུའུ་ཡིས་འགྲིམ་འགྲིལ་དོན་རྐྱེན་གྱི་དམངས་དོན་སྐྱིན་ཚབ་གྱོད་གཞི་ཞིག་ལེགས་པར་བསྡུམ།

སྤེལ་དུས 2021-03-02 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ།
          ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན།  ཉེ་ལམ།  མཚོ་སྔོན་ཞིང་ཆེན་མཚོ་ལྷོ་ཁུལ་ཐུན་ཏེ་རྫོང་འགལ་རྩོད་ཕྱོགས་བསྡུས་མཉམ་སྒྲུབ་ཞབས་ཞུ་ལྟེ་གནས་ཀྱིས་ཁྲིམས་ལུགས་གཞི་རྩ་དང་དམངས་སྲོལ་ལ་ཟུར་ལྟ་བྱས་ནས་འགྲིམ་འགྲུལ་དོན་རྐྱེན་གྱི་དམངས་དོན་སྐྱིན་ཚབ་གྱོད་གཞི་ཞིག་ལེགས་པར་བསྡུམ་ནས། སྤྱི་ཚོགས་ཡོངས་སུ་ཁྲིམས་ལུགས་བརྩི་སྲུང་དང་ཁྲིམས་ལུགས་བེད་སྤྱོད།  ཁྲིམས་ལུགས་ལ་རྒྱུས་ལོན་བྱེད་པའི་དཔེ་གཞི་ཡག་པོ་བསྟན་པས་སྤྱི་ཚོགས་ཕན་འབྲས་ལེགས་པོ་ཞིག་ཐོབ།
          རྒྱུས་ལོན་བྱུང་བ་ལྟར་ན། 2020ལོའི་ཟླ2པའི་ཚེས22ཉིན། གནོད་འཚེ་ཐེབས་མཁན་འདས་པོ་ཝང་ཆེ་གེ་མོའི་ཉེ་མི་དང་དོན་རྐྱེན་བཟོ་མཁན་གྱི་ཁ་ལོ་བ་དངོས་ཆེ་གེ་མོ་སོགས་ཀྱིས་རང་འགུལ་ངང་དམངས་དོན་སྐྱིན་ཚབ་ཐད་ལ་གྲོས་བསྡུར་བྱས། འོན་ཀྱང་དོ་བདག་ཕྱོགས་གཉིས་ཀྱི་སྐྱིན་ཚབ་དངུལ་འབོར་གྱི་ཧེ་བག་ཆེ་བ་དང་། འདུམ་སྒྲིག་བྱེད་སྐབས་ཝང་ཆེ་གེ་མོའི་གཉེན་ཉེ་དག་ལ་ཉེ་མི་རྐྱེན་ལམ་དུ་ཤོར་བའི་སྡུག་བསྔལ་ལྕི་བ། དོན་རྐྱེན་བཟོ་མཁན་དངོས་ཆེ་གེ་མོའི་ཁྱིམ་གྱི་ཆ་རྐྱེན་ཞན་པས་སྐྱིན་ཚབ་འབོར་ཆེན་སྤྲོད་ནུས་མེད་པ་སོགས་ལ་རྐྱེན་བྱས་ཏེ། འདུམ་སྒྲིག་བྱེད་པར་དཀའ་ཁག་དང་འགོག་རྐྱེན་ཆེན་པོ་བྱུང་།

དོ་བདག་ཕྱོགས་གཉིས་ཀ་གཅིག་ཏུ་འཛོམས་ནས་འགལ་བ་འདུམ་འགྲིག་བྱེད་བཞིན་པ།
          སྐབས་དེར་ཕྱོགས་གཉིས་ཀས་ཐུན་ཏེ་རྫོང་རྫོང་འགྲིམ་འགྲིལ་ཉེན་རྟོག་རུ་ཁག་གིས་ངེད་ཐུན་ཏེ་རྫོང་འགལ་རྩོད་ཕྱོགས་བསྡུས་མཉམ་སྒྲུབ་ཞབས་ཞུ་ལྟེ་གནས་ལ་མངག་བཅོལ་བྱས་ནས་འདུམ་སྒྲིག་བྱེད་དགོས་པའི་རེ་བ་བཏོན། རེ་ཞུ་ཡི་གེ་འབྱོར་མ་ཐག་ཐུན་ཏེ་རྫོང་འགལ་རྩོད་ཕྱོགས་བསྡུས་མཉམ་སྒྲུབ་ཁང་གི་ལས་བྱེད་མི་སྣས་དུས་ལྟར་གནས་ཚུལ་ལ་ཁྱོན་ཡོངས་ནས་རྒྱུས་ལོན་བྱས་པ་དང་། དོན་རྐྱེན་གྱི་གནས་ཚུལ་དངོས་ལ་གཞིག་ནས་འདུམ་སྒྲིག་བྱེད་ཐབས་ཀྱི་ཇུས་གཞི་བཏོན་པར་མ་ཟད། འདུམ་སྒྲིག་པས་ཡང་བསྐྱར་འགྲིམ་འགྲིལ་དོན་རྐྱེན་གྱི་གནས་ཚུལ་ལ་རྒྱུས་ལོན་དང་ཞིབ་བསྡུར་བྱས་ལ། དོ་བདག་ཕྱོགས་གཉིས་ལ་ཁྲིམས་དང་གནས་ལུགས་རྐྱ་འཐབ་ནས་སློབ་གསོ་བཏང་བ་དང་། འདས་པོའི་ཁྱིམ་མི་ལ་སེམས་གསོ་བྱས་པ། གློ་བུར་ཏུ་བྱུང་བའི་དོན་རྐྱེན་ནི་སུས་ཀྱང་བསམ་བཞིན་དུ་བྱས་པ་མིན་པའི་གནས་ལུགས་ངོ་སྤྲད་པར་མ་ཟད། ཤི་བོའི་འགྲོ་ཆོས་དང་གསོན་པོའི་འདུག་ཆོས་སོགས་ངེས་པར་ས་གནས་ཡུལ་སྲོལ་དང་དོན་དངོས་གནས་ཚུལ་ལ་གཞིག་ནས་འོས་མཚམས་ཀྱིས་མཇལ་ན་བཟང་ཚུལ་གྱི་སློབ་གསོ་བཏང་། 
          ཉིན་གཉིས་ལྷག་གི་འབད་བརྩོན་བརྒྱུད་མཐར་ཕྱོགས་གཉིས་ཀས་ཕན་ཚུན་ལ་བཟོད་སྒོམ་དང་གུ་ཡངས་གནང་བའི་རྨང་གཞིའི་ཐོག་རང་འཐད་ཀྱིས་གཤམ་གྱི་དོན་ཚན་ལ་གྲོས་འཆམ་བྱུང
          གཅིག དངོས་ཆེ་གེ་མོས་འདས་ཚབ་དངུལ་དང་དགེ་སྒྲུབ་དུར་ལས་ཀྱི་གྲོན་དངུལ། གསོ་བྱའི་མིའི་འཚོ་བའི་ཁ་གསབ་སོགས་སྒོར་ཁྲི26གིས་ལག་ཐོག་གཅིག་ནས་གནོད་འཚེ་ཐེབས་མཁན་གྱི་ཁྱིམ་མི་ལ་སྐྱིན་ཚབ་བརྒྱབ།
          གཉིས། ཝང་ཆེ་གེ་མོའི་ཉེ་མི་དག་གིས་དངོས་ཆེ་གེ་མོའི་ནོར་འཁྲུལ་ཡོངས་རྫོགས་གུ་ཡངས་སུ་བཏང་ནས་ཁོའི་ཉེས་དོན་བདའ་འདེད་མི་བྱེད་པའི་རེ་བ་བཏོན།
          གསུམ། ད་གནས་བཟུང་ཕྱོགས་གཉིས་ཀའི་སུ་ཡིན་ཡང་དོན་དག་འདིའི་ཆེད་དུ་རྙོག་དྲ་དང་ཟིང་ཆ་མི་བཟོ་རྒྱུ་བཅསས་ལ་གྲོས་འཆམ་བྱུང་ཞིང་། ཐུན་ཏེ་རྫོང་འགལ་རྩོད་ཕྱོགས་བསྡུས་མཉམ་སྒྲུབ་ལྟེ་གནས་ཀྱིས་འདུམ་སྒྲིག་ཡི་གེ་བྲིས་ཤིང་། ཕྱོགས་གཉིས་ནས་མིང་རྟགས་བཀོད་པར་མ་ཟད་ཆོད་དོན་ཐ་དག་དེ་མ་ཐག་ལག་བསྟར་དོན་འཁྱོལ་བྱུང་ནས་འགྲིམ་འགྲིལ་དོན་རྐྱེན་གྱི་འགལ་བ་ཞིག་ལེགས་པར་བསྡུམ་ཐུབ་བྱུང་། 

དོ་བདག་ཕྱོགས་གཉིས་དང་སྡེ་དམངས་ཨུ་ཡོན་ལྷན་ཁང་གིས་འདུམ་འགྲིག་པར་དར་བྱང་ཕུལ།
          དེ་མུར་དོ་བདག་ཕྱོགས་གཉིས་དང་སྡེ་དམངས་ཨུ་ཡོན་ལྷན་ཁང་གིས་ཐུན་ཏེ་རྫོང་འགལ་རྩོད་ཕྱོགས་བསྡུས་མཉམ་སྒྲུབ་ལྟེ་གནས་ཀྱི་འདུམ་སྒྲིག་པས་ནུས་པ་ཡོད་དགུས་འདུམ་སྒྲིག་བྱས་པར་ལྷག་བསམ་ཟོལ་མེད་ཀྱིས་བཀའ་དྲིན་ཞུ་ཆེད “ཁྲིམས་འཛིན་དྲང་གཞག་བདེན་དོན་གསལ། ཤ་ཚའི་ཚིག་ལ་དམངས་སེམས་ཐོབ།”ཞེས་པ་དང“དམངས་ཀྱི་དཀའ་སྡུག་སེལ། སེམས་པ་དམངས་ལ་མཐུད”ཞེས་པའི་དར་བྱང་གཉིས་ཆེད་དུ་བྱིན།
          ཐེངས་འདིར་འདུམ་འགྲིག་བྱེད་མཁན་རྡོ་རྗེ་ཚེ་རིང་གིས“ཐེངས་འདིའི་འདུམ་སྒྲིག་བརྒྱུད་ནས་སྤྱི་ཚོགས་ཡོངས་ལ་འགྲིམ་འགྲིལ་བདེ་འཇགས་ཐད་ཀྱི་ཁྲིམས་ལུགས་ཤེས་བྱ་དེ་དུས་ཚིགས་རེ་རེ་བཞིན་དྲིལ་སྒྲོག་བྱེད་པའི་ཁྲིམས་ཀྱི་ནང་དོན་གལ་ཆེན་ཞིག་ཏུ་འཇོག་དགོས་པའི་ངེས་ཟིན་ཐོབ་ལ། དམངས་ཀྱི་འགྲིམ་འགྲིལ་བདེ་འཇགས་འདུ་ཤེས་སྲ་བརྟན་ཏུ་གཏོང་དགོས་པར་མ་ཟད། འགལ་བའི་འདིའི་རིགས་ཤེས་པ་སྔ་ཞིང་འདུམ་པ་མྱུར་ན་ད་གཟོད་འགལ་བ་ཆུང་ས་ནས་ཐག་གཅོད་བྱེད་ཐུབ་པ་དང་། དོན་དག་ཆེ་རུ་འགྲོ་བར་སྔོན་འགོག་བྱས་ནས་གཞི་རིམ་སྤྱི་ཚོགས་བཅོས་སྐྱོང་ལ་ནུས་པ་འདོན་ཐུབ་པ་དང་། ཞུ་གཏུག་མིན་པའི་འདུམ་སྒྲིག་བྱ་བ་གོང་ནས་གོང་དུ་འཕེལ་བར་ཡང་ནུས་པ་འདོན་ཐུབ”ཅེས་གསུངས།  
གསར་འགོད་པ། རིག་གྲོལ།